Tibetan Royal Year of 2151 | Year of the Wood Dragon

མཐོ་སློབ་ཀྱི་མི་ཚེ་རྒྱུས་ལོན་ཆེད་ཤེས་ཡོན་བརྗེ་ལེན་གྱི་སྐོར་སྐྱོད་གནང་བ།

Tibetan News Headlines

  • བོད་ཀྱི་བེུད་། བལ་ཡུལ་ལྷ་མོ་ཚོགས་པའི་ཚོགས་མི་དང་གློག་བརྙན་འཁྲབ་སྟོན་པ་འཕྲིན་ལས་ལྷ་མོ་ལགས་དང་ལྷན་ཁོང་གི་སྒྱུ་སྩལ་གྱི་ལམ་བུའི་སྐོར་གླེང་མོལ།

རེས་གཟའ་ཉི་མ། ༢༠༢༤།༠༥།༠༥

  • Women of Tibet: In conversation with Thinley Lhamo, member of Nepal Tibetan opera and star in Nepalese film ‘Shambala’

རྒྱ་གར་ལྷོ་ཕྱོགས་སུ་རྟེན་གཞི་བྱས་པའི་མོན་གྷོ་སཾ་བྷོ་ཊའི་གཏན་སློབ་ཀྱི་གོ་སྒྲིག་འོག་གཏན་སློབ་ཀྱི་འཛིན་རིམ་བཅུ་གཉིས་ཀྱི་སློབ་མ་ཁྱོན་ ༦༨ ལ་ཤེས་ཡོན་བརྗེ་ལེན་ཆེད་རྒྱལ་ས་སྦེང་ལོར་གྱི་མཐོ་སློབ་ཁག་ཏུ་ཁྲིད་ནས་སློབ་མ་ཕན་ཚུན་དབར་ཤེས་ཡོན་དང་འབྲེལ་བའི་གོ་རྟོགས་སྤེལ་འདུག འཛིན་རིམ་བཅུ་གཉིས་ཐོན་རྗེས་སློབ་མ་རྣམས་རང་ཉིད་ཀྱི་མ་འོངས་མདུན་ལམ་ཆེད་མཐོ་སློབ་ཁག་འགྲིམ་ནས་སློབ་གཉེར་གནང་དགོས་སྟབས་མཐོ་སློབ་ཀྱི་མི་ཚེ་རྒྱུས་ལོན་གནང་གལ་ཡིན་སྟབས་དེ་འབྲེལ་ཆེད་ཤེས་ཡོན་བརྗེ་ལེན་གྱི་སྐོར་སྐྱོད་གནང་བ་ཞིག་ཆགས་ཡོད།སློབ་མ་རྣམས་ལ་སྦེང་ལོར་གྱི་མཐོ་སློབ་ Christ  དང་ St. Joseph’s College of Commerce བཅས་སུ་བཅར་དོན་ལྟར་མཐོ་སློབ་ཀྱི་འབྲེལ་འཐུད་པ་རྣམས་ཀྱིས་སློབ་མ་རྣམས་ལ་མཐོ་སློབ་ཀྱི་ངོ་སྤྲོད་དང་སློབ་གཉེར་ཁང་སོ་སོར་སློབ་ཚན་གང་དང་གང་ཡོད་པ་སོགས་ངོ་སྤྲོད་གནང་ཡོད།རྒྱ་གར་ལྷོ་ཕྱོགས་ཀ་ན་ཊ་ཀ་མངའ་སྡེ་ནང་རྟེན་གཞི་བྱས་པའི་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དང་སྨན་རྩིས་ཁང་བཅས་ལ་སྐོར་སྐྱོད་གནང་བ་དང་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་འགན་འཛིན་དགེ་བཤེས་བློ་བཟང་རྒྱལ་མཚན་ལགས་ཀྱིས་མཐོ་སློབ་ནང་ཆེད་སྦྱོང་སྡེ་ཚན་གྱི་བསླབ་གཞི་དང་ཆེད་སྦྱོང་མིན་པའི་སྡེ་ཚན་གྱི་བསླབ་གཞི་གང་དང་གང་ཡོད་པ་སོགས་ངོ་སྤྲོད་གནང་བ་དང་དེ་བཞིན་སྨན་རྩིས་ཁང་དུ་བསླབ་གཞི་ཇི་ཡོད་སོགས་འགྲེལ་བརྗོད་གནང་ཡོད།གཞི་རྩའི་སློབ་མ་རྣམས་ཀྱི་ཤེས་ཡོན་སྐོར་སྐྱོད་ཀྱི་ལས་གཞིར་དཔལ་འབྱོར་གྱི་རྒྱབ་སྐྱོར་གནང་མཁན་ནི་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ལམ་སྟོན་ཚན་པ་དང་ཕ་མའི་མཐུན་ཚོགས་བཅས་ཆགས་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།