Tibetan Royal Year of 2151 | Year of the Wood Dragon

ཐེངས་འདིའི་རྒྱ་ནག་གི་དུས་བཀག་བསྐྱར་ཞིབ་ཐོག་བོད་དོན་གླེང་སློང་གནང་མཁན་རྒྱལ་ཁབ་ ༢༠ བྱུང་འདུག

Tibetan News Headlines

  • བོད་ཀྱི་བེུད་། བལ་ཡུལ་ལྷ་མོ་ཚོགས་པའི་ཚོགས་མི་དང་གློག་བརྙན་འཁྲབ་སྟོན་པ་འཕྲིན་ལས་ལྷ་མོ་ལགས་དང་ལྷན་ཁོང་གི་སྒྱུ་སྩལ་གྱི་ལམ་བུའི་སྐོར་གླེང་མོལ།

རེས་གཟའ་ཉི་མ། ༢༠༢༤།༠༥།༠༥

  • Women of Tibet: In conversation with Thinley Lhamo, member of Nepal Tibetan opera and star in Nepalese film ‘Shambala’

ཁ་སང་ཕྱི་ཚེས་ ༢༣ ཉིན་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་རྒྱ་ནག་ཐོག་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་དུས་བཀག་བསྐྱར་ཞིབ་ཐེངས་བཞི་པ་གནང་ཡོད་པ་དང་། སྐབས་དེར་ཚོགས་མི་རྒྱལ་ཁབ་ ༢༠ ལྷག་གིས་བོད་དང་ཤིན་ཅང་ནང་གི་གནས་སྟངས་ཐད་ཐུགས་འཚབ་ཀྱི་རྣམ་པ་མངོན་གསལ་གནང་ཡོད་པ་མ་ཟད།  དེ་སྔོན་ཕྱི་ལོ་ ༢༠༡༨ ལོར་རྒྱ་ནག་ཐོག་དུས་བཀག་བསྐྱར་ཞིབ་དང་བསྡུར་ན་ལྡབ་གཉིས་ཀྱི་མང་བ་བྱུང་ཡོད་པ་རེད།

དེ་ཡང་ཟླ་འདིའི་ཚེས་ ༢༢ ནས་ཟླ་ ༢ ཚེས་ ༢ བར་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ ༡༤ གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་དུས་བཀག་བསྐྱར་ཞིབ་གནང་གི་ཡོད་པ་ལྟར། ཁ་སང་ཉིན་རྒྱབ་ཕྱག་ཚོད་ ༢ པར་རྒྱ་ནག་ཐོག་དུས་བཀག་བསྐྱར་ཞིབ་དངོས་སུ་དབུ་འཛུགས་ཀྱིས་ལས་རིམ་དེའི་ཐོག་ཨ་རི་དང་། ཁེ་ན་ཌ། ཌེན་མཱརྐ ཧྥིན་ལེན་ཌ། འཇར་མ་ནི། ཨིས་ཊོ་ནིཡཱ། ཧྥ་རན་སི། ཨཡར་ལེནྜ། ལི་ཐུ་ནི་ཡ། ནིའུ་ཛི་ལེནྜ། ནོར་ཝེ། སུད་སི། སུད་ཌེན། ཨིན་ཡུལ། པོ་ལེནྜ་བཅས་རྒྱལ་ཁབ་ ༢༠ ནས་བོད་ནང་གི་གནས་སྟངས་འབུར་བཏོན་དང་སྦྲགས། རྒྱ་ནག་ངོས་ནས་བོད་མིའི་ཐོག་དྲག་གནོན་མཚམས་འཇོག་དགོས་པ་དང་། བཅའ་བསྡོད་སློབ་གྲྭ་སྒོ་རྒྱབ་དགོས་པ། ཁྲིམས་འགལ་གྱིས་གང་བྱུང་འཛིན་བཟུང་བྱས་པ་རྣམས་གློད་བཀྲོལ་དགོས་པ། དེ་བཞིན་སློབ་མ་རྣམས་ལ་རང་གི་སྐད་ཡིག་སྦྱོང་རྒྱུའི་ཐོབ་ཐང་དགོས་པ་ཙམ་མ་ཟད། རྒྱལ་ཚོགས་ཀྱི་རྟོགས་ཞིབ་མི་སྣ་བོད་ལ་ཆེད་གཏོང་དགོས་པ་སོགས་ཀྱི་ཞུ་སྐུལ་གནང་འདུག

རྒྱལ་ཁབ་དེ་དག་གི་སྐུ་ཚབ་རྣམ་པའི་སྐར་ཆ་ ༤༥ གསུང་བཤད་ཁྲོད་བོད་ནང་གི་ཡ་ང་བའི་གནས་སྟངས་འབུར་འདོན་ཐོག ལྷག་པར་ཨ་རི་དང་། ཁེ་ན་ཌ། ནིའུ་ཛི་ལེནྜ། ཌེན་མག་སོགས་ཀྱི་སྐུ་ཚབ་ནས་རྒྱ་ནག་གིས་བོད་ཀྱི་ལོ་ཆུང་བྱིས་པ་ས་ཡ་གཅིག་ལྷག་བཅའ་སྡོད་སློབ་གྲྭར་བཏང་ནས་རྒྱ་ནག་ཅན་དུ་སྒྱུར་བཞིན་པའི་གནད་དོན་ལ་ཐུགས་འཚབ་ཀྱི་རྣམ་པ་གསལ་བཏོན་གནང་ཡོད་ཅིང་། ཇར་མ་ནི་གཞུང་ཚབ་པས་རྒྱ་ནག་གིས་བོད་དང་ཤིན་ཅང་ནང་ངལ་རྩོལ་ལས་རིགས་སྐུལ་བཞིན་པའི་གནད་དོན་གླེང་ཡོད་པ། དེ་བཞིན་ནི་ཐར་ལན་ཌི་དང་དབྱིན་ཡུལ་སོགས་ཀྱི་གཞུང་ཚབ་པས་རྒྱ་ནག་གིས་བོད་དང་ཤིན་ཅང་ནང་དྲག་གནོན་ཅན་གྱི་སྲིད་བྱུས་མཚམས་འཇོག་དགོས་པ་མ་ཟད། རྒྱ་ནག་སྤྱི་དང་བོད་ནང་འཛིན་བཟུང་བྱས་པའི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་ཡོངས་རྫོགས་འཕྲལ་མར་གློད་བཀྲོལ་དགོས་པའི་ཞུ་སྐུལ་གནང་འདུག

སྐབས་དེར་རྒྱ་ནག་གཞུང་གི་ངོས་ནས་ལན་འདེབས་ཚར་གསུམ་བྱས་ཡོད་པ་དང་། དེའི་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་ཏུ་ཕྱིན་པའི་གནད་དོན་ལ་ངོས་ལེན་རྩ་བ་ནས་བྱས་མེད་པ་དེ་ལྟར་ཡང་། རྒྱ་ནག་ངོས་ནས་རྩ་ཁྲིམས་གཞིར་བཟུང་མང་ཚོགས་ཀྱི་སྨྲ་བརྗོད་རང་དབང་དང་ཆོས་དད་རང་དབང་སྲུང་སྐྱོབ་བྱེད་བཞིན་ཡོད་པ་མ་ཟད། རྒྱལ་ཚོགས་ཀྱི་སྐུ་ཚབ་ཁག་ཅིག་གིས་རྒྱ་ནག་སྤྱི་དང་ལྷག་པར་བོད་དང་ཤིན་ཅང་ནང་འགྲོ་བ་མིའི་ཐོབ་ཐང་མེད་ཟེར་བ་དེ་རྒྱ་ནག་ལ་མིང་རྗེས་ངན་པ་བཟོ་ཐབས་ཀྱི་ལས་དོན་ཡིན་ལུགས་སོགས་བཤད་ཡོད་པ་རེད།

ལྷག་པར་རྒྱ་ནག་གིས་ལན་འདེབས་ཐེངས་གསུམ་པའི་ཐོག་བོད་ནང་གི་གཏན་འཇགས་བཅའ་སྡོད་སློབ་གྲྭས་བོད་ཕྲུག་རྣམས་ལ་ཤེས་ཡོན་གྱི་གོ་སྐབས་གསར་པ་ཞིག་བསྐུན་ཡོད་ལུགས་དང་། བོད་ཁུལ་དུ་འབྲོག་པའི་གཞིས་སྤོའི་ལས་འཆར་དེས་བོད་མི་རྣམས་ཀྱི་འཚོ་བ་ཡར་རྒྱས་བཏང་ཡོད་ལུགས། དེ་བཞིན་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཐུབ་ངེས་ཡིན་ལུགས་སོགས་བཤད་དེ། རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་རྣམས་བོད་དང་ཤིན་ཅང་ཁུལ་དུ་རྟོག་ཞིབ་ཆེད་བསྐྱོད་ན་འགྲིག་གི་ཡོད་པ་བཤད་འདུག

རྒྱ་ནག་ཐོག་གི་དུས་བཀག་བསྐྱར་ཞིབ་དང་འབྲེལ་ཨ་རིར་རྟེན་གཞིས་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་དྲ་རྒྱར་གནས་ཚུལ་སྤེལ་བར་གཞིགས་ན། ཐེངས་འདིའི་རྒྱ་ནག་ཐོག་གི་དུས་བཀག་བསྐྱར་ཞིབ་ཀྱི་ལས་རིམ་སྐབས་རྒྱལ་ཁབ་ཉི་ཤུས་བོད་ནང་གི་ཆེས་ཞན་པའི་གནས་སྟངས་ཐད་གླེང་སློང་གིས་ཁྱོན་སྐུལ་འདེབས་ཁག་ ༢༤ བཏོན་ཡོད་པ་སོགས་ལུང་འདྲེན་དང་འབྲེལ། དེ་སྔོན་ཕྱི་ལོ་ ༢༠༡༨ ལོའི་རྒྱ་ནག་ཐོག་དུས་བཀག་བསྐྱར་ཞིབ་ཁྲོད་རྒྱལ་ཁབ་ ༩ ལས་བྱུང་མེད་སྟབས། དེ་སྔ་དང་བསྡུར་ན་རྒྱལ་ཁབ་ལྡབ་གཉིས་ཀྱིམང་དུ་ཕྱིན་ཡོད་པ་མ་ཟད། ཕྱི་ལོ ༢༠༡༨ ལོའི་རྒྱབ་གཉེར་ ༡༡ ལས་ད་ཆ་འཕར་སྣོན་ཤུགས་ཆེར་བྱུང་ཡོད་པ་སོགས་འཁོད་འདུག

མ་ཟད་རྒྱལ་ཁབ་དེ་དག་གིས་བོད་དོན་སྐོར་གླེང་སློང་གནང་བར་དགའ་བསུ་ཞུས་འདུག་པ་དང་། བོད་ནང་གི་བོད་མིར་བསྐྱར་ཞིབ་ཀྱི་ལས་རིམ་དེའི་ཐོག་མཉམ་ཞུགས་གནང་རྒྱུའི་གོ་སྐབས་མེད་པ་དེ་ལྟར་ཡང་། ད་རེས་རྒྱལ་ཚོགས་ནང་གཞིས་བཞུགས་བོད་མི་ཚོའི་འབོད་སྒྲ་གསན་ཡོད་པ་གསུངས་འདུག

དེ་བཞིན་ Tibet Action འམ་བོད་དོན་ལས་འགུལ་ལྟེ་གནས་ཁང་གི་ངེས་སྟོན་པ་བཀྲས་མཐོང་བསྟན་འཛིན་ལྷ་སྒྲོན་ལགས་ཀྱིས། ད་རེས་རྒྱལ་ཁབ་ཉི་ཤུས་རྒྱལ་ཚོགས་ནང་བོད་སྐོར་གླེང་པ་དེས་རྒྱལ་སྤྱིའི་ཁྲོད་བོད་ཀྱི་གནད་དོན་དེ་ཉིད་དོ་སྣང་བྱ་ཡུལ་གཙོ་བོ་ཞིག་ཆགས་ཡོད་པ་མཚོན་ཐུབ་ཀྱི་ཡོད་ཅིང་། ལྷག་པར་ཚོགས་མི་རྒྱལ་ཁབ་དག་གིས་བཅའ་སྡོད་སློབ་གྲྭའི་གནད་དོན་ཐད་སེམས་འཚབ་ཤུགས་ཆེར་བཏོན་པར་རྒྱ་ནག་ངོས་ནས་ནག་ཉེས་དེ་དག་ཐད་འགན་འཁུར་དགོས་པ་མ་ཟད། འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་བཏང་བའི་བྱ་སྤྱོད་དེར་རྒྱལ་སྤྱིའི་ངོས་ནས་ཁ་གཏད་གཅོག་རྒྱུ་ཆོད་སེམས་བརྟན་པོ་ཡོད་པ་མཚོན་གྱི་ཡོད་ཅེས་གསུངས་འདུག

གནད་དོན་དེ་དང་འབྲེལ་བོད་དོན་ལས་འགུལ་ལྟེ་གནས་ཁང་གི་ཉམས་ཞིབ་པ་འབུམ་རམས་པ་རྒྱལ་ལོ་ལགས་ཀྱིས། རྒྱ་གཞུང་གིས་ཤེས་ཡོན་གོ་སྐབས་དང་དབུལ་ཕོངས་ནས་ཐར་ཐབས་སོགས་ཀྱི་མིང་བྱང་འོག་བོད་ཕྲུག་ས་ཡ་གཅིག་ལྷག་བཙན་ཤེད་ཐོག་རྒྱའི་བཅའ་སྡོད་སློབ་གྲྭར་བཅུག་གི་ཡོད་ཀྱང་། ད་རེས་རྒྱལ་ཚོགས་ནང་ཚོགས་མི་རྒྱལ་ཁབ་མང་པོས་གནད་དོན་དེའི་ཐོག་སེམས་འཚབ་བཏོན་པ་དེས། བོད་ནང་བཅའ་སྡོད་སློབ་གྲྭ་སོགས་ཀྱི་ལས་གཞི་དེ་དག་བོད་མིར་དངོས་ཡོད་ཀྱི་ཉེན་ཁ་ཡོད་པའི་བརྡ་ལན་གསལ་པོ་སྤྲོད་ཐུབ་ཡོད་ཅིང་། གཞིས་བཞུགས་བོད་མིར་སེམས་ཤུགས་འཕར་མ་ཞིག་སྦྱིན་ཡོད་པ་གསུངས་འདུག

ལྷག་དོན་ཤེས་རྟོགས་བྱུང་བར་རྒྱ་ནག་གིས་དཔོལ་འབྱོར་སྟོབས་ཤུགས་བརྒྱུད་སྒེར་གཉེར་གྱི་གསར་ཁང་ཁག་ལ་དངུལ་སྤྲོད་དེ་རྒྱ་ནག་དང་རྒྱབ་འགལ་འགྲོ་གཞི་གནད་དོན་མང་དག་བརྒྱུད་སྤེལ་བྱ་རྒྱུར་བཀག་སྡོམ་བྱས་ཡོད་པ་དང་། ཐེངས་འདིའི་དུས་བཀག་བསྐྱར་ཞིབ་དང་འབྲེལ་རྒྱ་གཞུང་གི་དབང་སྒྱུར་འོག་ཡོད་པའི་ས་ཁུལ་ཁག་ལ་འགྲོ་བ་མིའི་ཐོབ་ཐང་ཡག་པོ་ཡོད་པ་སོགས་རྒྱ་ནག་ལ་བསྟོད་བསྔགས་ཅན་གྱི་གནས་ཚུལ་བརྒྱུད་སྤེལ་ཤུགས་ཆེ་བྱ་དགོས་པའི་སྐུལ་མ་བཏང་འདུག

གཞི་རྩའི་རྒྱ་ནག་ཐོག་གི་དུས་བཀག་བསྐྱར་ཞིབ་འཚོགས་བཞིན་པའི་སྐབས་ཡོ་རོབ་བོད་རིགས་གཞོན་ནུའི་མཐུན་ཚོགས་ཀྱི་གོ་སྒྲིག་འོག བོད་མི་དང་ཡུ་གུར་ལས་འགུལ་བ་ཁག་ཅིག་གིས། རྒྱལ་ཚོགས་ནས་རྒྱ་ནག་ལ་བོད་ནང་གི་གནད་དོན་ཐོག་འདྲི་རྩད་ནན་པོ་བྱ་དགོས་པ་དང་། དྲག་པོའི་སྲིད་བྱུས་མཚམས་འཇོག་དགོས་པ། དེ་བཞིན་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་དགོས་ཞེས་ངོ་རྒོལ་སྐད་འབོད་ཡང་གནང་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།