Tibetan Royal Year of 2151 | Year of the Wood Dragon

དྲྭ་ཐོག་བརྒྱུད་ Seattle བོད་ཀྱི་དུས་སྟོན་ཐེངས་ཉེར་ལྔ་པ་སྲུང་བརྩི།

Tibetan News Headlines

  • US religious freedom watchdog warns of sinicization and assimilation of Tibetan religious and cultural identities
  • US sanctions 31 China-based companies over Russia
  • Xi Jinping to meet French President Macron and EU Chief in Paris next week
  • CTA begins house allocation programmes for Tibetans not facilitated in the refugee settlements
  • Dharamshala hosts conference on promotion and preservation of Tibetan language

རེས་གཟའ་ཕུར་བུ། ༢༠༢༤།༠༥།༠༢

  • རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་ལ་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་མངོན་གསལ་གནང་འདུག
  • ཨ་རིའི་གཞུང་གིས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ ༣༡ ལ་སྲིད་དོན་ཉེས་ཆད་བཀལ་བ།
  • ཞི་ཅིང་ཕིང་གིས་ཕ་རན་སིའི་སྲིད་འཛིན་དང་ཡོ་རོབ་མཐུན་ཚོགས་ཀྱི་གཙོ་འཛིན་ཐུག་འཕྲད་བྱ་འཆར།
  • བོད་མི་སྡོད་ཁང་མེད་པ་རྣམས་ལ་རུབ་སྡོད་གཞིས་སྒར་ནང་སྡོད་ཁང་བགོས་འགྲེམས་ཀྱི་ལས་གཞི་དངོས་སུ་དབུ་འཛུགས།
  • བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་དར་འཕེལ་སྐོར་བགྲོ་གླེང་དབུ་འཛུགས།

                       

འཛམ་གླིང་སྤྱིར་རྒྱ་ནག་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ ༡༩ པ་ཁྱབ་གདལ་རྐྱེན་གྱིས་མང་ཚོགས་ཀྱི་འགྲོ་འདུག་སྤྱོད་གསུམ་ལ་ཤུགས་རྐྱེན་ཧ་ཅང་སྤྲོད་བཞིན་པ་དང་། གཉན་རིམས་ཀྱི་དུས་ཡུན་འདིའི་ཁྲོད་ཁ་ཉིན་དང་ཁ་སང་བཅས་ཉིན་གྲངས་གཉིས་ཀྱི་རིང་ཨ་རིའི་ཝ་ཤིང་ཊོན་མངའ་སྡེའི་གྲོང་ཁྱེར་ Seattle ནང་གནས་བཞུགས་བོད་མི་རྣམས་ནས་ངོ་དེབ་དང་ཡུ་ཊུབ་དྲྭ་ལམ་བརྒྱུད་བོད་ཀྱི་དུས་ཆེན་ལོ་འཁོར་དུས་དྲན་ཐེངས་ ༢༥ པ་སྲུང་བརྩི་ཞུས་འདུག 

བོད་ཀྱི་དུས་ཆེན་དེ་ཝ་ཤིང་ཊོན་བོད་རིགས་སྤྱི་མཐུན་ཚོགས་པ་ནས་ Seattle Center ཞེས་འཁྲབ་སྟོན་གནང་སའི་བསྟི་གནས་ཁང་དང་མཉམ་མཐུན་གྱིས་གོ་སྒྲིག་ཞུས་པ་ཞིག་ཡིན་པ་དང་ལས་རིམ་དེའི་ཐོག་ Seattle གནས་བཞུགས་བོད་མི་རྣམས་ཀྱིས་བོད་ཀྱི་ཐུན་མིན་རིག་གཞུང་འཁྲབ་སྟོན་དང་བོད་ཀྱི་ཆས་གོས་འགྲེམས་སྟོན། དེ་བཞིན་བོད་ཟས་དང་སྙན་ངག་སྒྲོག་སྦྱང་དང་། རིག་གཞུང་ཐད་གླེང་མོལ་སོགས་གནང་ནས་བོད་ཀྱི་དུས་སྟོན་སྲུང་བརྩི་ཞུས་ཡོད་པ་རེད། 

 ཝ་ཤིང་ཊོན་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་བསྟན་འཛིན་སྟོབས་ཆེན་ལགས་ཀྱིས་རླུང་འཕྲིན་ཁང་ལ་ཕྱི་ལོ་ ༡༩༩༠ འི་ནང་ Seattle གནས་བཞུགས་བོད་མི་རྣམས་ནས་བོད་ཀྱི་ཐུན་མིན་རིག་གཞུང་དེ་བོད་པའི་མི་རབས་གཞོན་པར་ངོ་སྤྲོད་དང་རིག་གཞུང་བདག་གཅེས་སླད་བོད་རིགས་སྤྱི་མཐུན་ཚོགས་པ་ཆེད་འཛུགས་གནང་བ་དང་། བོད་ཀྱི་ཐུན་མིན་ལེགས་བྱང་དག་རྒྱལ་སྤྱིའི་མང་ཚོགས་ཁྲོད་གོ་རྟོགས་དང་ཁྱབ་སྤེལ་ཕྱིར་ལོ་ལྟར་བོད་ཀྱི་དུས་སྟོན་སྲུང་བརྩི་ཞུ་གནང་གི་ཡོད་སྐོར་ཞིབ་རྒྱས་གསུངས་སོང་། 

སྤྱིར་བཏང་བོད་ཀྱི་དུས་ཆེན་དེར་ Seattle གནས་བཞུགས་ཕྱི་རྒྱལ་མང་ཚོགས་ནས་ཐུགས་སྣང་ཆེས་ཆེར་གནང་གི་ཡོད་པར་མ་ཟད་ལོ་ལྟར་རིག་གཞུང་དུས་ཆེན་ཚོགས་ཡུལ་ Seattle Center ནས་ཀྱང་དེ་འབྲེལ་ཐད་ས་གནས་ཀྱི་ཚགས་ཤོག་སོགས་ཀྱི་ཐོག་གསལ་བསྒྲགས་གང་ཐུབ་གནང་གི་ཡོད་པ་རེད། བོད་ཀྱི་དུས་ཆེན་འདི་བརྒྱུད་༸གོང་ས་མཆོག་གིས་རྣམ་ཀུན་ནས་བོད་ཀྱི་རིག་གཞུང་ཉར་ཚགས་བྱེད་དགོས་པའི་བཀའ་སློབ་ཡང་ཡང་ཕེབས་དོན་ལྟར་བོད་མི་གཞོན་སྐྱེས་ཚོར་རང་ཉིད་ཀྱི་རིག་གཞུང་དང་སྐད་ཡིག་སོགས་ངོ་སྤྲོད་བྱས་ནས་ཁོང་ཚོའི་སེམས་ནང་བོད་མིའི་ངོ་བོ་མ་བརླག་པར་ཡིད་ལ་འཇགས་ཐབས་གནང་གི་ཡོད་པ་རེད།

ད་ལན་གྱི་ལས་རིམ་ཐོག་མར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་ཝ་ཤིང་ཊོན་གྲོས་ཚོགས་འཐུས་མི་ལྕམ་སྐུ་ Pramila Jayapal ལགས། དེ་བཞིན་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་ནས་དགའ་བསུའི་འཚམས་འདྲི་གནང་བ་དང་སྦྲགས། སྐབས་དེར་སྲིད་སྐྱོང་མཆོག་གིས་དེ་སྔ་ཁོང་བོད་ཀྱི་དུས་ཆེན་ཐོག་ལྷན་ཞུགས་གནང་བའི་གོ་སྐབས་བྱུང་བར་དྲན་གསོ་དང་སྦྲགས། བོད་ཀྱི་དུས་ཆེན་འདིའི་ཐོག་བོད་མི་རྣམས་ནས་བོད་ཀྱི་ཐུན་མིན་རིག་གཞུང་འགྲེམས་སྟོན་གནང་བ་དང་སྒོས་བོད་ཕྲུག་ཚོས་སྤོབས་པ་ལྡན་པའི་ཐོག་ནས་རྐང་བྲོ་གླུ་གཞས་སོགས་གཟིགས་འབུལ་སྐབས་བོད་ཕྲུག་རྣམས་ཀྱི་ཡིད་ལ་རང་ཉིད་བོད་མི་ཞིག་ཡིན་པའི་ཚོར་ཤུགས་ཆེན་པོ་སྤྲོད་བཞིན་ཡོད་པའི་ལས་དོན་གལ་གནད་ཅན་ཞིག་ཆགས་ཡོད་པར་གསུངས་ཡོད།

ལྷག་པར་དུ་དུས་ཆེན་འདིའི་ཐོག་མངའ་སྡེའི་སྲིད་སྐྱོང་གཞོན་པ་དང་ Seattle གྲོང་སྡེའི་སྤྱི་ཁྱབ་སོགས་ནས་མཉམ་ཞུགས་གནང་ཡོད་པས་མི་སྣ་དེ་དག་དུས་ཆེན་འདིར་ལྷན་ཞུགས་གནང་བ་དེས་བོད་ཀྱི་རྩ་དོན་ལ་རྒྱབ་སྐྱོར་གྱི་རྣམ་པ་མཚོན་ཡོད་སྐོར་གསུངས་སོང་། 

དེ་བཞིན་ལྕམ་སྐུ་ Pramila Jayapal ལགས་ཀྱིས།  ཝ་ཤིང་ཊོན་བོད་རིགས་སྤྱི་མཐུན་ཚོགས་པ་ནས་དུས་དང་རྣམ་པ་ཀུན་ཏུ་རང་གི་ངོ་བོ་དང་རིག་གཞུང་མི་ཉམས་གོང་འཕེལ་སླད་ཧུར་བརྩོན་གནང་བ་དེས་སོ་སོ་སྒེར་ལ་བློ་སྤོབས་སྐྱེས་གཞི་ཞིག་ཏུ་འགྱུར་ཡོད་པ་གསུངས་སོང་། སྤྱིར་ཝ་ཤིང་ཊོན་གྲོས་ཚོགས་འཐུས་མི་ལྕམ་སྐུ་ Pramila Jayapal ལགས་ནི་དེ་སྔ་ཕྱི་ལོ་ ༢༠༡༧ ལོར་ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་བཞུགས་སྒར་དུ་བཅར་བའི་ཁོངས་སུ་ཡོད་པ་ཞིག་ཡིན་པ་མ་ཟད།  ཁོང་གིས་སྐབས་དེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་དངོས་སུ་ཞལ་མཇལ་ཞུས་པ་དང་། དེ་བཞིན་སྲིད་སྐྱོང་མཆོག་དང་མཇལ་འཕྲད་གནང་བར་མ་ཟད་བོད་མིའི་སྒྲིག་འཛུགས་ཀྱི་ཕྱག་ལས་གནང་ཁག་ལ་གཟིགས་ཏེ་ཁོང་སྐུ་སྒེར་ནས་བོད་དོན་དང་འགྲོ་བ་མིའི་ཐོབ་ཐང་ཐད་ཕྱག་ལས་མུ་མཐུད་གནང་རྒྱུར་སེམས་འགུལ་ཐེབས་སོང་ཞེས་གསུངས་ཡོད།   

འབྲེལ་ཡོད་གསར་གནས།

གསར་གནས།