Tibetan Royal Year of 2151 | Year of the Wood Dragon

བོད་མིའི་སྒྲིག་འཛུགས་ཀྱིས་གསུམ་བརྒྱད་རྗེས་དྲན་གྱི་མཆོད་འབུལ་གནང་པ།

Tibetan News Headlines

  • US religious freedom watchdog warns of sinicization and assimilation of Tibetan religious and cultural identities
  • US sanctions 31 China-based companies over Russia
  • Xi Jinping to meet French President Macron and EU Chief in Paris next week
  • CTA begins house allocation programmes for Tibetans not facilitated in the refugee settlements
  • Dharamshala hosts conference on promotion and preservation of Tibetan language

རེས་གཟའ་ཕུར་བུ། ༢༠༢༤།༠༥།༠༢

  • རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་ལ་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་མངོན་གསལ་གནང་འདུག
  • ཨ་རིའི་གཞུང་གིས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ ༣༡ ལ་སྲིད་དོན་ཉེས་ཆད་བཀལ་བ།
  • ཞི་ཅིང་ཕིང་གིས་ཕ་རན་སིའི་སྲིད་འཛིན་དང་ཡོ་རོབ་མཐུན་ཚོགས་ཀྱི་གཙོ་འཛིན་ཐུག་འཕྲད་བྱ་འཆར།
  • བོད་མི་སྡོད་ཁང་མེད་པ་རྣམས་ལ་རུབ་སྡོད་གཞིས་སྒར་ནང་སྡོད་ཁང་བགོས་འགྲེམས་ཀྱི་ལས་གཞི་དངོས་སུ་དབུ་འཛུགས།
  • བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་དར་འཕེལ་སྐོར་བགྲོ་གླེང་དབུ་འཛུགས།

བོད་མིའི་སྒྲིག་འཛུགས་ནས་ལོ་ལྟར་ཟླ་ ༣ ཚེས་ ༨ ཉིན་བཞུགས་སྒར་དུ་གསུམ་བརྒྱད་མཆོད་འབུལ་ཞེས་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་ཞིག་གོ་སྒྲིག་གནང་སྟེ་དེ་སྔ་ཕྱི་ལོ་ ༡༩༨༩ ཟླ་ ༣ ཚེས་ ༨ ཉིན་རྒྱ་གཞུང་གིས་བོད་ནང་དྲག་པོའི་བཀའ་རྒྱ་བསྡམས་ཏེ་བོད་མི་རྣམས་ལ་མི་སྤྱོད་ལས་འདས་པའི་སྡུག་རྩུབ་དམར་བསད་སོགས་བཏང་བའི་དུས་ཚིགས་རྗེས་དྲན་དང་གདུང་སེམས་མཉམ་བསྐྱེད་ཞུ་གནང་གི་ཡོད་པ་རེད།

དེ་རིང་ཟླ་ ༣ ཚེས་ ༨ ཉིན་སྔ་ཐོག་གསུམ་བརྒྱད་རྗེས་དྲན་མཆོད་འབུལ་དེ་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རྒྱུད་སྨད་མཁན་པོ་དགེ་བཤེས་བློ་བཟང་ཕན་བདེ་ལགས་དབུ་བཞུགས་ཐོག སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུས་པའི་བོད་མིའི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། གཞན་ཡང་སེར་སྐྱ་མང་ཚོགས་བཅས་ཚང་འཛོམས་ཀྱིས་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་ཚོགས་ཡོད་པ་རེད།

གཞི་རྩའི་ཕྱི་ཟླ་ ༣ ཚེས་ ༨ ཉིན་མོ་དེ་ནི།  ༡༩༨༩ ལོར་བོད་ཀྱི་རྒྱལ་ས་ལྷ་སར་བོད་མི་ཚོས་རྒྱ་གཞུང་གི་དྲག་པོའི་དབང་སྒྱུར་སྲིད་བྱུས་ལ་མ་བཟོད་པར་ཞི་བའི་རྔམ་སྟོན་གནང་པར་བརྟེན།  སྐབས་དེར་རྒྱ་གཞུང་གིས་རྒྱལ་ས་ལྷ་སའི་ཕྱོགས་བཞི་མཚམས་བརྒྱད་ལ་དྲག་པོའི་བཀའ་རྒྱ་བསྡམས་ཏེ་བོད་མི་ཚོར་མི་སྤྱོད་ལས་འདས་པའི་དྲག་གནོན་ལག་བསྟར་འོག་བོད་མི་མང་པོ་རྐྱེན་འདས་སུ་ཕྱིན་པའི་ཉིན་མོ་ཞིག་ཡིན་པ་དང་། དོན་རྐྱེན་དེའི་འོག་ཏུ་སྐུ་སྲོག་ཤོར་བའི་བོད་མི་དང་། དེ་བཞིན་བཙོན་ཁང་ནང་སྡུག་སྦྱོང་མནར་གཅོད་མྱོང་མུས་ཡིན་པའི་རྒྱལ་གཅེས་པ་དེ་དག་ལ་མྱ་ངན་གུས་འདུད་དང་གདུང་སེམས་མཉམ་བསྐྱེད། ཁོང་རྣམ་པའི་མཛད་རྗེས་ལ་བཀའ་དྲིན་རྗེས་དྲན་ཞུ་ཕྱིར་ལོ་ལྟར་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཉིན་དེ་དྲན་གསོ་དང་སྦྲགས། ཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གཞུང་འབྲེལ་གྱི་མཆོད་འབུལ་སྨོནལམ་རྒྱས་པ་ཞིག་ཚོགས་ཀྱི་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།