Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག་དང་མཉམ་དུ་གསང་བའི་གྲོས་མཐུན་བཞག་པ་དེ་བསྐྱར་གསོ་གནང་འཆར།

Tibetan News Headlines

  • བོད་ཀྱི་བེུད་། བལ་ཡུལ་ལྷ་མོ་ཚོགས་པའི་ཚོགས་མི་དང་གློག་བརྙན་འཁྲབ་སྟོན་པ་འཕྲིན་ལས་ལྷ་མོ་ལགས་དང་ལྷན་ཁོང་གི་སྒྱུ་སྩལ་གྱི་ལམ་བུའི་སྐོར་གླེང་མོལ།

རེས་གཟའ་ཉི་མ། ༢༠༢༤།༠༥།༠༥

  • Women of Tibet: In conversation with Thinley Lhamo, member of Nepal Tibetan opera and star in Nepalese film ‘Shambala’

སུད་སི་གཞུང་ནས་དེ་སྔ་ཕྱི་ལོ་ ༢༠༡༥ ལོར་རྒྱ་ནག་དང་མཉམ་དུ་གསང་བའི་གྲོས་མཐུན་བཞག་པ་དེ་འདི་ལོའི་ཟླ་ ༡༢ ནང་གྲོས་མཐུན་གྱི་དུས་ཡུན་རྫོགས་ཉེ་དང་བསྟུན་སུད་སི་ནས་གྲོས་མཐུན་དེ་བསྐྱར་གསོ་གནང་འཆར་འདུག 

སྤྱིར་གསང་བའི་གྲོས་མཐུན་བརྒྱུད་དེ་རྒྱ་ནག་གི་གཞུང་འབྲེལ་ལས་བྱེད་སུད་སི་ནང་ཡོང་ནས་ཁུལ་དེར་ཁྲིམས་འགལ་ཐོག་གནས་བཞུགས་གནང་བའི་རྒྱ་རིགས་མི་སེར་ཚོར་འགོག་རྐྱེན་མེད་པར་འདྲི་རྩད་གནང་ཆོག་པའི་གྲོས་མཐུན་ཞིག་ཆགས་ཀྱི་འདུག གནད་དོན་དེ་འབྲེལ་ཐད་སུད་སིའི་ཕྱི་མི་ཞེབ་གཤེར་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད་ཀྱིས་སུད་སིའི་ NZZ amSontag ཞེས་པའི་གསར་ཁང་ལ་འགྲེལ་བརྗོད་གནང་བར་སུད་སི་ནས་རྒྱ་ནག་དང་མཉམ་དུ་གསང་བའི་གྲོས་མཐུན་བསྐྱར་གསོ་སླད་འབྲེལ་བ་གནང་ཡོད་པ་མ་ཟད་གསང་བའི་གྲོས་མཐུན་དེ་དེ་སྔ་སྤྱི་བསྒྲགས་མ་གནང་བ་དེ་ནི་གྲོས་མཐུན་དེ་འཛིན་སྐྱོང་དང་འབྲེལ་བ་ཡོད་པའི་གྲོས་མཐུན་ཞིག་ཡིན་པ་དང་། ལྷག་དོན་གྲོས་མཐུན་དེའི་འོག་ཕྱི་ལོ་ ༢༠༡༦ ལོར་མི་གྲངས་ ༡༣ ཙམ་ཞིག་ཕྱིར་སློག་བྱས་ཡོད་སྟབས་དེ་ནི་གྲོས་མཐུན་ལག་བསྟར་གནང་བ་ཐོག་མ་དེ་ཆགས་ཀྱི་ཡོད་པར་གསུངས་འདུག   

གཞི་རྩའི་གསང་བའི་གྲོས་མཐུན་བརྒྱུད་དེ་རྒྱ་ནག་གི་འབྲེལ་ཡོད་ལས་བྱེད་བདུན་ཕྲག་གཉིས་ཀྱི་རིང་ལ་འགོག་རྐྱེན་གང་ཡང་མེད་པར་སུད་སི་རྒྱལ་ཁབ་ནང་ཡོང་ནས་ཁུལ་དེར་ཁྲིམས་འགལ་ཐོག་གནས་བཞུགས་གནང་བའི་རྒྱ་རིགས་ཚོར་འདྲི་རྩད་གནང་ཆོག་པ་དང་སྒོས་དེ་འབྲེལ་གྱི་གནས་སྟངས་འོག་ལྷུང་མཁན་རྒྱ་རིགས་རྣམས་སོ་སོའི་ལུང་པར་ཕྱིར་སློག་གནང་གི་ཡོད་པ་རེད།  སྤྱིར་གྲོས་མཐུན་དེ་སྐྱབས་བཅོལ་མ་ཐོབ་མཁན་གང་ཟག་དང་ཁྲིམས་འགལ་ཐོག་འགྲུལ་བཞུད་གནང་མཁན། དེ་བཞིན་ངོ་སྤྲོད་ཕྱག་འཁྱེར་མེད་པའི་རྒྱ་རིགས་རྣམས་ལ་ཤུགས་རྐྱེན་སྤྲོད་ཀྱི་ཡོད་པ་རེད།   

གནད་དོན་དེའི་ཐོག་སུད་སི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Fabian Molina ལགས་ཀྱིས་སུད་སི་དང་རྒྱ་ནག་གཉིས་དབར་གསང་བའི་གྲོས་མཐུན་དེ་ནི་ངོས་ལེན་གནང་མ་ཐུབ་པ་ཞིག་དང་སུད་སི་ནས་གྲོས་མཐུན་དེ་བསྐྱར་གསོ་གནང་རྒྱུ་མེད་པར་གསུངས་པ་དང་ཆབས་ཅིག སྐུ་ཞབས་ཁོང་དང་ལྗང་ཁུ་ཚོགས་པའི་གྲོས་ཚོགས་འཐུས་མི་ལྕམ་སྐུ་ Sibel Arslan ལགས་རྣམ་གཉིས་ཀྱིས་གནད་དོན་དེ་འབྲེལ་ཐད་གླེང་སློང་གནང་འཆར་འདུག

སུད་སིའི་ཕྱི་མི་ཞིབ་གཤེར་ལས་ཁུངས་ཀྱི་མགྲིན་ཚབ་པ་ Daniel Bach  ལགས་ཀྱིས་རྒྱ་ནག་དང་ལྷན་དུ་གྲོས་མཐུན་དེའི་འོག་སུད་སིར་གནས་བཞུགས་བོད་མི་དང་ཡུ་གུར་བའི་སྐྱབས་བཅོལ་བ་རྣམས་ཚུད་ཀྱི་མེད་པར་གསུངས་འདུག  

རྩ་བའི་ཉེ་ལམ་སུད་སི་ཕྱི་སྲིད་ལས་ཁུངས་ཀྱིས་ཁུལ་དེའི་ནང་ཡོད་པའི་འབྲེལ་ཡོད་གཞི་རིམ་མི་མང་གི་ཚོགས་པ་ཁག་ཅིག་གི་སྐུ་ཚབ་དང་ལྷན་དུ་སུད་སི་གཞུང་གིས་ཕྱི་ལོ་ ༢༠༢༡ ནས་ ༢༠༢༤ བར་རྒྱ་ནག་ཐོག་འཛིན་རྒྱུའི་ཐབས་བྱུས་སྐོར་གྲོས་བསྡུར་གྱི་ལྷན་ཚོགས་ཤིག་ཚོགས་ཡོད་པ་དང་ལྷན་ཚོགས་ཐོག་མཉམ་ཞུགས་གནང་བའི་སུད་སི་དང་ལེག་ཏེན་སི་ཊ་ཡན་བོད་རིགས་མི་མང་གི་ཚོགས་གཞོན་ཕུན་ཚོགས་ལགས་དང་སུད་བོད་མཐུན་གྲོགས་ཚོགས་པའི་འགན་འཛིན་སྐུ་ཞབས་ Thomas Büchli ལགས་གཉིས་ཀྱིས་སུད་སི་ཕྱི་སྲིད་ལས་ཁུངས་ཀྱི་སྐུ་ཚབ་ Rafael Nägeli ལགས་སུ་སུད་སི་གཞུང་གི་ཕྱི་ལོ་ ༢༠༢༡ ནས་ ༢༠༢༤ བར་རྒྱ་ནག་ཐོག་འཛིན་རྒྱུའི་སྲིད་བྱུས་ཁྲོད། བོད་དང་ཤིན་ཅང་། དེ་བཞིན་ཧོང་ཀོང་བཅས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྐོར་ངེས་པར་དུ་རྒྱ་ནག་ལ་འདྲི་རྩད་དང་། གནད་དོན་དེའི་སྐོར་རྒྱལ་སྤྱིའི་གར་སྟེགས་སུ་གླེང་དགོས་པ། སུད་སི་གཞུང་ནས་ས་གནས་སུ་བོད་མི་སྐྱབས་བཅོལ་ཞུ་མཁན་རྣམས་རྒྱ་རིགས་ཁོངས་སུ་གཏོགས་པའི་སྲིད་བྱུས་དེར་བསྒྱུར་བཅོས་དགོས་པ། སུད་སི་གཞུང་ནས་རྒྱ་ནག་གི་བརྒྱུད་གཅིག་ལམ་གཅིག་གྱི་སྲིད་བྱུས་ནང་མཉམ་ཞུགས་གནང་བར་ངེས་པར་དུ་བསྐྱར་ཞིབ་གནང་དགོས་པ་སོགས་ཀྱི་སྙན་ཐོ་ཤོག་གྲངས་ ༣༡ ཅན་ཞིག་ཕུལ་ཡོད་པ་རེད། 

འབྲེལ་ཡོད་གསར་གནས།

གསར་གནས།