Tibetan Royal Year of 2151 | Year of the Wood Dragon

མེཀ་སི་ཀོ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཆེས་ཐོག་མ་གསར་འཛུགས།

Tibetan News Headlines

  • Press watchdog RSF: China’s communist regime leads world in repression of journalistic rights
  • Sikyong Penpa Tsering meets President of South Tyrol, before leaving for Berlin
  • Xi Jinping faces strong protests from Tibetans and rights advocates in Paris
  • Nancy Pelosi honored with Presidential Medal of Freedom, US highest civilian award
  • Tibetan MMA fighter Rinchen Griffithsgolha makes history with first professional victory
  • History Feature: Panchen Rinpoche’s Footprints Across Tibet

རེས་གཟའ་ཟླ་བ། ༢༠༢༤།༠༥།༠༦

  • རྒྱ་ནག་ནི་གསར་འགོད་རང་དབང་གི་གནས་སྟངས་ཆེས་ཞན་ཤོས་ཡིན་པ་ཐེར་འདོན།
  • སྲིད་སྐྱོང་མཆོག་ལྷོ་ཊེ་རོལ་རང་སྐྱོང་མངའ་སྡེའི་སྲིད་འཛིན་དང་མཇལ་མོལ་གནང་རྗེས་འཇར་མ་ནིའི་རྒྱལ་ས་ Berlin དུ་ཕེབས་འབྱོར།
  • ཞི་ཅིན་ཕིང་ལ་ཧྥ་རན་སིར་བསླེབས་སྐབས་བོད་མིས་ངོ་རྒོལ།
  • ལྕམ་ Pelosi མཆོག་ཨ་རིའི་ལོ་རྒྱུས་ནང་གྲོས་ཚོགས་ཀྱི་ཚོགས་གཙོ་ཆེས་རླབས་ཆེན་ཞིག་ཡིན་པའི་ཆེ་བསྟོད།
  • བོད་མི་ཞིག་གིས་ཁུ་ཚུར་དྲག་རྩལ་གྱི་ཆེད་ལས་རྩེད་འགྲན་ནང་ཆེས་ཐོག་མ་མཉམ་ཞུགས་ཀྱིས་རྒྱལ་ཁ་ཐོབ་འདུག
  • བོད་ཀྱི་རྒྱལ་རབས་དང་ལོ་རྒྱུས། ༸པཎ་ཆེན་ཨེར་ཏེ་ནི་ཞིབ་འཇུག་ལས་ལེའུ་དྲུག་པ་བོད་ཁམས་ཞབས་ཀྱིས་བཅགས་པ།

མེཀ་སི་ཀོ་གྲོས་ཚོགས་ཀྱི་ཚོགས་གཙོ་གཞོན་པ་གྲོས་ཚོགས་འཐུས་མི་ Salvador Caro Cabrera མཆོག་གི་སྣེ་ཁྲིད་འོག་མེཀ་སི་ཀོ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཆེས་ཐོག་མ་གསར་འཛུགས་གནང་འདུགཁ་སང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་གནས་ཚུལ་སྤེལ་བར། ཁ་ཉིན་ཕྱི་ཟླ་ ༡༡ ཚེས་ ༨ ཉིན་མེཀ་སི་ཀོ་གྲོས་ཚོགས་ནང་སྐུ་ཞབས་ Salvador Caro Cabrera ལགས་ཀྱིས་མེཀ་སི་ཀོ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གནང་བའི་གསལ་བསྒྲགས་གནང་ཡོད་པ་དང་འབྲེལ་ཏེ། གྲོས་ཚོགས་འཐུས་མི་བཅུ་དགུས་རྒྱབ་སྐྱོར་ཡོད་པའི་མཚན་རྟགས་བཀོད་ཟིན་པ་དང་གྲོས་ཚོགས་འཐུས་མི་དྲུག་ནས་མཚན་རྟགས་བཀོད་རྒྱུར་ཞལ་བཞེས་གནང་འདུག་པ་བཅས་ཁྱོན་གྲོས་ཚོགས་འཐུས་མི་ ༢༥ ལས་གྲུབ་པའི་ Mexico གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཆེས་ཐོག་མ་གསར་འཛུགས་གནང་འདུགཁ་ཉིན་མེཀ་སི་ཀོ་གྲོས་ཚོགས་ནང་ལེ་ཊིན་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་འཇིགས་མེད་ཚེ་རིང་ལགས་ཆེད་བཅར་ཐོག་སྐུ་ཞབས་ Salvador Caro Cabrera ལགས་ཀྱིས་ Tibet Friends ཞེས་མེཀ་སི་ཀོ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གནང་བའི་གསལ་བསྒྲགས་བསྐྱངས་པ་དང་འབྲེལ། ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་འདེམས་སྒྲུག་དང་ཚོགས་པའི་མ་འོངས་ལས་དོན་གནང་ཕྱོགས་སོགས་ཀྱི་སྐོར་ལ་གྲོས་བསྡུར་གནང་ཡོད། སྐུ་ཚབ་དོན་གཅོད་འཇིགས་མེད་ཚེ་རིང་ལགས་ཀྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་རྣམ་གཉིས་ཀྱིས་དགའ་བསུའི་འཚམས་འདྲི་གནང་བའི་གསུང་འཕྲིན་སྒྲོག་སྦྱང་གནང་བའི་ནང་བཀའ་སྤྱི་གཉིས་ཀྱི་ངོས་ནས་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གནང་ཐུབ་པར་དགྱེས་ཚོར་བྱུང་བ་དང་སྦྲགས། མེཀ་སི་ཀོ་ནང་དུ་བོད་དོན་རྒྱབ་སྐྱོར་བ་ཚོགས་སྒེར་ཡོངས་ལ་ཐུགས་རྗེ་ཆེ་ཞེས་དང་སླད་མར་མུ་མཐུད་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་འདུགགསར་འགོད་པས་དེ་རིང་སྐུ་ཚབ་དོན་གཅོད་འཇིགས་མེད་ཚེ་རིང་ལགས་སུ་ཞལ་པར་བརྒྱུད་བཀའ་འདྲི་ཞུས་སྐབས་ཁོང་གིས་གཙོ་བོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བྱིན་རླབས་དང་དེ་བཞིན་འདི་ལོའི་ཕྱི་ཟླ་དྲུག་པ་ནང་ཚོགས་པའི་རྒྱལ་སྤྱིའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ནས་མེཀ་སི་ཀོ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་ཀྱི་བརྒྱུད་རིམ་དབུ་འཛུགས་གནང་ཡོད་སྐོར་སོགས་ཞིབ་རྒྱས་ངོ་སྤྲོད་དང་ཆབས་ཅིག་ཁ་ཉིན་གྲོས་ཚོགས་ནང་གི་ལས་རིམ་གྲུབ་མཚམས་སུ་གྲོས་ཚོགས་འཐུས་མི་ཟུར་པ་བོད་དོན་རྒྱབ་སྐྱོར་བ་ཁག་གཅིག་གིས་ཀྱང་ཚོགས་ཞུགས་གནང་རྒྱུའི་དགོངས་པ་ཡོད་པ་མངོན་གསལ་གནང་ཡོད་པ་གསུངས་སོང་།དེ་བཞིན་ཟླ་ ༡༡ ཚེས་ ༦ དང་ ༧ བཅས་ཉིན་གྲངས་གཉིས་རིང་ལེ་ཊིན་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་འཇིགས་མེད་ཚེ་རིང་ལགས་ཅི་ལཱི་ཡུལ་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་བ་དང་འབྲེལ་རྒྱ་ནག་གཞུང་གི་དྲག་གནོན་འོག་བོད་ནང་འཕྲད་བཞིན་པའི་ཛ་དྲག་གནས་སྟངས་གཙོས་བོད་དོན་ཞུ་གཏུག་གནང་འདུག་པར་མ་ཟད། གསར་དུ་བདམས་ཐོན་བྱུང་བའི་ཅི་ལཱིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་སྐུ་ཞབས་ Vlado Mirosevic  མཆོག་དང་མཇལ་འཕྲད་ཀྱིས་འཚམས་འདྲི་ཞུས་པ་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་ཐོག་བཀའ་མོལ་ཞུས་ཡོད།

 

འབྲེལ་ཡོད་གསར་གནས།

གསར་གནས།