Tibetan Royal Year of 2151 | Year of the Wood Dragon

རྒྱ་གཞུང་གིས་ཨ་རིའི་རྒྱལ་སྲུང་དང་འབྲེལ་བའི་ཚོང་ལས་ཁང་ལྔར་སྲིད་དོན་ཉེས་ཆད་བཀལ་འདུག

Tibetan News Headlines

  • Rice planting with Tashi Tobgyal, Mainpat Tibetan Settlement’s Premier Farm Cultivator
  • Saga Dawa by Yangteng Rinpoche

རེས་གཟའ་ཉི་མ། ༢༠༢༤།༠༥།༡༢

  • མན་སྤར་ཕན་བདེ་གླིང་བོད་མིའི་གཞིས་ཆགས་ཀྱི་ཞིང་པ་བཀྲིས་སྟོབས་རྒྱལ་ལགས་དང་གླེང་མོལ།
  • ས་ག་ཟླ་བ་ངོ་སྤྲོད།

ཐེ་ཝན་གྱི་རྒྱལ་ཡོངས་འོས་བསྡུ་ཆེན་མོ་འགོ་འཛུགས་བྱེད་ལ་རན་པའི་ཁྲོད། རྒྱ་ནག་གཞུང་གིས་ཐེ་ཝན་ལ་དམག་གི་གོ་མཚོན་ཚོང་བསྒྱུར་བྱས་པའི་གནད་དོན་འོག་ཨ་རིའི་རྒྱལ་སྲུང་དང་འབྲེལ་བའི་ཚོང་ལས་ཁང་ཆེ་ཁག་ལྔར་སྲིད་དོན་གྱི་ཉེས་ཆད་བཀལ་འདུག

དེའང་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱིས་ཁ་སང་ཚེས་ ༧ ཉིན་སྤྱི་བསྒྲགས་ཤིག་སྤེལ་བའི་ནང་དུ། ཨ་རིའི་ངོས་ནས་ཉེ་ལམ་ཐེ་ཝན་ལ་རྒྱལ་སྲུང་གི་མཐུན་འགྱུར་སྦྱར་བར་བརྟེན། དེར་འཁོན་ལན་གྱི་ཚུལ་དུ་ཨ་རིའི་ BAE Systems Land and Armament དང་། Alliant Techsystems Operation, AeroVironment དེ་བཞིན་ ViaSat དང་Data Link Solutions བཅས་རྒྱལ་སྲུང་དང་འབྲེལ་བའི་ཚོང་ལས་ཁང་ལྔ་མིང་འདོན་གྱིས་ཚོང་ལས་དེ་དག་གི་རྒྱ་ནག་ནང་གི་ལས་དོན་ཡོངས་སུ་བཀག་སྡོམ་དང་། ལྷག་པར་རྒྱ་ནག་གི་ཚོགས་སྒེར་ཅི་འདྲ་ཞིག་གི་ཚོང་ལས་ཁང་དེ་དག་ལ་མཐུན་འགྱུར་རིགས་ཡོངས་སུ་གཙང་བཅད་དགོས་པའི་སྲིད་དོན་ཉེས་ཆད་བཀལ་ཡོད་པ་རེད་འདུག

རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱིས་སྤེལ་བའི་སྤྱི་བསྒྲགས་ནང་། ཨ་རིའི་ངོས་ནས་ཉེ་ལམ་ཐེ་ཝན་ལ་རྒྱལ་སྲུང་གི་མཐུན་འགྱུར་སྦྱར་བའི་བྱ་སྤྱོད་དེ་རིགས་ནི་རྒྱ་ནག་གི་བདག་དབང་ལ་དོ་ཕོག་དང་། ལྷག་པར་ཡུལ་དེའི་རྒྱལ་ཡོངས་བདེ་འཇགས་ཙམ་མིན་པར་ཐེ་ཝན་མཚོ་གླིང་གི་ཞི་བདེ་བརྟན་ལྷིང་ལའང་གནོད་འཚེ་ཤུགས་ཆེ་བསྐྱལ་ཡོད་ལུགས་བཤད་པ་དང་སྦྲགས། རྒྱ་ནག་གཞུང་གིས་ཐེ་ཝན་དེ་མེས་རྒྱལ་དང་གཅིག་འགྱུར་འབད་བརྩོན་ཐད་ཕྱི་ཕྱོགས་ཀྱི་ཐེ་གཏོགས་རིགས་ལ་མཐའ་ཅིག་ཏུ་ངོ་རྒོལ་ཡོད་པ་དང་།  རྒྱ་ནག་ངོས་ནས་རང་རྒྱལ་ཁབ་ཀྱི་བདག་དབང་དང་ས་གནས་ཀྱི་གོང་བུ་སྲུང་སྐྱོབ་ཐད་ཆོད་སེམས་བརྟན་པོ་ཡིན་པ་བཤད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།