ཧོང་ཀོང་གི་མང་གཙོའི་ལས་འགུལ་བ་ Joshua Wong ལགས་གཙོས་ Agnes Chow དང་ Ivan Lam བཅས་གསུམ་པོར་ཕྱི་ལོ་ ༢༠༡༩ ལོའི་ཧོང་ཀོང་གི་ཞི་རྒོལ་དང་འབྲེལ་བདུན་ཕྲག་རྗེས་མར་ཁྲིམས་ཐག་གཅོད་རྒྱུ་རེད་འདུག 
ཁ་སང་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བར་གཞིགས་ན་ཧོང་ཀོང་གི་མང་གཙོའི་ལས་འགུལ་བ་ Joshua Wong ལགས་གཙོས་ Agnes Chow དང་ Ivan Lam བཅས་གསུམ་པོར་ཧོང་ཀོང་སྲིད་གཞུང་གིས་འདས་ལོའི་ཟླ་ ༦ ག་པའི་ནང་ Wan Chai ས་གནས་སུ་ཡོད་པའི་ཧོང་ཀོང་ཉེན་རྟོག་སྤྱི་ཁྱབ་ལས་ཁུངས་ཡོངས་མཐའ་སྐོར་ནས་མང་ཚོགས་ཕོན་ཆེ་སྐོང་ཚོགས་ཀྱིས་ཞི་རྒོལ་གནང་བ་དང་འབྲེལ་བའི་ཉེས་མིང་བཙུགས་ཡོད་པ་དང་། ཁ་སང་རེས་གཟའ་ཟླ་བའི་ཉིན་ West Kowloon ཁྲིམས་ཁང་དུ་ཞི་རྒོལ་དང་འབྲེལ་གྱོད་ཞིབ་སྐབས་ལས་འགུལ་བ་རྣམ་པས་ནག་ཉེས་ངོས་ལེན་གནང་གནང་བ་མ་ཟད།གལ་ཏེ་ཁྲིམས་ཐག་གཅོད་ཚེ་ལོ་ལྔའི་བཙོན་འཇུག་ཁྲིམས་ཉེས་ཕོག་སྲིད་པར་བཀོད་འདུག
དེ་དོན་ Joshua Wong ལགས་ཀྱིས་གསར་འགོད་པར་སྲིད་གཞུང་ནས་རང་ཉིད་མུ་མཐུད་བཙོན་ནང་བསྡད་པར་འདོད་བློ་ཡོད་ཀྱང་། ང་ཚོ་ལས་འགུལ་བ་ཚོའི་སེམས་ཤུགས་དེ་བཙོན་རར་བཅུག་པ་དང་དེ་བཞིན་འོས་བསྡུའི་ནང་མཉམ་ཞུགས་གནང་མི་བཅུག་པ་བཟོ་རྒྱུ། ལྷག་དོན་སྲིད་གཞུང་གིས་སྟོབས་ཤུགས་ཇི་ལྟར་སྤྱོད་ང་ཚོར་འགོག་རྐྱེན་བཟོ་ཐུབ་ཀྱི་མ་རེད་ཅེས་གསུངས་འདུག ཆབས་ཅིག་ཏུ་འདས་པའི་བདུན་ཕྲག་ནང་སྲིད་གཞུང་གིས་ལས་འགུལ་བ་ ༢༣ དང་གསར་འགོད་པ་སོགས་འཛིན་བཟུང་བྱས་ཡོད་སྟབས་ད་རེས་ཁོང་ལ་འཕྲལ་མར་བཙོན་འཇུག་གནང་ཡང་དེར་ཡ་མཚན་གང་ཡང་མེད། ང་ཚོས་རང་དབང་ཆེད་དུ་མུ་མཐུད་འཐབ་རྩོད་གནང་རྒྱུ་དང་རྒྱ་གཞུང་ལ་ནམ་ཡང་མགོ་སྒུར་རྒྱུ་མིན་ཞེས་གསུངས་ཡོད། དེ་བཞིན་མང་གཙོའི་ལས་འགུལ་བ་ Agnes Chow ལགས་ཀྱིས་རང་ཉིད་ལ་ཁྲིམས་ཐག་གཅོད་ཚེ་དེ་ནི་ཆེས་ཐོག་མ་མིན་སྟབས་བསམ་བློར་གྲ་སྒྲིག་ཡོད་ཀྱང་འཇིགས་སྣང་ཏོག་ཙམ་ཡོང་གི་འདུག་ཅེས་གསུངས་འདུག
གཞི་རྩའི་ཧོང་ཀོང་ནང་འདས་ལོའི་ཟླ་ངོ་བདུན་ཙམ་གྱི་རིང་མང་ཚོགས་ཀྱིས་ཧོང་ཀོང་གི་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་དང་འབྲེལ་གཞི་རྒྱ་ཆེ་བའི་ལས་འགུལ་བསྟུད་མར་སྤེལ་ཡོད་པ་དང་ལས་འགུལ་དེའི་ཁྲོད་ཉེན་རྟོག་པ་དང་ལས་འགུལ་བའི་དབར་རྩོད་རྙོག་ཡང་མི་ཉུང་བ་ཞིག་བྱུང་ཡོད་པ་རེད། ད་ལན་ལས་འགུལ་བ་གསུམ་པོར་ཞི་རྒོལ་དང་འབྲེལ་ཆོག་མཆན་མེད་པར་མང་ཚོགས་སྐོང་ཚོགས་དང་སྲིད་གཞུང་ལ་ངོ་རྒོལ་གནང་སླད་གཞན་ལ་བརྒྱུད་སྐུལ་གནང་བའི་ཉེས་མིང་བཙུགས་ཡོད།
རྒྱ་གཞུང་གིས་ཧོང་ཀོང་ནང་རིམས་པས་དམ་དྲག་ཇེ་ཆེར་སླད་འདི་ལོར་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གསར་པ་ཞེས་པ་ཞིག་གཏན་འབེབས་བྱས་ཡོད་པ་དང་། འདས་པའི་དུས་ཡུན་ནང་ཁྲིམས་དེའི་འོག་ལས་འགུལ་བ་དང་གསར་འགོད་པ་སོགས་འཛིན་བཟུང་བྱས་ཡོད་པ་རེད། ལྷག་དོན་ཧོང་ཀོང་ནང་རྒྱ་གཞུང་གི་ཤུགས་རྐྱེན་ཇེ་ཆེར་འགྲོ་བཞིན་པའི་ཁྲོད་ལས་འགུལ་བ་ཁག་ཅིག་ཕྱི་ཕྱོགས་རང་དབང་གི་རྒྱལ་ཁབ་ཏུ་སྐྱབས་བཅོལ་ཞུས་ཡོད་པར་མ་ཟད། དེའི་ཁྲོད་འདི་ལོའི་ཟླ་བ་ ༨ པའི་ནང་ཧོང་ཀོང་གི་ལས་འགུལ་བ་བཅུ་གཉིས་ཐེ་ཝན་དུ་བྲོས་ཐབས་གནང་སྐབས་རྒྱ་ནག་གི་མཚོ་དམག་གིས་འཛིན་བཟུང་འོག་རྒྱ་ནག་སྐམ་ས་ཆེན་པོར་བཀག་བསྐྱིལ་བྱས་ཡོད་པ་རེད།
ད་རེས་ཧོང་ཀོང་གི་མང་གཙོའི་ལས་འགུལ་བ་ Joshua Wong ལགས་གཙོས་པའི་ཁོང་གི་ཕྱག་རོགས་ལས་འགུལ་བ་འཛིན་བཟུང་སྐབས་ཁོང་གིས་ད་རེས་ང་ཚོ་ལས་འགུལ་བ་གསུམ་འཛིན་བཟུང་བྱས་པ་ལས་ལྷག་མང་ཚོགས་ཀྱིས་རྒྱ་ནག་སྐམ་ས་ཆེན་པོར་འཛིན་བཟུང་བཀག་ཉར་བྱས་པའི་ཧོང་ཀོང་གི་ལས་འགུལ་བ་བཅུ་གཉིས་ཀྱི་གནད་དོན་ལ་ཐུགས་སྣང་གནང་དགོས་ཞེས་གསུངས་འདུག
ཧོང་ཀོང་གི་མང་གཙོའི་ལས་འགུལ་བ་ཁག་ཅིག་ལ་ཁྲིམས་ཆད་ཕོག་ཉེན།
Tibetan News Headlines
- Kelsang Tharchin Reaches Dharamshala After Long Walk to Raise Awareness of Tibetan Language Preservation
- China Launches New Reception Centre for Overseas Tibetans in Qinghai
- NYNJ RTYC Stages 26th ‘10th Day’ Protest Outside Chinese Embassy
- CTA Says China’s ‘Tell China’s Story Well’ Campaign Has Become ‘Tell China’s Lies Well’
- UK Lawmakers Raise Concerns over Chinese Espionage Targeting Parliament
- Nepal seeks stronger global action to address climate change impact on Himalayas at COP31
- India Hits Back at Chinese Vloggers Over Alleged Anti-India Disinformation Campaign in Dhaka
ཪེས་གཟའ་ལྷག་པ། ༢༠༢༦།༡༡།༡༡
- ཀ་ཁ་ག་ང་རྣམ་པར་རྒྱལ་གྱུར་ཅིག་ཅེས་པའི་ལ་དགས་ནས་རྡ་རམ་ས་ལ་བར་གྱི་གོམ་བགྲོད་ལས་འགུལ་མཇུག་སྒྲིལ།
- ཟི་ལིང་གྲོང་ཁྱེར་དུ་མཚོ་སྔོན་ཞིང་ཆེན་རྒྱལ་ཕྱིའི་བོད་རིགས་སྤུན་ཟླའི་སྣེ་ལེན་ས་ཚིགས་ཟེར་བ་ཞིག་སྒོ་འབྱེད་བྱས་འདུག
- ནིའུ་ཡོག་རྒྱ་ནག་གཞུང་ཚབ་མདུན་དུ་ཚེས་བཅུའི་ལས་འགུལ་སྤེལ་འདུག
- རྒྱ་ནག་གི་ལོ་རྒྱུས་ཡག་པོ་ཤོད་དགོས་ཞེས་པ་དེ། དོན་དངོས་སུ་རྒྱ་ནག་གི་རྫུན་གཏམ་ཡག་པོ་བཤད་དགོས་པའི་གོ་དོན་ཡིན་པ་ཐེར་འདོན།
- རྒྱ་ནག་གི་གསང་མྱུལ་གྱི་བྱ་སྤྱོད་ཐད་དབྱིན་ཡུལ་གྲོས་ཚོགས་འཐུས་མི་རྣམས་ནས་སེམས་འཚབ་ཀྱི་རྣམ་པ་མངོན་གསལ།
- ཧི་མ་ལ་ཡའི་རི་རྒྱུད་ཀྱི་གནམ་གཤིས་འགྱུར་ལྡོག་གི་གནད་དོན་ལ་འགན་འཁུར་དགོས་གལ་ཡིན་པ་གསུངས་འདུག
- རྒྱ་མི་བརྙན་ཐུང་བཟོ་མཁན་ཁག་ཅིག་གིས་རྒྱ་གར་ལ་དམའ་འབེབས་བཏང་བར་རྒྱ་གར་གཞུང་གིས་སྐྱོན་བརྗོད་ལན་འདེབས།




