Tibetan Royal Year of 2151 | Year of the Wood Dragon

ལོ་རྗེས་མ་ནས་རྒྱ་གར་གྱིས་ནང་དོན་རིག་པའི་སློབ་གཉེར་གྱི་ཚོགས་འདུ་སྐོང་འཆར།

Tibetan News Headlines

  • US religious freedom watchdog warns of sinicization and assimilation of Tibetan religious and cultural identities
  • US sanctions 31 China-based companies over Russia
  • Xi Jinping to meet French President Macron and EU Chief in Paris next week
  • CTA begins house allocation programmes for Tibetans not facilitated in the refugee settlements
  • Dharamshala hosts conference on promotion and preservation of Tibetan language

རེས་གཟའ་ཕུར་བུ། ༢༠༢༤།༠༥།༠༢

  • རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་ལ་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་མངོན་གསལ་གནང་འདུག
  • ཨ་རིའི་གཞུང་གིས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ ༣༡ ལ་སྲིད་དོན་ཉེས་ཆད་བཀལ་བ།
  • ཞི་ཅིང་ཕིང་གིས་ཕ་རན་སིའི་སྲིད་འཛིན་དང་ཡོ་རོབ་མཐུན་ཚོགས་ཀྱི་གཙོ་འཛིན་ཐུག་འཕྲད་བྱ་འཆར།
  • བོད་མི་སྡོད་ཁང་མེད་པ་རྣམས་ལ་རུབ་སྡོད་གཞིས་སྒར་ནང་སྡོད་ཁང་བགོས་འགྲེམས་ཀྱི་ལས་གཞི་དངོས་སུ་དབུ་འཛུགས།
  • བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་དར་འཕེལ་སྐོར་བགྲོ་གླེང་དབུ་འཛུགས།

དེ་རིང་རྒྱ་གར་གྱི་གསར་ལམ་དུ་གནས་ཚུལ་ཐོན་པ་ལྟར་ན། ལོ་རྗེས་མ་ནས་བཟུང་། རྒྱ་གར་གྱི་རིག་གཞུང་ལྷན་ཁང་གིས་ལོ་རྟག་པར་རྒྱལ་སྤྱིའི་ཁྲོད་ཀྱི་ནང་པའི་ཀྱི་མཁས་དབང་ཁག་གནད་འདྲེན་གྱིས་ནང་དོན་རིག་པར་སློབ་གཉེར་དང་འབྲེལ་བའི་ལས་འཆར་ཞིག་སྤེལ་རྒྱུ་ཡིན་པར་བསྒྲགས་འདུགརིག་གཞུང་ལྷན་ཁང་གི་གཙོ་འཛིན་སྐུ་ཞབས་་ Vinay Sahasrabuddhe ལགས་ཀྱིས་གསར་ཁང་ལ་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན།  རྒྱ་གར་གྱི་ཁུལ་དུ་ནང་དོན་རིག་པར་སློབ་གཉེར་གྱི་གཙུག་ལག་སློབ་ཁང་ཡང་མང་དུ་ཡོད་པར་ལུང་འདྲེན་གྱིས། ད་ཆ་རྒྱ་གར་གྱིས་རྒྱལ་སྤྱིའི་ནང་པའི་མཁས་དབང་ཁག་གདན་ཞུ་བྱས་ཏེ་ནང་དོན་རིག་པར་སློབ་གཉེར་གྱི་ཐད་ནས་ཚོགས་འདུ་སྐོང་དགོས་བ་ནི་དུས་ལ་བབ་པའི་གནད་དོན་ཞིག་ཡིན་པར་བརྗོད་འདུག

ཁོང་གིས་ད་དུང་། ལོ་རྗེས་མ་ནས་བཟུང་། མ་དངུལ་གཏན་འབེབས་ཀྱིས། ཕྱི་ལོག་གི་ནང་པའི་མཁས་དབང་ཁག་གདན་ཞུས་ཀྱིས་ནང་ཆོས་སློབ་གཉེར་དང་འབྲེལ་བའི་གྲོས་བསྡུར་རིམ་པ་གནང་རྒྱུ་ཡིན་པ་མ་ཟད། ཕྱི་ལོག་གི་ནང་པའི་མཁས་དབང་ཁག་ལ་ཆེ་བསྟོད་ཞུ་རྒྱུ་ཡིན་པར་གསུངས་འདུག

གསར་ཁང་གིས་གནས་ཚུལ་སྤེལ་བའི་ནང་། འདི་ལོའི་ལོ་འགོར། རྒྱ་གར་གྱིས་མ་དངུལ་ཨ་སྒོར་ས་ཡ་བཅོ་ལྔ་ཙམ་ཤིརི་ལང་ཀར་སྤྲད་དེ། རྒྱལ་ཁབ་ཕྱོགས་གཉིས་ཀྱི་ནང་པའི་བར་ལ་འབྲེལ་བ་ཡོངས་ཐབས་དང་། དེ་བཞིན་མ་དངུལ་དེ་བརྒྱུད་ནས་རྒྱ་གར་རྒྱ་མཚོ་ཆེན་མོའི་ཉེ་འཁྲིས་ཀྱི་རྒྱལ་ཁོངས་སུ་ཆགས་པའི་ནང་པའི་རིག་གཞུང་གི་གནའ་ཤུལ་ལྟེ་གནས་ཁག་ལ་བསྐྱར་གསོ་དང་། དེ་བཞིན་རྒྱལ་ཁབ་ཕན་ཚུན་བར་དུ་ནང་པའི་གནའ་ཤུལ་འཛིན་སྐྱོང་གི་མཉམ་ལས་གནང་ཐབས། གཞན་ཡང་ནང་དོན་རིག་པར་སློབ་སྦྱོང་དང་ཆོས་བྱེད་མི་སྣར་མཐུན་སྦྱོར་སོགས་ཡོང་ཐབས་ལ་དམིགས་པ་ཞིག་ཡིན་སྐོར་སྤེལ་འདུག་

དེ་བཞིན་རྒྱ་གར་ལ་མཚོན་ན་ ASEAN ཞེས་པའི་ཨེ་ཤ་ཡིའི་ལྷོ་ཤར་གྱི་རྒྱལ་ཚོགས་དང་འབྲེལ་བ་དམ་ཟབ་ཡོད་པ་མ་ཟད།  ནང་པའི་ལྟེ་གནས་ཀྱི་མཚོན་པའི་རིག་གཞུང་གི་གནའ་ཤུལ་དང་འབྲེལ་བའི་ཐོག་ནས་ལྷོ་ཤར་ཨེ་ཤ་ཡིའི་ཁུལ་ནས་ཆོས་ལུགས་དང་འབྲེལ་བའི་ཡུལ་སྐོར་སྤྲོ་འཆམ་པ་མང་པོ་ནང་འདྲེན་བྱེད་རྒྱུར་དྲ་སྒྲིག་ཡོད་པ་དང་། དམིགས་བསལ་གྱི་བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་སྐུ་མྱ་ངལ་ལས་འདས་བའི་ཚུལ་བསྟན་པའི་ས་ཚུགས། རྩ་མཆོག་གྲོང་གི་གནམ་ཐང་དེ་རྒྱལ་སྤྱི་རང་བཞིན་གྱི་གནམ་ཐང་དུ་གསར་བཟོ་བྱས་ཡོད་པར་བསྒྲགས་འདུག
གཞི་རྩའི་རྒྱ་གར་གྱི་ནང་དུ་ཆོས་ལུགས་སྣ་མང་ཡོད་པའི་ཁྲོད་དུ། སྤྱི་ལོ་ ༢༠༡༡ ལོའི་རྒྱ་གར་གྱི་མི་འབོར་ཞིབ་བཤེར་ལ་བལྟས་བ་ཡིན་ན། རྒྱ་གར་གྱི་ནང་དུ་ནང་པ་ས་ཡ་༨ ཙམ་ཡོད་པ་ལས་ས་ཡ་དྲུག་ཙམ་རྒྱ་གར་གྱི་ནུབ་རྒྱུད་རྒྱུ་མངའ་སྡེ་Maharashtra ནང་དུ་ཡོད་པ་རེད།  རྒྱ་གར་གྱི་ནང་དུ་གནའ་སྔ་མོའི་དུས་ནས་རིགས་དབྱེ་ཡི་གྲལ་རིམ་འཐབ་རྩོད་ཤུགས་ཆེར་ཡོད་པར་བརྟེན། ལོ་རབས་ལྔ་བཅུའི་ཁྲོད།  རྒྱ་གར་གྱི་རྩ་ཁྲིམས་ཀྱི་རྨང་གཞི་རྩོམ་མཁན། མཁས་དབང་ཆེན་པོ་ Dr Ambedkar ལགས་རིགས་དབྱེ་ཡི་འཐབ་རྩོད་ལས་གྲོལ་ཆེད་ཁོང་ནང་པར་སྒྱུར་བར་བརྟེན་དུས་དེ་རིང་ཡང་ཁོང་གི་འཁྲུངས་གཞས་སུ་གྱུར་བའི་ས་ཁུལ་དུ་རྒྱ་གར་ནང་པ་མང་པོ་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།