Tibetan Royal Year of 2151 | Year of the Wood Dragon

རྒྱ་གཞུང་གིས་བོད་མི་རིགས་དང་རིག་གཞུང་རྩ་མེད་བཟོ་བཞིན་པ་མཚམས་འཇོག་དགོས་པའི་གནོན་ཤུགས་སྤྲོད་དགོས།

Tibetan News Headlines

  • Press watchdog RSF: China’s communist regime leads world in repression of journalistic rights
  • Sikyong Penpa Tsering meets President of South Tyrol, before leaving for Berlin
  • Xi Jinping faces strong protests from Tibetans and rights advocates in Paris
  • Nancy Pelosi honored with Presidential Medal of Freedom, US highest civilian award
  • Tibetan MMA fighter Rinchen Griffithsgolha makes history with first professional victory
  • History Feature: Panchen Rinpoche’s Footprints Across Tibet

རེས་གཟའ་ཟླ་བ། ༢༠༢༤།༠༥།༠༦

  • རྒྱ་ནག་ནི་གསར་འགོད་རང་དབང་གི་གནས་སྟངས་ཆེས་ཞན་ཤོས་ཡིན་པ་ཐེར་འདོན།
  • སྲིད་སྐྱོང་མཆོག་ལྷོ་ཊེ་རོལ་རང་སྐྱོང་མངའ་སྡེའི་སྲིད་འཛིན་དང་མཇལ་མོལ་གནང་རྗེས་འཇར་མ་ནིའི་རྒྱལ་ས་ Berlin དུ་ཕེབས་འབྱོར།
  • ཞི་ཅིན་ཕིང་ལ་ཧྥ་རན་སིར་བསླེབས་སྐབས་བོད་མིས་ངོ་རྒོལ།
  • ལྕམ་ Pelosi མཆོག་ཨ་རིའི་ལོ་རྒྱུས་ནང་གྲོས་ཚོགས་ཀྱི་ཚོགས་གཙོ་ཆེས་རླབས་ཆེན་ཞིག་ཡིན་པའི་ཆེ་བསྟོད།
  • བོད་མི་ཞིག་གིས་ཁུ་ཚུར་དྲག་རྩལ་གྱི་ཆེད་ལས་རྩེད་འགྲན་ནང་ཆེས་ཐོག་མ་མཉམ་ཞུགས་ཀྱིས་རྒྱལ་ཁ་ཐོབ་འདུག
  • བོད་ཀྱི་རྒྱལ་རབས་དང་ལོ་རྒྱུས། ༸པཎ་ཆེན་ཨེར་ཏེ་ནི་ཞིབ་འཇུག་ལས་ལེའུ་དྲུག་པ་བོད་ཁམས་ཞབས་ཀྱིས་བཅགས་པ།

བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་བོད་ཀྱི་ཆབ་སྲིད་བཙོན་པ་ ༥༥༠༠ ལྷག་གི་གནས་བསྡུའི་རེའུ་མིག་བསྐྱར་སྒྲིག་ཞུས་པའི་དྲྭ་ཚིགས་གསར་པ་ཞིག་དབུ་འབྱེད་དང་སྦྲགས་ཏེ་རྒྱ་གཞུང་གི་དྲག་པོའི་སྲིད་བྱུས་འོག་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལོ་རེ་བཞིན་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་སྟབས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཙོས་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་མཁན་གྱི་ཚོགས་སྡེ་ཁག་དང་གང་ཟག་སྒེར་པ་ཡོངས་ཀྱིས་རྒྱ་ནག་གཞུང་གིས་བོད་ནང་དུ་མི་རིགས་དང་རིག་གཞུང་རྩ་མེད་བཟོ་ཐབས་ཀྱི་ལས་འགུལ་སྤེལ་བཞིན་པ་ཁག་མཚམས་འཇོག་དགོས་པའི་གནོན་ཤུགས་སྤྲོད་དགོས་ཞེས་གསུངས་འདུགཉེ་ཆར་ཟླ་བ་འདིའི་ཕྱི་ཚེས་ ༡༠ སྟེ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་དང་བསྟུན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ཕྱི་ལོ་ ༡༩༩༠ ནས་ད་བར་ཉར་ཚགས་གནང་བའི་བོད་ཀྱི་ཆབ་སྲིད་བཙོན་པ་ ༥༥༠༠ ལྷག་གི་གནས་ཚུལ་འཁོད་པའི་གནས་བསྡུས་རེའུ་མིག་ཞིག་དབུ་འབྱེད་གནང་ཡོད་པ་དང་སྐབས་དེར་ལྟེ་གནས་ཁང་གི་ཉམས་ཞིབ་པ་བསྟན་འཛིན་ཟླ་བ་ལགས་ཀྱིས་དྲ་ཚིགས་ཐོག་བཀོད་པའི་ཆབ་སྲིད་བཙོན་པ་ ༥༥༠༠ ལྷག་གི་གནས་ཚུལ་རྣམས་ལ་སྔ་ཕྱི་བར་གསུམ་དུ་རྩད་ཞིབ་ནན་པོ་ཞུས་ཏེ་གཟབ་ནན་ངང་བསྐྱར་སྒྲིག་ཞུས་པ་ཞིག་སྐོར་འགྲེལ་བརྗོད་གནང་ཡོད། ཆབ་སྲིད་བཙོན་པའི་ལོ་རྒྱུས་འཁོད་པའི་དྲ་ཚིག་གསར་པ་འདིས་འདས་པའི་མི་ལོ་ ༣༠ ལྷག་གི་རིང་རྒྱ་ནག་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོལ་རོག་བཏང་བ་དང་ད་ལྟའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་གང་འདྲ་གྱུར་ཡོད་པ་སོགས་གསལ་པོ་ཤེས་ཐུབ་ཀྱི་རེད་ཅེས་གསུངས་ཡོད།དེ་བཞིན་ལྟེ་གནས་ཁང་གི་ཉམས་ཞིབ་པ་ཉི་མ་འོད་ཟེར་ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་བསྒྱུར་རྒྱུ་དང་བོད་ཀྱི་སྐད་ཡིག་སློབ་གསོའི་སྒེར་གཉེར་སློབ་གྲྭ་མང་དག་ཅིག་རིམ་བཞིན་སྒོ་རྒྱག་ཏུ་བཅུག་པ་དང་བོད་ནང་གི་གཞུང་གཙུག་སློབ་གྲྭ་ཁག་གི་བསླབ་གཞིའི་སྐད་ཡིག་དེ་རྒྱ་ཡིག་ཏུ་བསྒྱུར་བ། སྒོ་ཤེས་རབ་རྒྱ་མཚོ་ལགས་སོགས་བོད་ཀྱི་ཤེས་ལྡན་མི་སྣ་གལ་ཆེན་མང་དག་ཅིག་དོན་མེད་དུ་འཛིན་བཟུང་བཙན་ཁྲིད་བྱས་པ་སོགས་ཀྱི་གནས་ཚུལ་ཞིབ་ཕྲ་ངོ་སྤྲོད་གནང་ཡོད་པར་མ་ཟད། ཁོང་གིས་ད་རེས་འདོན་སྤེལ་གནང་བའི་ཆབ་སྲིད་བཙོན་པའི་ལོ་རྒྱུས་དང་འབྲེལ་བའི་གནས་ཚུལ་འདིས་རྒྱ་ནག་གཞུང་གིས་བོད་ནང་ལ་དྲག་པོའི་སྲིད་བྱུས་ལག་བསྟར་བརྒྱུད་འགྲོ་བ་མིའི་ཐོབ་བརྩི་མེད་རྡོག་རོལ་གཏོང་བཞིན་པ་ཁག་ར་འཕྲོད་བྱ་རྒྱུའི་བདེན་དཔང་མཚོན་ཐུབ་ཡོད་པར་འགྲེལ་བརྗོད་དང་སྦྲགས། རྒྱལ་ཚོགས་ཀྱིས་གཙོས་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་མཁན་གྱི་ཚོགས་སྡེ་ཁག་དང་གང་ཟག་སྒེར་པ་ཡོངས་ཀྱིས་རྒྱ་ནག་གཞུང་གིས་བོད་ནང་དུ་མི་རིགས་དང་རིག་གཞུང་རྩ་མེད་བཟོ་ཐབས་ཀྱི་ལས་འགུལ་སྤེལ་བཞིན་པ་ཁག་མཚམས་འཇོག་དགོས་པའི་གནོན་ཤུགས་སྤྲོད་དགོས་ཞེས་གསུངས་འདུགབོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་བསྒྲགས་གཏམ་ནང་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་ཀྱི་དོན་ཚན་དང་པོའི་ནང་དུ་“མི་ཐམས་ཅད་སྐྱེས་དུས་ནས་རང་དབང་ཡིན་ལ་ཆེ་མཐོང་དང་ཐོབ་ཐང་འདྲ་མཉམ་ཡིན”ཞེས་འཁོད་ཡོད། དེ་ནི་འགྲོ་བ་མིའི་ཐོབ་ཐང་ཡོངས་རྫོགས་ཀྱི་སྲོག་ཤིང་ཡིན་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ ༢༠༣༠ ལོའི་ཡུན་གནས་གོང་འཕེལ་གྱི་དམིགས་ཚད་ 2030 agenda ཀྱི་སྙིང་པོ་ཡང་ཡིན། རྒྱ་ནག་གིས་ཀྱང་དམིགས་ཚད་དེ་དག་དུས་ལྟར་འགྲུབ་ཐབས་སུ་ཁས་ལེན་མང་དག་ཅིག་བྱས་ཡོད། དམིགས་ཚད་དེའི་དུས་བཀག་ཟིན་པར་ལོ་བརྒྱད་ལྷག་ཙམ་ལས་མེད་མོད། འོན་ཀྱང་བོད་གི་དངོས་ཡོད་གནས་སྟངས་ནི་“འདྲ་མཉམ་གྱི་ཆེ་མཐོང་དང་ཐོབ་ཐང་།  ཡུན་གནས་གོང་འཕེལ་གྱི་དམིགས་ཚད་”སོགས་ལས་རྒྱང་ཐག་ཇེ་རིང་ནས་ཇེ་རིང་འགྲོ་བཞིན་ཡོད་པ་སོགས་བཀོད་འདུག་པར་མ་ཟད་རྒྱལ་ཚོགས་གཙོས་ཚོགས་སྒེར་ཡོངས་ཀྱིས་རྒྱ་ནག་གཞུང་ལ་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེས་གཙོས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་མྱུར་དུ་གློད་བཀྲོལ་དགོས་པའི་དགོས་འདུན་ཆེད་འདོན་གནང་རོགས་ཞེས་རེ་སྐུལ་ཤུགས་དྲག་ཞུས་འདུག

འབྲེལ་ཡོད་གསར་གནས།

གསར་གནས།