Tibetan Royal Year of 2151 | Year of the Wood Dragon

ཀ་ན་ཊ་ཀའི་སྤྱི་ཁྱབ་བློན་ཆེན་མཆོག་སྦེལ་ཀོབ་ལུགས་བསམ་བོད་མིའི་གཞིས་ཆགས་སུ་ཞོར་ཕེབས།

Tibetan News Headlines

  • Beijing’s goal is to turn young Tibetans Chinese : Sikyong Penpa Tsering
  • Tibetan rights group condemns China’s collective punishments of Tibetan human rights defenders’ families
  • Hungary and China sign strategic cooperation agreement during visit by Chinese President Xi
  • US Select Committee on CCP begins investigation into Georgia Tech’s partnership with China’s affiliate university
  • Diaspora feature: Yeshi Thaye, hairdresser in Odisha Phuntsokling Settlement

རེས་གཟའ་པ་སངས། ༢༠༢༤།༠༥། ༡༠

  • བོད་ཕྲུག་ཀྲུང་གོ་ཅན་དུ་བསྒྱུར་ཐབས་བྱ་རྒྱུ་ནི་རྒྱ་ནག་གི་དམིགས་ཡུལ་གཙོ་བོ་དེ་རེད་ཅེས་གསུངས་འདུག
  • རྒྱ་གཞུང་གིས་བོད་ནང་བོད་མི་ཚོར་མཉམ་བསྡུས་ཀྱི་ཉེས་ཆད་འཕྲལ་མར་མཚམས་འཇོག་དགོས་པ་གསུངས་སོང་།
  • རྒྱ་ནག་དང་ Hungary གཉིས་དབར་ཚོང་འབྲེལ་གོང་འཕེལ་གཏང་རྒྱུའི་གྲོས་མཐུན་བཞག་འདུག
  • Georgia Tech མཐོ་སློབ་དང་རྒྱ་དམག་དབར་འབྲེལ་བ་ཡོད་མེད་ཀྱི་ཞིབ་འཇུག་འགོ་འཛུགས།
  • བཙན་བྱོལ་བོད་མིའི་གནས་སྟངས་ངོ་སྤྲོད། ཨོ་རི་ས་ཕུན་ཚོགས་གླིང་དུ་གནས་སྡོད་སྐྲ་བཟོ་བ་ཡེ་ཤེས་མཐའ་ཡས།

དེ་རིང་རྒྱ་གར་ལྷོ་ཕྱོགས་ཀ་ན་ཊ་ཀ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གིས་དབུས་པའི་བློན་ཆེན་ཁག་ཅིག་སྦེལ་ཀོབ་ལུགས་བསམ་བོད་མིའི་གཞིས་ཆགས་སུ་ཞོར་ཕེབས་གནང་བ་དང་བསྟུན། ས་གནས་འགོ་འཛིན་མཆོག་གིས་བོད་མིའི་བདེ་དོན་དང་འབྲེལ་བའི་དོན་ཚན་གསུམ་ཅན་གྱི་ཞུ་སྙན་ཞིག་ཕུལ་འདུག

རྩ་བའི་ཀ་ན་ཊ་ཀའི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ Siddaramaiah མཆོག་དང་མངའ་སྡེའི་བློན་ཆེན་གཞོན་པ་སྐུ་ཞབས་ D.K Shivakumar མཆོག་གིས་དབུས་པའི་མངའ་སྡེའི་སོ་ནམ་ཞིང་ལས་ཀྱི་བློན་ཆེན་སོགས་གནད་ཡོད་མི་སྣ་ཁག་ཅིག་དེ་རིང་ཕྱི་ཚེས་ ༢༤ ཉིན་མའི་སོར་གྲོང་ཁྱེར་དང་བོད་མིའི་གཞིས་ཀྱི་ཉེ་འདབས་སུ་ཆགས་པའི་ཡུལ་མི་སོ་ནམ་ཞིང་ལས་གཉེར་མཁན་རྣམ་པར་ཞིང་ཆུའི་དཀའ་ངལ་སེལ་ཆེད་གཞི་རྒྱ་ཆེ་བའི་ལས་གཞི་ཁག་དབུ་འབྱེད་གནང་བར་ཕེབས་ཡོད་ཀྱང་། སྤྱི་ཁྱབ་བློན་ཆེན་མཆོག་གིས་ཐད་འཕུར་གནམ་གྲུའི་བབ་སའི་ས་ཚིགས་འདི་ཉིད་ལུགས་བསམ་བོད་མིའི་གཞིས་ཆགས་ནང་རྟེན་གཞི་བྱས་པའི་སམ་བྷོ་ཊ་སློབ་གྲྭའི་རྩེད་ཐང་དུ་ཁེལ་ཡོད་སྟབས། ས་གནས་དགོན་སྡེ་ཁག་དང་བོད་མི་རྒན་གཞོན་བར་གསུམ་ཚང་མས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད་པ་རེད།

གསར་འགོད་པས་སྦེལ་ཀོབ་ལུགས་བསམ་བོད་མིའི་གཞིས་ཆགས་ཀྱི་ས་གནས་འགོ་འཛིན་རྡོ་རྗེ་རིག་འཛིན་ལགས་སུ་བཀའ་འདྲི་ཞུས་སྐབས། ཁོང་གིས་དེ་རིང་མངའ་སྡེའི་བློན་ཆེན་མཆོག་གིས་དབུས་པའི་བློན་ཆེན་གཞན་རྣམས་གཙོ་བོ་ས་གནས་ཡུལ་མིའི་དཀའ་ངལ་ཁག་སེལ་ཆེད་ཕེབས་པ་ཞིག་ཡིན་སྟབས། གནད་ཡོད་མི་སྣ་དེ་དག་དངོས་སུ་མཇལ་ནས་གཞིས་ཆགས་ཀྱི་དཀའ་ངལ་ཁག་ཞུ་རྒྱུའི་གོ་སྐབས་ཁག་པོ་ཡིན་པ་དེ་ལྟར་ཡང་། དུས་སྐབས་དེ་དང་བསྟུན་ས་གནས་འགོ་འཛིན་རྣམ་གཉིས་ཀྱིས་བོད་མིའི་སོ་ནམ་ཞིང་ལས་དང་འབྲེལ་བའི་དཀའ་ངལ་ཁག་དང་། ལྷག་པར་བོད་མི་རྣམས་ལ་ས་ཆའི་བདག་དབང་མེད་སྟབས་སོ་ནམ་འདེབས་ལས་ཀྱི་ཁེ་ཕན་བླངས་ཕྱོགས་ཐོག་དམིགས་བསལ་གྱི་དགོངས་བཞེས་ཡོང་བའི་རེ་སྐུལ་ཐོག བོད་མིའི་གཞིས་ཆགས་འདི་བཞིན་ནགས་འདབས་སུ་གནས་ཡོད་པར་བརྟེན། གླང་ཆེན་གྱི་དཀའ་ངལ་ཆེན་པོ་ཡོད་པར་དེ་སྔོན་མངའ་སྡེའི་གཞུང་གིས་དེ་འབྲེལ་དཀའ་སེལ་མཐུན་འགྱུར་གནང་མུས་ལྟར་ཐབས་ལམ་གཞན་ཞིག་གནང་སྐྱོང་ཡོང་བ་མ་ཟད། མངའ་སྡེའི་གཞུང་གི་ངོས་ནས་གཞིས་ཆགས་སུ་རྒྱ་ལམ་བཟོ་བཅོས་ཀྱི་མཐུན་འགྱུར་གནང་གི་ཡོད་པ་བཞིན། རྒྱ་ལམ་ཁག་གཅིག་གི་དཀའ་ངལ་ད་དུང་འཕྲད་བཞིན་ཡོད་སྟབས་དེར་བཟོ་བཅོས་གནང་སྐྱོང་ཡོང་བ་བཅས་དོན་ཚན་གསུམ་ཅན་གྱི་ཞུ་སྙན་ཞིག་སྤྱི་ཁྱབ་བློན་ཆེན་མཆོག་དང་གནད་ཡོད་མི་སྣ་རྣམས་ལ་ཕུལ་ཡོད་པ་འགྲེལ་བརྗོད་གནང་སོང་།

མ་ཟད་ཕྱོགས་བཞུགས་སྤྱི་འཐུས་ཆོས་འཕེལ་ཐུབ་བསྟན་ལགས་ཀྱིས་ས་གནས་བོད་མིའི་ཚབ་ཞུས་ཏེ་མངའ་སྡེའི་གཞུང་གིས་ད་བར་བོད་མི་རྣམས་ལ་ཡུལ་མི་དང་གཅིག་མཚུངས་ཀྱི་གཟིགས་རྟོག་གང་ལེགས་གནང་བར་ཐུགས་རྗེ་ཆེ་ཞུ་དང་འབྲེལ། སླད་མར་རོགས་སྐྱོར་མུ་མཐུད་གནང་སྐྱོང་ཡོང་བའི་ཞུ་སྐུལ་ཡང་གནང་འདུག

འབྲེལ་ཡོད་གསར་གནས།

གསར་གནས།