Tibetan Royal Year of 2151 | Year of the Wood Dragon

རོལ་རྩེད་ཀྱི་ལམ་ནས་ཐུན་མོང་གིས་རྒྱ་ནག་ལ་རྒོལ་རྒྱུའི་ལས་འཆར་འགོ་འཛུགས།

Tibetan News Headlines

  • Sikyong Penpa Tsering meets President Macron, gifts autographed photo of the Dalai Lama with French leader
  • Tibetans inside and outside Tibet mark Calligraphy Day
  • Derge protests put dams back on the agenda: Rights group calls for transparency of Dam construction plans in Tibet
  • Mexico legislators and friends of Tibet gather to strategize and reaffirm commitment to Tibet’s rights
  • Sarah College for Higher Tibetan Studies holds 23rd graduation ceremony

རེས་གཟའ་ལྷག་པ། ༢༠༢༤།༠༥།༠༡

  • སྲིད་སྐྱོང་མཆོག་གིས་ཕ་རན་སིའི་སྲིད་འཛིན་ལྷན་དུ་མཇལ་འཕྲད་གནང་འདུག
  • བོད་གཞིས་བྱེས་གཉིས་སུ་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ཉིན་མོ་སྲུང་བརྩི་ཟབ་རྒྱས་ཞུས་པ།
  • རྒྱ་གཞུང་གི་ཆུ་མཛོད་གསར་རྒྱག་གི་ལས་གཞི་ཐད་ཕྱི་གསལ་ནང་གསལ་དགོས་པའི་འབོད་སྐུལ།
  • Mexico ནང་དུ་མ་འོངས་བོད་དོན་རྒྱབ་སྐྱོར་གྱི་ལས་དོན་སྤེལ་ཕྱོགས་སྐོར་ཚོགས་འདུ་ཚོགས་པ།
  • རྡ་ས་རིགས་སློབ་མ་ལག་གཉིས་ཀྱི་སློབ་ཐོན་མཛད་སྒོ་ཚོགས་པ།

             

ཁ་སང་ཐེ་ཝན་གྱི་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཐེ་ཝན་ནང་གི་ ESC ཞེས་པའི་གཞུང་འབྲེལ་མིན་པའི་ཕྱི་འབྲེལ་འཐབ་ཇུས་ཚོགས་པས་ The reversed front ཞེས་རྒྱ་ནག་ལ་ཕར་རྒོལ་བྱེད་རྒྱུའི་རོལ་རྩེད་ཞིག་བཟོ་སྐྲུན་གནང་བཞིན་པ་དང་། ཟླ་བ་སྔོན་མའི་ཚེས་ ༡༧ ནས་ལས་གཞི་དེའི་ཆེད་ཐེ་ཝན་མང་ཚོགས་ཁྲོད་ནས་མ་དངུལ་བསྡུ་རུབ་གནང་བཞིན་འདུག

རོལ་རྩལ་གྱི་ལས་འཆར་དེའི་ནང་དུ་རྒྱ་ནག་གི་དབང་བསྒྱུར་འོག་ཡོད་པའི་ཐེ་ཝན་དང་བོད། ཧོང་ཀོང་དང་སོག་པོ། དེ་བཞིན་ཡུ་གུར་སོགས་མཉམ་འབྲེལ་གྱི་དཔུང་དམག་ཕྱོགས་གཅིག་ཏུ་བསྡུས་ཏེ། ཐུན་མོང་ཐོག་རྒྱ་ནག་དམར་ཤོག་ལ་འགོག་རྒོལ་བྱས་ཏེ་རྒྱལ་ཁ་ལེན་ཐུབ་པའི་རོལ་རྩེད་ཞིག་རེད་འདུག

རོལ་རྩེད་ལས་འཆར་བཟོ་སྐྲུན་པས་བརྗོད་པ་ལྟར་ན། ལས་འཆར་དེ་ནི་ཕྱི་འབྲེལ་གྱི་འཐབ་ཇུས་ཚོགས་པའི་ཡུན་རིང་གི་འཆར་གཞི་ཞིག་ཡིན་ཞིང་། ཚོགས་པ་དེས་རོལ་རྩེད་ཀྱི་མིང་ཐོག་ནས་རྒྱ་ནག་དམར་ཤོག་སྲིད་གཞུང་གི་འཐབ་ཕྱོགས་གཅིག་གྱུར་ལ་ངོ་རྒོལ་གྱི་འདུ་ཤེས་དྲིལ་བསྒྲགས་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད་འདུག

རོལ་རྩེད་དེའི་ཁྲོད་དུ་རྒྱ་ནག་གི་ཁ་གཏད་དུ་ལངས་བའི་རྒྱལ་ཁབ་མི་འདྲ་བའི་དཔུང་དམག་བཟོ་སྐྲུན་བྱས་ཡོད་པ་ལྟར། དཔུང་དམག་གི་འཐབ་འཛིང་གི་མི་སྣའི་ཁྲོད་དུ་ཕོ་མོ་གཉིས་ཀྱི་སྣང་བརྙན་གོ་སྒྲིག་བྱས་ཡོད་པའི་ཁྲོད་དུ། བོད་མིའི་འཐབ་འཛིང་གི་གི་དཔུང་དམག་གི་སྣང་བརྙན་དུ།  མེ་ལྕེ་ཁྲོད་དུ་དཔའ་ངར་གྱིས་འགྱིངས་བའི་གྲྭ་དམག་སྐྱེས་པ་དེའི་སྣང་བརྙན་གྱིས་བོད་ཁམས་ཡོངས་སུ་རང་ལུས་མེར་བསྲེགས་ཀྱིས་རྒྱ་ནག་ལ་ཕར་རྒོལ་བྱེད་བཞིན་པའི་མཚོན་ཐབས་བཀོད་ཡོདཔ་དང་། བོད་ཀྱི་བུད་མེད་དཔུང་དམག་གི་གཟུགས་སུ།  རྒྱ་གར་གྱི་ནང་དུ་འཚར་ལོངས་བྱུང་བའི་བོད་པའི་མི་རབས་གཉིས་པའི་བོད་ཁྱིམ་སློབ་གྲྭའི་སྒྲིག་ཆས་གྱོན་ཡོད་པའི་བུད་མེད་ཅིག་གི་སྣང་བརྙན་བཟོ་སྐྲུན་བྱས་འདུག

གཞི་རྩའི་རོལ་རྩེད་ཀྱི་ལས་འཆར་དེ་སྤྱི་ལོ་༢༠༢༡ ལོའི་ཟླ་བ་ ༡ པའི་ཟླ་མཇུག་ཏུ་སྤྱི་ཚོགས་སྟེང་ཐོན་རྒྱུ་ཡིན་པ་དང་།  ཚོགས་པ་དེས་ཟླ་བ་སྔོན་མའི་ཚེས་ ༡༧ ཉིན་ནས་བཟུང་ལས་འཆར་དེ་དང་འབྲེལ་ནས་མ་དངུལ་གྱི་ཞལ་འདེབས་བསྡུ་རུབ་བྱས་ཡོད་པ་ལྟར། ད་ལྟའི་བར་ཐེ་ཝན་གྱི་དམངས་སྒོར་ཁྲི་བཞི་བརྒྱ་ལྷག་གི་ཞལ་འདེབས་འབྱོར་ཡོད་པས།  དང་ཐོག་རོལ་རྩེད་དེ་ཏག་སེ་ཡི་ངོ་བོར་བཟོ་སྐྲུན་བྱེད་འཆར་ཡོད་པ་དང་།  གལ་ཏེ་ཞལ་འདེབས་བསྡུ་རུབ་ཀྱི་མ་དངུལ་དམངས་སྒོར་ཁྲི་གཅིག་སྟོང་ཟིན་མཚམས་སུ་དྲྭ་ཐོག་ནས་རོལ་རྩེད་ཀྱི་གཞི་རྒྱ་ཆེ་རུ་གཏོང་རྒྱུ་ཡིན་སྐོར་ཁྱབ་བསྒྲགས་གནང་འདུག

འབྲེལ་ཡོད་གསར་གནས།

གསར་གནས།