Tibetan Royal Year of 2151 | Year of the Wood Dragon

བོད་མིའི་ཁྱད་ལས་དྭང་བླངས་ཞབས་ཞུ་གསར་བསྡུའི་གསལ་བསྒྲགས།

Tibetan News Headlines

  • Conversation with TWA members on Association’s mission, outreach, and youth engagement strategies

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོ་བོ་དང་ལས་དོན། གཞོན་སྐྱེས་མཉམ་ཞུགས་སྐོར་གླེང་མོལ།

བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་ཁྱབ་ཁོངས་སྤྱི་ཚོགས་ཡར་རྒྱས་ཐེབས་རྩས་སྟངས་འཛིན་འོག་ Tibet Corps ཞེས་བོད་མིའི་ཁྱད་ལས་དྭང་བླངས་ཞབས་ཞུ་ཁང་གིས་སྤྱི་ལོ་༢༠༢༤-༢༠༢༥ ལོའི་བོད་མི་ཆེད་ལས་དྭང་ལངས་ཞབས་ཞུ་གསར་བསྡུ་གནང་རྒྱུའི་གསལ་བསྒྲགས་གནང་འདུག་པ་དང་། དང་བླངས་ཞབས་ཞུའི་ནང་མཉམ་ཞུགས་གནང་འདོད་ཡོད་རིགས་ནས་སྤྱི་ཟླ་ ༤ ཚེས་ ༣༠ གོང་ཞུ་སྙན་ཕུལ་ཟིན་པ་དགོས་འདུག

བོད་མིའི་ཁྱད་ལས་དྭང་བླངས་ཞབས་ཞུ་ཁང་ནི་རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ནང་གནས་བཞུགས་བོད་མི་ཆེད་ལས་པ་དང་། མཐོ་རིམ་སློབ་མ། རྒས་ཡོལ་ཤེས་ཡོན་ཅན་རྣམས་ལ་བོད་མིའི་སྒྲིག་འཛུགས་ཀྱིས་དབུས་དང་ཡན་ལག་ལས་ཁུངས་ཁག་ཏུ་རང་ཉིད་ཀྱི་ཤེས་ཡོན་དང་རིགས་རྩལ་ལ་གཞིགས་ཏེ་ཞབས་ཞུ་བསྒྲུབ་རྒྱུའི་གོ་སྐབས་དང་སྡིངས་ཆ་ཞིག་ཡིན་པ་རེད།

རྩ་བའི་ལས་གཞི་དེ་ཉིད་ ༢༠༡༢ ནས་དབུ་འཛུགས་ཀྱིས་ ༢༠༢༤ བར་དུ་རྒྱུན་སྐྱོང་གིས་ཁྱོན་བོད་མི་ ༣༢༦ ཙམ་ལ་བོད་མིའི་སྒྲིག་འཛུགས་ཀྱི་དབུས་སའི་ལས་ཁུངས་ཁག་ཏུ་ཞབས་ཞུ་གྲུབ་རྒྱུའི་གོ་སྐབས་བྱུང་ཡོད་པ་དང་། དེ་དག་ཁྲོད་ནས་རྒྱ་གར་ནས་དྭང་ཞབས་པ་ ༢༦༢ དང་། བལ་ཡུལ་ནས་ ༣ ཕྱི་རྒྱལ་ཁག་ནས་ ༦༠ ལྷག་ཙམ་ཆགས་ཀྱི་འདུག དེའི་ཁྲོད་ཨ་རི་དང་། ཁེ་ན་ཊ། ཨོ་སི་ཊོ་ལི་ཡ་ལ་སོགས་ཕྱི་རྒྱལ་ཁག་ནས་བརྒྱ་ཆ་ ༢༠ ཙམ་ཆགས་ཀྱི་འདུག་པ་མ་ཟད། ད་བར་དང་ཞབས་ཁྲོད་མཉམ་ཞུགས་གནང་མཁན་བེུད་ ༢༠༤ དང་སྐྱེས་པ་ ༡༢༢ ཆགས་ཀྱི་འདུག

བོད་མིའི་ཁྱད་ལས་དྭང་བླངས་ཞབས་ཞུ་ནང་ཞུགས་འདོད་ཡོད་རྣམས་བོད་པ་ཡིན་པ་གང་ཞིག་ལ་མཐོ་སློབ་སློབ་མུས་སམ་ཐོན་ཟིན་པ། ཡང་ན་ལས་ཐོག་གམ་ལས་ཡོལ་ཟིན་པའི་ཆེད་ལས་པ་ཡིན་དགོས་པ་མ་ཟད། ཉུང་མཐར་ཟླ་གསུམ་ནས་ལོ་གཅིག་རིང་དྭང་ཞབས་གྲུབ་རྒྱུའི་འདུན་པ་ཀྱི་འདུག་ལ། ཞུ་སྙན་རྣམས་བོད་མིའི་དྭང་བླངས་ཞབས་ཞུའི་དྲ་ཐོག་ www.tibetcorps.org ཐོག་ནས་ཕུལ་དགོས་ཀྱི་འདུག

འདི་ག་གསར་འགོད་པས་བོད་མིའི་ཁྱད་ལས་དྭང་བླངས་ཞབས་ཞུ་གསར་བསྡུའི་གསལ་བསྒྲགས་བསྐྱངས་པ་དང་བསྟུན་བོད་མིའི་སྒྲིག་འཛུགས་ཀྱི་འབྲེལ་ཡོད་ལས་བྱེད་དྲུང་གཞོན་ཐུབ་བསྟན་རིག་འཛིན་ལགས་སུ་ལས་གཞི་དེ་དང་འབྲེལ་བཅར་འདྲི་ཁག་ཅིག་ཞུས་ཡོད་པས་གོང་གི་སྒྲ་སྒམ་ནས་གསན་ཐུབ།

འབྲེལ་ཡོད་གསར་གནས།

གསར་གནས།