Tibetan Royal Year of 2151 | Year of the Wood Dragon

བོད་མངའ་རི་པུ་རང་རྫོང་ཉེ་འདབས་སུ་ཆུ་མཛོད་གསར་རྒྱག་ཟིན་པ་མངོན་གསལ།

Tibetan News Headlines

  • Gongma Rinpoche at 80: An in-depth interview with Sakya Gongma Trichen Rinpoche uncovering his life journey and biography

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • དམིགས་བསལ་ལས་རིམ། ས་སྐྱ་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་༧སྐུ་ཚེའི་མཛད་རྣམ་སྙིང་བསྡུས།

རྒྱ་ནག་གིས་བོད་ཀྱི་ས་ཁུལ་ཁག་ཏུ་ཆུ་མཛོད་གསར་རྒྱག་གི་ལས་གཞི་མང་དག་ཅིག་གཉེར་བཞིན་ཡོད་པའི་ཁྲོད། ཉེ་ལམ་ཟུང་སྐར་བརྒྱུད་པར་རི་བླངས་པ་དེའི་ནང་བོད་ཀྱི་མངའ་རི་པུ་རང་རྫོང་གི་བྱང་ཕྱོགས་ནས་མཆེད་པའི་རྨ་བྱ་ཁ་འབབ་ཐོག་ཆུ་མཛོད་གསར་རྒྱག་གི་ལས་གཞི་ཡོངས་སུ་གྲུབ་ཡོད་པར་མངོན་གསལ་གནང་འདུག

ཁ་སྔོན་ Newsweek བརྒྱུད་ལམ་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཕྱི་ལོ་ ༢༠༢༡ ལོར་བོད་མངའ་རི་པུ་རང་རྫོང་གི་བྱང་ཕྱོགས་རྨ་བྱ་ཁ་འབབ་ཐོག་ཆུ་མཛོད་གསར་རྒྱག་གི་ལས་གཞི་འགོ་འཛུགས་བྱས་ཡོད་པ་མངོན་གསལ་དང་སྦྲགས། ཟླ་བ་འདིའི་ཕྱི་ཚེས་ ༡༨ ཉིན་ Sentinel-2 ཟུང་སྐར་བརྒྱུད་པར་རི་བླངས་པ་དེའི་ནང་ཆུ་མཛོད་ཀྱི་ལས་གཞི་དེ་ད་ཆ་ཡོངས་སུ་གྲུབ་ཡོད་པར་གསལ་བཏོན་གནང་ཡོད་ཅིང་། ལྷག་པར་ལས་གཞི་དེའི་བརྒྱུད་ཆུ་རྒྱུན་དེའི་གཤམ་འོག་ཏུ་གནས་པའི་བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་བལ་ཡུལ་དང་རྒྱ་གར་ཐོག་འཐབ་བྱུས་དང་འཐུང་ཆུ་བཅས་ཀྱི་དཀའ་ངལ་ཆེན་པོ་འཕྲད་སྲིད་པ་གསུངས་འདུག

ཆུ་མཛོད་དེ་བལ་ཡུལ་ནུབ་བྱང་ས་མཚམས་གྱི་ Hilsa གྲོང་སྡེ་ནས་ Mile མི་ལེ་ ༡༨ དང་། རྒྱ་གར་བྱང་ཕྱོགས་ས་མཚམས་ནས་མི་ལེ་ ༣༧ ཙམ་གྱི་སར་གནས་ཡོད་ཅིང་། ལྷག་པར་བལ་ཡུལ་ Hilsa གྲོང་སྡེ་ནང་གནས་སྡོད་ཡུལ་མི་ཁྱོན་ ༥༡༠༠༠ དང་། ཆུ་རྒྱུན་དེ་བལ་ཡུལ་གྱི་ནུབ་ཕྱོགས་ནས་རྒྱ་གར་དུ་མཆེད་ཀྱི་ཡོད་པར་བརྟེན། བལ་ཡུལ་ནུབ་ངོས་སུ་མི་མང་ཁྱོན་ས་ཡ་ ༤ ལྷག་གནས་སྡོད་བྱེད་ཀྱི་ཡོད་པ་མ་ཟད། དེ་བཞིན་རྒྱ་གར་བྱང་ཕྱོགས་ཀྱི་མི་མང་ས་ཡ་མང་པོའི་འཚོ་གནས་བཅས་ལ་དཀའ་ངལ་འཕྲད་སྲིད་པ་ཚོད་དཔག་གནང་གི་འདུག

འདི་ག་རླུང་འཕྲིན་ཁང་གིས་གནད་དོན་དེ་དང་འབྲེལ་ནས་རྒྱལ་སྤྱིའི་བོད་ཀྱི་འབྲེལ་མཐུད་ལས་ཁང་གི་ཁོར་ཡུག་ཉམས་ཞིབ་པ་འབུམ་རམས་པ་བློ་བཟང་དབྱངས་མཚོ་ལགས་སུ་བཀའ་འདྲི་ཞུས་སྐབས་ཁོང་གིས། ཆུ་མཛོད་ཀྱི་ལས་གཞི་དེ་དག་བརྒྱུད་ནས་བོད་གཙོས་པའི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཁོར་ཡུག་ལ་རྡོག་རོལ་ཤུགས་ཆེར་འགྲོ་བཞིན་ཡོད་པ་དང་། ལྷག་པར་ཧི་མ་ལ་ཡའི་རི་རྒྱུད་དེ་ས་བབ་ཆགས་ཚུལ་གྱི་ཐོག་ནས་ས་ཡོམ་མང་དག་བྱུང་གི་ཡོད་སྟབས། ཆུ་མཛོད་གསར་རྒྱག་བྱས་སའི་ཆུ་རྒྱུན་དེ་དག་དང་འབྲེལ་བའི་ས་གནས་ས་ཐོག་གི་མི་མང་རྣམས་ལ་དཀའ་ངལ་ཤུགས་ཆེར་འཕྲད་རྒྱུ་ཡིན་པ་མངོན་གསལ་ཙམ་མ་ཟད། རྒྱ་གར་དང་བལ་ཡུལ་སོགས་བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་རྣམས་ཀྱིས་རྒྱ་ནག་ལ་དེ་འབྲེལ་ཆུ་མཛོད་ཀྱི་ལས་གཞི་བཀག་སྡོམ་དགོས་པར་གནོན་ཤུགས་སྤྲོད་དགོས་གལ་ཡིན་པ་གསུངས་སོང་།

གནད་དོན་དེ་དང་འབྲེལ། ལྷག་པར་དུ་རྒྱ་ནག་ཤིན་ཧུཝ་གསར་ཤོག་ཐོག་སྤེལ་བའི་གནས་ཚུལ་ནང་། རྒྱ་གཞུང་གིས་སླར་ཡང་པུ་རང་ས་ཁུལ་དུ་ཕྱི་ལོ་ ༢༠༢༢ ཟླ་ ༡༢ པའི་ནང་ཆུ་མཛོད་གསར་རྒྱག་གི་ལས་གཞི་འགོ་འཛུགས་བྱས་ཡོད་པ་དང་འབྲེལ། ཆུ་མཛོད་ཀྱི་ནུས་ཤུགས་དེ་ Cubic Meter ས་ཡ་ ༤ ལྷག་ཡོད་པ་མ་ཟད། ལས་གཞི་དེ་ནི་ཞིང་ལས་ཆེད་དུ་བེད་སྤྱོད་བྱ་རྒྱུ་ཡིན་པ་སོགས་བཤད་ཡོད་པ་དེ་ལྟར་ཡང་། གནད་དོན་དབྱེ་ཞིབ་པ་ཁག་གཅིག་གིས་ལས་གཞི་དེའི་བརྒྱུད་རྨ་བྱ་ཁ་འབབ་ནས་བོད་སྟོད་རྒྱུད་ཆུ་བོའི་ཐོག་སྟངས་འཛིན་བྱེད་ཐུབ་ཀྱི་ཡོད་པ་ཉེན་བརྡ་བཏང་འདུག

མ་ཟད་གནད་དོན་དབྱེ་ཞིབ་པ་གཞན་ཁག་ཅིག་གིས་རྒྱ་ནག་གིས་བོད་ནང་ཆུ་མཛོད་གསར་རྒྱག་གི་ལས་གཞི་དེ་ལྷོ་ཤར་ཨེ་ཤི་ཡའི་ཁུལ་དུ་ཆུའི་ཆབ་སྲིད་དང་འབྲེལ་བ་ཆགས་ཀྱི་ཡོད་པ་དང་། དེ་བཞིན་རྒྱ་གར་ངོས་ནས་རྒྱ་ནག་གི་བྱ་སྤྱོད་དེས་ཕུགས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་སྲིད་པར་སེམས་ཁྲལ་བྱེད་བཞིན་ཡོད་པ་མ་ཟད། རྒྱ་ནག་གིས་ཁྱིམ་མཚེས་རྒྱལ་ཁབ་གཞན་དང་ལྷན་ཆུའི་ཐོག་གི་སྤྱོད་ཚུལ་ལ་ད་བར་རྒྱུས་ལོན་མ་བྱས་པར་ལུས་པ་དེ་ཤེས་རྟོགས་ཐུབ་དགོས་རྒྱུ་གནད་འགག་ཆེན་པོ་ཡིན་པ་སོགས་གསུངས་འདུག

རྩ་བའི་རྒྱ་གཞུང་གིས་དེ་སྔོན་རྒྱ་ནག་རྒྱལ་ཡོངས་ནང་ལོ་ལྔ་ཚན་གྱི་འཆར་གཞི་ཐེངས་བཅུ་བཞི་བ་སྟེ། ཕྱི་ལོ་ ༢༠༢༡ ནས་ ༢༠༢༥ བར་གྱི་ལས་འཆར་ཁོངས་སུ་བོད་ནང་ཆུ་མཛོད་གསར་རྒྱག་གི་ལས་གཞི་འགོ་འཛུགས་བྱས་ཡོད་པ་དང་། དེའི་ཁྲོད་རྨ་བྱ་ཁ་འབབ་དང་ཡར་ཀླུང་གཙང་པོའི་ཆུ་རྒྱུན་སོགས་སུ་ཆུ་མཛོད་ཆེ་གྲས་གསར་བ་ཞིག་རྒྱག་བཞིན་ཡོད་ཅིང་། ལྷག་པར་ཁྱིམ་མཚེས་རྒྱལ་ཁབ་རྣམས་ལ་ཆུ་མཛོད་དེ་དག་གི་གནས་ཚུལ་མཁོ་སྤྲོད་བྱས་ཀྱི་མེད་སྟབས། དེ་ནི་རྒྱལ་སྤྱིའི་ཁྲིམས་ལུགས་དང་བརྒལ་གྱི་ཡོད་པའི་གནས་སྟངས་ཤིག་ཆགས་ཀྱི་ཡོད་པ་རེད།

གཞི་རྩའི་ཕྱི་ལོ་ ༢༠༢༠ ལོར་རྒྱ་ནག་དམར་ཤོག་གཞུང་གི་ Power China ཞེས་པའི་ནུས་ཤུགས་ཆེད་འདོན་ཚོགས་པས་རྒྱ་ནག་གི་འབྱུང་འགྱུར་གྱི་ལོ་ལྔ་ཚན་བཅུ་བཞི་བའི་ལས་འཆར་ཁྲོད་བོད་རང་སྐྱོང་ལྗོངས་དང་མཉམ་ལས་བྱེད་རྒྱུའི་གན་ཡིག་ཅིག་ཀྱང་བཞག་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།