འོས་བསྡུ་དེབ་འགོད་གནང་མཁན་གྲངས་ ༩༡,༠༤༢  བྱུང་བ་དང་སྲིད་སྐྱོང་འོས་མིར་བཞེངས་མཁན་ཞིག་གི་གདམ་བྱ་འདེམས་བྱེད་ཀྱི་ཐོབ་ཐང་འཕྲོག་པ།

Tibetan News Headlines

  • In conversation with Asanga Vajra Rinpoche of the Khön Family of Sakya Phuntsok Phodrang

ཪེས་གཟའ་སྤེན་པ། ༢༠༢༦།༡༡།༠༧

  • དཔལ་ས་སྐྱ་པ་ཕུན་ཚོགས་ཕོ་བྲང་གི་འཁོན་གདུང་༸སྐྱབས་མཆོག་ཨ་སངྒ་བཛྲ་རིན་པོ་ཆེ་དང་གླེང་མོལ།

དེ་རིང་དབུས་འོས་བསྡུ་ལས་ཁང་ནས་ཕྱི་ལོ་ ༢༠༢༥-༢༦ ལོའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོའི་ལས་དོན་དང་འབྲེལ་བའི་གསར་འགོད་ལྷན་ཚོགས་ཐེངས་གཉིས་པ་སྐོང་འཚོགས་གནང་སྟེ་ཐེངས་འདིའི་བཙན་བྱོལ་བོད་མིའི་འོས་བསྡུ་ཆེན་མོའི་ནང་འོས་འཕེན་པའི་མིང་གཞུང་དེབ་འགོད་གནང་མཁན་བོད་མི་གྲངས་ ༩༡,༠༤༢ བྱུང་ཡོད་པ་དང་།  དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་འོས་མིར་བཞེངས་མཁན་བཀྲ་ཤིས་སྟོབས་རྒྱལ་ནས་འོས་བསྡུའི་སྒྲིག་གཞིར་འགའ་འཛོལ་བྱུང་བས་ཁོང་ལ་ལོ་ལྔའི་རིང་འོས་བསྡུའི་གདམ་བྱ་འདེམས་བྱེད་ཀྱི་ཐོབ་ཐང་འཕྲོག་པའི་ཐག་གཅོད་བཅད་ཁྲ་གནང་སོང་།

Over 91,000 Tibetans Register to Vote for 2026 Elections as Tashi Topgyal Barred from Sikyong Race

དེ་ཡང་དེ་རིང་སྔ་དྲོ་ཕྱག་ཚོད་ ༡༠ པའི་ཐོག་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་ནང་དུ།  བོད་མིའི་སྒྲིག་འཛུགས་ཀྱི་དབུས་འོས་བསྡུའི་སྤྱི་ཁྱབ་འགན་འཛིན་བློ་བཟང་ཡེ་ཤེས་ལགས་དང་འགན་འཛིན་ལས་འཕར་སྤྱི་ཟུར་ཚེ་རིང་གཡུ་སྒྲོན་ལགས།  དེ་བཞིན་དྲུང་ཆེ་ཟུར་པ་སྣང་ས་ཆོས་སྒྲོན་ལགས་བཅས་དབུ་བཞུགས་ཐོག་གསར་འགོད་ལྷན་ཚོགས་ཤིག་སྐོང་འཚོགས་དང་འབྲེལ།  ཕྱི་ལོ་ ༢༠༢༥-༢༦ ལོའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོ་སླད་དུ་འོས་འཕེན་པའི་མིང་གཞུང་དེབ་འགོད་ཀྱི་ལས་དོན་འགོ་འཛུགས་ཀྱིས་ཉེ་ཆར་མཇུག་སྒྲིལ་ཞུས་ཡོད་པའི་ནང་རྒྱ་བལ་འབྲུག་གསུམ་ནང་ཁྱོན་འོས་འཕེན་པའི་དེབ་སྐྱེལ་གྲངས་ ༥༦༧༤༩ དང་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་འོས་འཕེན་པའི་དེབ་སྐྱེལ་གྲངས་ ༣༤༢༩༣ བཅས་ཁྱོན་བསྡོམས་དེབ་འགོད་གནང་མཁན་འོས་འཕེན་པ་གྲངས་ ༩༡༠༤༢ བྱུང་ཡོད་པ་གསལ་བསྒྲགས་སྤེལ་སོང་།  དེ་ནི་ཕྱི་ལོ་ ༢༠༢༡ ལོའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་ལས་རིམ་ནང་འོས་འཕེན་པའི་མིང་གཞུང་དེབ་འགོད་གནང་མཁན་དང་བསྡུར་ན་མི་གྲངས་ ༧༩༦༢ ཀྱི་མང་བ་ཆགས་ཀྱི་ཡོད་པ་རེད། 

Over 91,000 Tibetans Register to Vote for 2026 Elections as Tashi Topgyal Barred from Sikyong Race

མ་ཟད་དེ་རིང་གི་གསར་འགོད་ལྷན་ཚོགས་ཐོག་དབུས་འོས་བསྡུ་འགན་འཛིན་དང་འགན་འཛིན་ལས་འཕར་རྣམ་པས་བཀྲ་ཤིས་སྟོབས་རྒྱལ་ལུག་རྫི་ཞེས་པ་ནས་ཉེ་ལམ་ཕྱི་ལོ་ ༢༠༢༥ ཟླ་ ༡༡ ཚེས་ ༢༩ ཉིན་དྷ་ས་ས་གནས་འགོ་འཛིན་ལས་ཁང་གི་ཚོགས་ཁང་དུ་ཕྱི་ལོ་ ༢༠༢༦ ལོའི་སྲིད་སྐྱོང་འོས་མིར་བཞེངས་རྒྱུའི་གསལ་བསྒྲགས་གནང་སྐབས། འོས་བསྡུའི་སྒྲིག་གཞིར་འགལ་འཛོལ་བྱུང་ཡོད་པ་ལུང་འདྲེན་གྱིས། ཁོང་ལ་ལོ་ལྔའི་རིང་གཞུང་འབྲེལ་གདམ་བྱ་འདེམས་བྱེད་ཀྱི་ཐོབ་ཐང་འཕྲོག་རྒྱུའི་ཐག་གཅོད་ཞུས་ཡོད་པ་དང་གལ་ཏེ་འགལ་འཛོལ་འདི་རིགས་མུ་མཐུད་བྱུང་ཚེ་སྒྲིག་གསལ་ལྟར་ཉེས་ཆད་ཡན་པོར་མ་སོང་བ་གཏང་རྒྱུ་ཡིན་པའི་ནན་བརྗོད་གནང་སོང་།

དབུས་འོས་བསྡུ་ལས་ཁང་ངོས་ནས་དུ་དུང་། ཕྱི་ལོ་ ༢༠༢༥-༢༦ ལོའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོའི་ལས་རིགས་ཚགས་ཚུད་ཡོང་སླད་དང་མང་ཚོགས་ལ་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དང་རྩ་འཛིན་ལམ་སྟོན་སོགས་གོ་རྟོགས་སྤེལ་ཆེད། འདི་ལོའི་ཟླ་ ༡༠ པ་ནས་ཟླ་ ༡༢ བར་རྒྱ་གར་དང་ཕྱི་རྒྱལ་ཡུལ་གྲུའི་ནང་བོད་མིའི་འདུ་སྡོད་ས་གནས་གྲངས་ ༥༦ ནང་མང་ཚོགས་དང་ས་གནས་འོས་བསྡུ་ལས་ཁང་གི་ཚོགས་མི་སོ་སོར་ཚོགས་འདུ་ཁྱོན་བསྡོམས་ཐེངས་ ༡༠༠ འཚོགས་ཐུབ་པ་བྱུང་ནས་འོས་བསྡུ་ཆེན་མོའི་སྐབས་དཀའ་ངལ་ཁག་ལ་གདོང་ལེན་བྱེད་ཕྱོགས་ཀྱི་བྱེད་སྒོ་ལམ་སྟོན་ཁ་གསལ་ཞུས་པ་བཞིན་ཕན་ཐོགས་ཅི་ཆེ་བྱུང་ཡོད་པ་སྙན་གསེང་ཞུས་སོང་།

Over 91,000 Tibetans Register to Vote for 2026 Elections as Tashi Topgyal Barred from Sikyong Race
པར་དབང་། བཀྲ་ཤིས་སྟོབས་རྒྱལ། ངོ་དེབ།

གཞི་རྩའི་དབུས་འོས་བསྡུ་ལས་ཁང་ནས་འདི་ལོའི་ཟླ་ ༡༠ པའི་ཚེས་ ༧ ཉིན་གྱི་གསར་འགོད་ལྷན་ཚོགས་ཐོག་འོས་གཞིར་བཞེངས་མཁན་དང་དེའི་རྒྱབ་སྐྱོར་གནང་མཁན་རྣམས་ཀྱིས་འོས་བསྡུ་དང་འབྲེལ་བའི་དྲིལ་བསྒྲགས་བྱེད་ཕྱོགས་ཀྱི་རྩ་འཛིན་ལམ་སྟོན་དོན་ཚན་ ༡༤ ཅན་ཞིག་ཟུར་དུ་གཏན་འབེབས་གསལ་བསྒྲགས་གནང་ཡོད་པ་དེ་ལྟར་ཡང་། བར་ལམ་ས་གནས་ཁག་ཏུ་གཞུང་འབྲེལ་ཕྱོགས་བསྐྱོད་སྐབས་མང་ཚོགས་དང་ས་གནས་འོས་བསྡུའི་ཚོགས་མི་ཁག་ནས་དོགས་དྲི་བྱུང་བ་དང་འབྲེལ་ས་གནས་འོས་བསྡུ་ལས་ཁང་ཁག་ནས་ལས་དོན་བྱེད་ཕྱོགས་དང་མང་ཚོགས་ནས་འགན་འཁུར་ཞུ་ཕྱོགས་ཀྱི་རྩ་འཛིན་ལམ་སྟོན་དོན་ཚན་ ༨ ཅན་འཕར་མ་ཟུར་དུ་གཏན་འབེབས་ཞུས་ཡོད་པ་གསལ་བསྒྲགས་གནང་སོང་།

འབྲེལ་ཡོད་གསར་གནས།

གསར་གནས།