Tibetan Royal Year of 2151 | Year of the Wood Dragon

རྒྱ་གཞུང་གི་དྲག་པོའི་སྲིད་བྱུས་དང་འགྲོ་བ་མིའི་ཐོབ་ཐང་སྐོར་བགྲོ་གླེང་།

Tibetan News Headlines

  • ༸གོང་ས་མཆོག་གིས་ཧིན་དྷུའི་བླ་ཆེན་དགོངས་པ་རྗོགས་པར་ཐུགས་གསོའི་གསུང་འཕྲིན་སྩལ་འདུག
  • མགོན་པོ་སྐྱིད་ལགས་ཀྱིས་ཉེན་རྟོག་པས་ཁོང་ལ་སྡུག་སྦྱོང་བཏང་བའི་སྐོར་ཁྲིམས་ཁང་ལ་ཞུ་གཏུག་བྱས་འདུག
  • དྭང་བླངས་དཔྱ་དངུལ་ལག་དེབ་ཆག་ཡང་དང་འབུལ་ཚེའི་དུས་བཀག་ཕར་འགྱང་གནང་སོང་།
  • ནང་སྲིད་ལས་ཁུངས་དང་སྦྲགས་ལྷན་ཁང་ཁག་གི་སྔོན་རྩིས་གཏན་འབེབས་དང་བགྲོ་གླེང་ལས་རིམ་གྲུབ་སོང་།
  • ཁྲིམས་ཞིབ་པའི་འོས་ཆོས་ལྡན་པའི་མི་འགྲོ་འཚོལ་རྒྱུ་ཁག་པོ་མ་གཏོགས་གཞན་དཀའ་ངལ་མེད་པ་གསུངས་སོང་།
  • དབྱིན་ཡུལ་གྱི་གྲོང་སྡེ་གཉིས་ལ་ Hikvision བརྙན་མིག་སྤྱོད་རྒྱུ་མཚམས་འཇོག་དགོས་པའི་ཞུ་སྐུལ་གནང་འདུག

Thursday 28/03/2024

  • Dalai Lama expresses ‘sadness’ and offers ‘condolences’ on the passing away of Swami Smaranananda Maharaj
  • Gonmo Kyi sues China’s police over ‘repressive censorship and vigilant supervision’
  • Parliament extends Chatrel exemption period by six months
  • House discusses budget allocation for DoH for the fiscal year 2024-25
  • MPs express concern over challenges in finding nominees for Justice Commissioners
  • Review into Harborough and Lutterworth CCTV cameras after concerns made by company with links to Chinese government Now

ཟླ་བ་འདིའི་ཚེས་ ༡༨ ཉིན་ཉི་ཧོང་གི་རྒྱལ་ས་ Tokyo ནང་རྟེན་གཞིར་བྱས་པའི་ཉི་ཧོང་གྲོས་ཚོགས་སུ་ The Asian Solidarity Council for Democracy and Freedom ཞེས་ཨེ་ཤ་ཡའི་ཁུལ་གྱི་མང་གཙོ་དང་རང་དབང་ཆིག་སྒྲིལ་ཚོགས་པའི་གོ་སྒྲིག་འོག་གྲོས་ཚོགས་འཐུས་མི་ཁག་ཅིག་གི་དབུས་ཕྱི་ནང་སྐུ་མགྲོན་ ༦༠ མཉམ་ཞུགས་གནང་སྟེ་རྒྱ་ནག་གཞུང་གི་དྲག་པོའི་སྲིད་བྱུས་དང་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་སྐོར་བགྲོ་གླེང་གནང་འདུགསྐབས་དེར་ཚོགས་འདུའི་གཙོ་སྐྱོང་བ་ Hideaki KASE ལགས་ཀྱིས་རྒྱ་ནག་གཞུང་གིས་འཇིགས་སྐུལ་བྱེད་བཞིན་པར་མཉམ་རུབ་ཀྱིས་གདོང་ལེན་ཤུགས་ཆེ་གནང་དགོས་པ་དང་ཨ་རིའི་སྲིད་འཛིན་གསར་པ་ Joe Biden ལགས་ཀྱིས་མ་འོངས་པར་རྒྱ་ནག་གཞུང་དང་བསྟུན་མཁས་ཀྱི་སྲིད་བྱུས་འཛིན་སྲིད་པར་ཐུགས་འཚབ་ཆེན་པོ་ཡོད་སྐོར་འགྲེལ་བརྗོད་གནང་འདུགམང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ Shigeharu AOYAMA ལགས་ཀྱིས་རྒྱ་ནག་གི་ཆེས་གདུག་རྩུབ་ཀྱི་སྲིད་བྱུས་དང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་ཐད་ཆབ་སྲིད་མི་སྣ་ མང་པོས་དོ་སྣང་གནང་གི་ཡོད་པར་མ་ཟད། གྲོས་ཚོགས་འཐུས་མི་འཕར་མ་ ༦༠ ཙམ་གྱིས་རྒྱ་ནག་གཞུང་ལ་གདོང་ལེན་ཆེད་ཆེད་འཛུགས་གནང་བའི་ཉི་ཧོང་གྲོས་ཚོགས་ཀྱི་ཚོགས་ཆུང་དེར་གྲོས་ཚོགས་འཐུས་མི་འཕར་མ་ ༦༠ ཙམ་མཉམ་ཞུགས་གནང་རྒྱུའི་ཐུགས་འདོད་ཡོད་པ་གསུངས་འདུགད་དུང་གྲོས་ཚོགས་འཐུས་མི་ Akiko KAMEI ལགས་ཀྱིས་རྒྱ་ནག་གཞུང་གིས་ཁྲིམས་འགལ་གྱིས་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་གི་ཡོད་པའི་གནད་དོན་ཁག་ཐེར་འདོན་དང་འབྲེལ། ཁོང་གིས་ཉི་ཧོང་གྲོས་ཚོགས་སུ་ Global Magnitsky Act ལྟ་བུའི་ཁྲིམས་གཞི་གཏན་འབེབས་བརྒྱུད་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་མཁན་རྒྱ་གཞུང་གི་འགོ་ཁྲིད་ཚོ་དང་དབང་ཆ་གཅིག་བསྡུས་རིང་ལུགས་ཀྱི་གཞུང་གཞན་ཚོའི་འགོ་ཁྲིད་ལ་སྲིད་དོན་ཉེས་ཆད་འགེལ་ཐབས་བྱེད་བཞིན་ཡོད་སྐོར་གསུངས་འདུགརྒྱ་གཞུང་དང་ལྟ་སྤྱོད་མི་མཐུན་མཁན་དང་ཉི་ཧོང་དང་རྒྱ་ནག་དབར་གྱི་འབྲེལ་ལམ་ཐད་དཔྱད་ཞིབ་པ་དང་རྩོམ་པ་པོ་སྐུ་ཞབས་ Hei SEKI ལགས་ཀྱིས་རྒྱ་ནག་དམར་ཤོག་ཚོགས་པར་སྐྱོན་བརྗོད་དང་འབྲེལ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ནི་ Hitler དང་ Nazi ལས་ཀྱང་ཆེས་འཇིགས་སྣང་ཆེ་བ་དང་། ཉེ་བའི་ཆར་རྒྱ་ནག་གཞུང་གིས་འཕགས་བོད་ས་མཚམས་སུ་གདོང་ཐུག་གི་བྱ་སྤྱོད་སྤེལ་བ་དང་ལྷོ་རྒྱ་ནག་རྒྱ་མཚོའི་གནད་དོན་དང་འབྲེལ་ཏེ་རྒྱ་ནག་གཞུང་དེ་དཔལ་འབྱོར་དང་དམག་དོན་ཐོག་ནས་སྟོབས་ཤུགས་ཆེ་རུ་འགྲོ་ཡོད་པ་སྙམ་ཡང་། རྒྱ་ནག་དེ་གནད་དོན་མང་ཅིག་གི་ཐོག་གདོང་ལེན་བྱ་དགོས་པའི་དཀའ་ངལ་འཕྲད་བཞིན་ཡོད་པ་དང་། ཉི་ཧོང་གིས་ཀྱང་གྲངས་ཉུང་མི་རིགས་ཀྱི་མངོན་འདོད་གཙོས་མི་རིགས་དེ་དག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ལ་ཐུགས་སྣང་གནང་དགོས་པར་བརྗོད་འདུགགཞི་རྩའི་ཨེ་ཤ་ཡའི་ཁུལ་གྱི་མང་གཙོ་དང་རང་དབང་ཆིག་སྒྲིལ་ཚོགས་པས་གོ་སྒྲིག་གནང་བའི་བགྲོ་གླེང་གི་ཚོགས་འདུ་ཐོག་བོད་དང་ཡུ་གུར། སོག་པོ། ཐེ་ཝན། ཧོང་ཀོང་སོགས་ཀྱི་སྐུ་ཚབ་མི་སྣ་ཁག་ཅིག་མཉམ་ཞུགས་ཀྱིས་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་ཕྱོགས་དང་རྒྱ་གཞུང་གི་དྲག་པོའི་སྲིད་བྱུས་ཐོག་གཏམ་བཤད་གནང་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།