Tibetan Royal Year of 2151 | Year of the Wood Dragon

མཚོ་ལྷོ་ཁུལ་གྱི་བོད་རིགས་བེུད་ཅིག་དྲྭ་རྒྱའི་བདེ་འཇགས་ཁྲིམས་གཞིའི་འོག་འཛིན་བཟུང་།

Tibetan News Headlines

  • Former political prisoner Namkyi’s brave Journey: From Protest, Imprisonment to Eventual Escape to India

རེས་གཟའ་སྤེན་པ། ༢༠༢༤།༠༥།༠༤

  • རྒྱ་གཞུང་གི་མནར་གཅོད་འོག་༸རྒྱལ་བ་རིན་པོ་ཆེར་དད་གུས་གཡོ་མེད་དུ་གནས་པའི་ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ལགས།

བོད་ནང་རྒྱ་གཞུང་གིས་དབྱེ་བའི་མཚོ་སྔོན་ཞིང་ཆེན། མཚོ་ལྷོ་བོད་རིག་རང་སྐྱོང་ཁུལ། གསེར་ཆེན་རྫོང་གི་བོད་རིག་བེུད་ཅིག་ས་གནས་དྲྭ་རྒྱའི་བདེ་འཇགས་རུ་ཆེན་གྱིས་ཐད་གཏོང་གླེང་སྟེགས་ཐོག་མ་རབས་ཐ་ཤལ་གྱི་ཆགས་གཏམ་ཆ་འཕྲིན་བརྒྱུད་སྤེལ་བྱས་ཡོད་ཚུལ་བརྗོད་དེ་འཛིན་བཟུང་བཀག་ཉར་བྱས་འདུག

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲྭ་བ་ཞེས་པའི་ས་གནས་གཞུང་འབྲེལ་དྲྭ་རྒྱའི་ཐོག་ངོ་གདོང་རི་མོས་བཀག་པའི་བོད་རིགས་བེུད་འཛིན་བཟུང་བྱས་པ་དེ་དང་ཟུར་དུ་ས་གནས་ཉེན་རྟོག་པ་གཉིས་ཡོད་པའི་འདྲ་པར་ཞིག་མཉམ་སྤེལ་གྱི་གནས་ཚུལ་ཐོན་པའི་ནང་བོད་རིགས་བེུད་དེ་གསེར་ཆེན་རྫོང་ཐེ་ཀའེ་གྲོང་བརྡལ་གྱི་ཐེ་ཀའི་སྡེ་བ་ནས་ཡིན་པ་དང་། ཁོང་མོའི་དངོས་མིང་གང་ཡིན་པ་གསལ་རྟོགས་མེད་ཀྱང་དྲ་མིང་ལ་མཚོ་ལྷོའི་ལྷ་མོ་ཞེས་ཟེར་གྱི་ཡོད་པ་དང་། ཁོང་གིས་ཐད་གཏོང་བྱེད་སྐབས་ས་གནས་དེའི་ཡུལ་སྐད་ཀྱི་ལམ་ནས་མངོན་སུམ་འཛེམས་མེད་ཀྱིས་སྐད་ཆ་དམར་རྗེན་དང་ཆགས་གཏམ་གྱི་ཆ་འཕྲིན་སྤེལ་བར་དྲྭ་གྲོགས་ ༣༢༠༠༠ ལྷག་གིས་བལྟས་པ་མ་ཟད། སྤྱི་ཚོགས་ལ་ཤུགས་རྐྱེན་ངན་པ་བཟོས་ཏེ་རྒྱུན་ལྡན་གྱི་དྲྭ་རྒྱའི་སྒྲིག་ལམ་གཏོར་བརླག་ཚབས་ཆེན་བཟོས་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་སྐོར་གྱི་ཆད་གཅོད་བཅའ་ཁྲིམས་དང་འགལ་ཉེས་འོག་ནས་འཛིན་བཟུང་གིས་ཉིན་གྲངས་ ༡༣ རིང་བཀག་ཉར་བྱས་ཡོད་ཚུལ་འཁོད་འདུག

བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་ལགས་སུ་དེ་འབྲེལ་བཅར་འདྲི་ཞུས་པར་རྒྱལ་སྤྱིའི་ཁྲིམས་ཙམ་མ་ཟད་རྒྱ་ནག་རྒྱལ་ཁབ་ཀྱི་རྩ་ཁྲིམས། དེ་བཞིན་མི་རིགས་ས་གནས་རང་སྐྱོང་ཀྱི་རྩ་ཁྲིམས་ནང་དུ་རང་གི་བསམ་ཚུལ་གང་ཡིན་པ་བཤད་རྒྱུའི་ཐོབ་ཐང་ཡོད་པ་དེ་ལྟར་ཡང་། རྒྱ་གཞུང་གིས་དྲྭ་རྒྱའི་ཁྲིམས་དང་ནང་གསལ་འདྲ་མིན་ལ་ཁ་གཡར་ནས་མི་མང་གི་སྨྲ་བརྗོད་རང་དབང་ལ་དམ་དྲག་བྱེད་བཞིན་ཡོད་པ་ཡོངས་གྲགས་ཡིན་པ་དང་། ད་ལྟ་མཚོ་ལྷོ་བེུད་དེས་གང་བཤད་པ་ཆེད་བཀོད་བྱས་ཡོད་པ་བཞིན་དེ་ལྟ་རང་ཡིན་མིན་ཤེས་རྟོགས་དཀའ་བ་དང་། ཅི་སྟེ་དེ་ལྟར་བཤད་ཡོད་ཚེ་དེ་ནི་ཁྲིམས་སྒྲིག་གང་དང་འགལ་མེད་པས་ཁྲིམས་འགལ་ཡིན་པར་ངོས་ལེན་གནང་ཐབས་མེད་སྐོར་གསུངས་སོང་།

འབྲེལ་ཡོད་གསར་གནས།

གསར་གནས།