Tibetan Royal Year of 2151 | Year of the Wood Dragon

འདས་པའི་བདུན་ཕྲག་གཅིག་གི་ནང་བོད་མི་ ༤༢༩ ལ་ནད་དུག་ཕོག་འདུག

Tibetan News Headlines

  • Conversation with TWA members on Association’s mission, outreach, and youth engagement strategies

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོ་བོ་དང་ལས་དོན། གཞོན་སྐྱེས་མཉམ་ཞུགས་སྐོར་གླེང་མོལ།

བོད་མིའི་སྒྲིག་འཛུགས་ཀྱི་ཏོག་དབྱིབས་ ༡༩ ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་ཐེངས་ ༩༤ པའི་ཐོག་འདས་པའི་བདུན་ཕྲག་འདིའི་ནང་བོད་མི་གནས་ཡུལ་ས་གནས་ཁག་ནས་ཁྱོན་བོད་མི་༤༢༩ ལ་ཏོག་དབྱིབས་ནད་དུག་ཕོག་ཡོད་པ་གསུངས་སོང།དེ་ཡང་ཛ་དྲག་ཚོགས་ཆུང་གི་གསར་འགོད་འབྲེལ་མཐུད་པ་གསོ་རིག་སྨན་པ་ཚེ་རིང་མཚམས་གཅོད་ལགས་ཀྱིས་འདས་པའི་བདུན་ཕྲག་ནང་བོད་མི་༤༢༩ ལ་ནད་དུག་ཕོག་ཡོད་པ་དང་། ནད་དུག་ཕོག་མཁན་གྱི་ཁྲོད་ནས་ལོ་ན་རྒན་ཤོས་ ༩༠ དང་ལོ་ན་ཆུང་ཤོས་ལོ་གཅིག་ཆགས་ཀྱི་ཡོད་ཀྱང་འདས་པའི་བདུན་ཕྲག་ནས་བོད་མི་གཅིག་ཀྱང་འདས་གྲོངས་སུ་ཕྱིན་མེད་འགྲེལ་བརྗོད་གནང་སོང་།གསར་འགོད་གསལ་བསྒྲགས་ཀྱི་ཐོག་མར་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་གཞོན་བསྟན་འཛིན་ཀུན་བཟང་ལགས་ཀྱིས་ཏོག་དབྱིབས་གཉན་སྲིན་གྱི་ངོ་བོ་གྱུར་བའི་ཨོ་མི་ཀི་རོན་ གྱི་ནད་དུག་དེ་བོད་མིའི་སྤྱི་ཚོགས་སུ་ཁྱབ་བརྡལ་ཤུགས་ཆེར་འགྲོ་བཞིན་པའི་སྐབས་དང་བསྟུན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་བལ་གཉིས་ཀྱི་ས་གནས་འགོ་འཛིན་རྣམ་པ་སྡེ་ཚན་གཉིས་སུ་ཆ་བགོས་ཀྱི་གནས་སྟངས་རྒྱུས་ལོན་དང་ལམ་སྟོན་སོགས་གནང་རྒྱུའི་ཚོགས་འདུ་སྐོང་ཚོགས་གནང་བཞིན་ཡོད་སྐོར་ངོ་སྤྲོད་དང་འབྲེལ། ཚོགས་འདུ་བརྒྱུད་དེ་ཆེད་ལས་སློབ་སྟོན་པ་སྨན་པ་ཚེ་བརྟན་ལགས་ཀྱིས་བོད་མི་ཚོས་སྔོན་འགོག་ཐབས་ལམ་ངེས་པར་དུ་སྤྱོད་དགོས་པ་དང་སྔོན་ཁབ་ངེས་པར་རྒྱག་དགོས་པའི་ལམ་སྟོན་གནང་ཡོད་པ་གསུངས་སོང་།ད་དུང་བོད་མིའི་གཞིས་ཆགས་བཅུ་གྲངས་ཤིག་གི་ནང་དུ་ཕྱི་ནས་འགྲུལ་བ་སླེབས་པའི་ཉེར་ལན་ལ་བརྟེན་ནས་ནད་གཞི་ཁྱབ་བརྡལ་ཆེན་པོར་ཕྱིན་ཡོད་སྟབས། འགྲུལ་བཞུད་པ་རྣམས་ནས་ངེས་པར་དུ་བརྟག་དཔྱད་དང་འགོག་དབྱེ་ཟུར་འཇོག་ལ་བཞུགས་དགོས་པའི་ལམ་སྟོན་དང་འབྲེལ། བོད་མི་ཚོས་འདས་པའི་ལོ་རྒྱུས་ལས་སློབ་གསོ་བླངས་ནས་འགན་བཞེས་དགོས་པར་གསུངས་སོང་།
དེ་བཞིན་ཕྱི་ལུགས་སྨན་པ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་རྒྱ་གར་གྱི་ནང་འདས་པའིི་ཆུ་ཚོད་ ༢༤ ནང་ ནད་དུག་ཕོག་མཁན་འབུམ་གཉིས་དང་སྟོང་ཕྲག་བཞི་བཅུ་ཞེ་བདུན་བྱུང་ཡོད་པ་དང་ད་ཆ་རྒྱ་གར་ནང་ནད་རླབས་གསུམ་པ་སླེབས་ཟིན་པ་ཞིག་ཡིན་པ་མ་ཟད། ནད་གཞིའི་འཕར་ཚད་ལ་གཞིགས་ན་བདུན་གཅིག་གི་ནང་དུ་ལྡབ་ལྔ་ཙམ་འཕར་ཡོད་ནའང་ད་ལྟའི་ནད་རླབས་ཀྱི་སྐབས་སུ་སྔར་གྱི་ Delta Variant སྐབས་ཀྱི་ནད་གཞི་ལྟར་ལྗིད་པོ་མེད་སྟབས། ཚང་མས་ལྷོད་ཡངས་སུ་མི་གཏོང་བར་ཁ་རས་གྱོན་རྒྱུ་སོགས་སྔོག་འགོ་གི་ཐབས་ལམ་ཁག་ངེས་པར་དུ་སྤྱོད་དགོས་པ་གསུངས་སོང་།གཞི་རྕའི་ཟླ་བ་འདིའ་ཚེས་༡༠ ནས་རྒྱ་གར་དབུས་གཞུང་གིས་ལམ་སྟོན་ལྟར་མདུན་སྐྱོད་ཞབས་ཞུ་བ་གཙོས་ལོ་ན་༦༠ཡན་ལ་ནུས་ཤུགས་སྔོན་ཁབ་གསུམ་པ་སྐྱོན་རྒྱུའི་ལམ་སྟོན་གནང་བ་ལྟར། འདས་པའི་བདུན་ཕྲག་འདིའི་ནང་བོད་མི་མདུན་སྐྱོད་ཞབས་ཞུ་བ་ ༢༨༤ དང་ ལོ་ན་ ༦༠ ཡན་གྱི་བོད་མི་ ༡༠༩༧ ལ་ནུས་ཤུགས་སྔོན་ཁབ་་གསུམ་དེ་སྐྱོན་ཡོད་པ་མ་ཟད། ལོ་ན་ ༡༥ ནས་༡༧ བར་གྱི་བོད་ཕྲུག་གྲངས་ ༡༠༧༨ ལ་སྔོན་ཁབ་སྐྱོན་འདུག་པ་དང་། ད་བར་རྒྱ་བལ་གཉིས་སུ་བོད་མི་ཁྱོན་ ༧༤༨༩ ལ་ནད་དུག་ཕོག་ཡོད་པའི་ཁོངས་སུ་བོད་མི་ ༦༨༣༢ དྲག་སྐྱེད་བྱུང་འདུག་པ་དང་། བོད་མི་ ༡༦༢ ནད་གཞི་དེའི་རྐྱེན་ཀྱིས་འདས་གྲོངས་སུ་ཕྱིན་འདུག་པ་མ་ཟད། ད་ལྟའི་ཆར་བོད་མི་ ༤༩༥ ནད་དུག་དེས་མནར་བཞིན་པ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།