Tibetan Royal Year of 2151 | Year of the Wood Dragon

མང་ཚོགས་སྟོང་ཕྲག་འགས་༸གོང་ས་མཆོག་ལ་རྒྱལ་ས་ལྡི་ལིའི་གནམ་ཐང་དུ་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་པ། 

Tibetan News Headlines

  • Press watchdog RSF: China’s communist regime leads world in repression of journalistic rights
  • Sikyong Penpa Tsering meets President of South Tyrol, before leaving for Berlin
  • Xi Jinping faces strong protests from Tibetans and rights advocates in Paris
  • Nancy Pelosi honored with Presidential Medal of Freedom, US highest civilian award
  • Tibetan MMA fighter Rinchen Griffithsgolha makes history with first professional victory
  • History Feature: Panchen Rinpoche’s Footprints Across Tibet

རེས་གཟའ་ཟླ་བ། ༢༠༢༤།༠༥།༠༦

  • རྒྱ་ནག་ནི་གསར་འགོད་རང་དབང་གི་གནས་སྟངས་ཆེས་ཞན་ཤོས་ཡིན་པ་ཐེར་འདོན།
  • སྲིད་སྐྱོང་མཆོག་ལྷོ་ཊེ་རོལ་རང་སྐྱོང་མངའ་སྡེའི་སྲིད་འཛིན་དང་མཇལ་མོལ་གནང་རྗེས་འཇར་མ་ནིའི་རྒྱལ་ས་ Berlin དུ་ཕེབས་འབྱོར།
  • ཞི་ཅིན་ཕིང་ལ་ཧྥ་རན་སིར་བསླེབས་སྐབས་བོད་མིས་ངོ་རྒོལ།
  • ལྕམ་ Pelosi མཆོག་ཨ་རིའི་ལོ་རྒྱུས་ནང་གྲོས་ཚོགས་ཀྱི་ཚོགས་གཙོ་ཆེས་རླབས་ཆེན་ཞིག་ཡིན་པའི་ཆེ་བསྟོད།
  • བོད་མི་ཞིག་གིས་ཁུ་ཚུར་དྲག་རྩལ་གྱི་ཆེད་ལས་རྩེད་འགྲན་ནང་ཆེས་ཐོག་མ་མཉམ་ཞུགས་ཀྱིས་རྒྱལ་ཁ་ཐོབ་འདུག
  • བོད་ཀྱི་རྒྱལ་རབས་དང་ལོ་རྒྱུས། ༸པཎ་ཆེན་ཨེར་ཏེ་ནི་ཞིབ་འཇུག་ལས་ལེའུ་དྲུག་པ་བོད་ཁམས་ཞབས་ཀྱིས་བཅགས་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ཁུལ་དུ་ཉིན་གྲངས་གཅིག་རིང་གི་མཛད་འཆར་བསྐྱང་ཕྱིར་ཆིབས་བསྒྱུར་མཛད་དོན་ལྟར། དེ་རིང་ལྡི་ལིའི་གནམ་ཐང་དུ་༸ཞབས་སོར་བདེ་བར་འཁོད་སྐབས་ལྡི་ལི་སྐུ་ཚབ་དོན་གཅོད་སྤྱི་ཟུར་བློ་བཟང་ཤཱསྟྲཱི་ལགས་གཙོས། ས་གནས་ཀྱི་གཞུང་དང་གཞུང་མིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ། བོད་མི་དང་ཧི་མཱ་ལ་ཡའི་རི་རྒྱུད་ཀྱི་དད་ལྡན་མང་ཚོགས་བཅས་སྟོང་ཕྲག་གསུམ་ལྷག་གིས་མགོན་པོ་༸གང་ཉིད་མཆོག་ལ་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད།

རྩ་བའི་ལྡི་ལི་གནམ་ཐང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཕེབས་བསུའི་སྣེ་ལེན་ཞུ་ཕྱིར་མི་ཚོགས་ཕོན་ཆེར་འདུ་འཛོམས་བྱུང་བ་ད་རེས་ཐེངས་དང་པོ་མིན་པར་དེ་སྔ་ཕྱི་ལོ་  ༡༩༨༩ ལོར་མགོན་པོ་༸གང་ཉིད་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་སྐབས་དང་དེ་རྗེས་སླར་ཕྱི་ལོ་ ༢༠༠༧ ལོར་ཨ་རིའི་གྲོས་ཚོགས་ཀྱི་གསེར་གྱི་གཟེངས་རྟགས་འབུལ་བཞེས་སྐབས་བཅས་སུ་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད་པ་རེད།

བོད་སྒར་བསམ་ཡས་གླིང་གི་བརྒྱ་དཔོན་ཀརྨ་ལགས་ཀྱིས་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་ཆེས་ཆེར་སོང་བའི་དུས་སྐབས་དང་དེ་རྗེས་མང་ཚོགས་ཕོན་ཆེར་མགོན་པོ་༸གང་ཉིད་མཆོག་གི་མཇལ་ཁ་ཐོབ་མེད་པ་དང་། ལྷག་པར་ཉེ་བའི་ཆར་གསར་ཁང་ཁག་གཅིག་གིས་༸གོང་ས་མཆོག་ལ་མཚན་སྨད་སྐུར་འདེབས་ཀྱི་གསར་འགྱུར་སྤེལ་ཡོད་པ་དེས་མང་ཚོགས་ལ་ཆེས་བློ་ཕམ་དང་ཕོག་ཐུག་ཆེན་པོ་བྱུང་ཡོད་པ་ལྟར། གསར་ཁང་དེ་དག་ལ་རྣམ་འགྱུར་ཞིག་དང་མགོན་པོ་མཆོག་༸སྐུ་ཚེ་བསྐལ་བརྒྱར་བརྟན་པའི་ཐུགས་སྨོན་ཞུ་ཆེད་དུ་བཅར་ཡོད་པར་འགྲེལ་བརྗོད་གནང་སོང་།

གཞི་རྩའི་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ད་རེས་རྒྱལ་ས་ལྡི་ལིར་ཆིབས་བསྒྱུར་མཛད་དོན་གཙོ་བོ་དེ་ནི། སང་ཉིན་ཚེས་ ༢༠ དང་གནངས་ཚེས་ ༢༡ བཅས་ཉིན་གྲངས་གཉིས་རིང་རྒྱལ་ས་ལྡི་ལིའི་ཨ་ཤོ་ཀ་གསོལ་མགྲོན་ཁང་དུ་རྒྱལ་སྤྱིའི་ནང་པའི་མཐུན་ཚོགས་ཀྱི་ལྷན་ཚོགས་ཚོགས་ཀྱི་ཡོད་པ་དང་། སྲིད་བློན་མོ་དྷི་མཆོག་གིས་ལྷན་ཚོགས་དེ་ཉིད་དབུ་འབྱེད་གནང་རྒྱུ་དང་ལྷན་ཚོགས་ཀྱི་མཇུག་སྡོམ་མཛད་སྒོའི་ཚོགས་མགོན་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་མཛད་ཕྱིར་ཡིན་པ་རེད།

ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་འཛམ་གླིང་ནང་པའི་ལྷན་ཚོགས་ཐོག་ཕྱིའི་རྒྱལ་ཁབ་ཁག་ ༣༠ ལྷག་ནས་ནང་པའི་སྐུ་ཚབ་མི་གྲངས་ ༡༧༠ ལྷག་དང་རྒྱ་གར་ནང་གི་ནང་པའི་ཚོགས་པ་འདྲ་མིན་ནས་སྐུ་ཚབ་མི་གྲངས་ ༡༥༠ ལྷག་ལྷན་ཞུགས་གནང་གི་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།