Tibetan Royal Year of 2151 | Year of the Wood Dragon

སཾ་བྷོ་ཊ་བོད་སློབ་ཚོགས་པའི་ཁྱབ་ཁོངས་སློབ་གྲྭ་ཁག་གི་འགན་འཛིན་ལྷན་ཚོགས་ཐེངས་བཅུ་དྲུག་པ།

Tibetan News Headlines

  • Gongma Rinpoche at 80: An in-depth interview with Sakya Gongma Trichen Rinpoche uncovering his life journey and biography

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • དམིགས་བསལ་ལས་རིམ། ས་སྐྱ་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་༧སྐུ་ཚེའི་མཛད་རྣམ་སྙིང་བསྡུས།

སཾ་བྷོ་ཊ་བོད་སློབ་ཚོགས་པའི་ཁྱབ་ཁོངས་སློབ་གྲྭ་ཁག་གི་ཉིན་གསུམ་རིང་གི་འགན་འཛིན་ལྷན་ཚོགས་མཇུག་སྒྲིལ་དང་འབྲེལ་ཏེ་སླད་ཀྱི་གནང་སྒོ་དང་འབྲེལ་བའི་གྲོས་ཆོད་དོན་ཚན་དྲུག་ཅན་ཞིག་གཏན་འབེབས་གནང་འདུག

དེ་ཡང་ཟླ་བ་འདིའི་ཚེས་ ༦ ནས་དེ་རིང་ཚེས་ ༨ བར་འདི་ག་བཞུགས་སྒར་དུ་རྟེན་གཞི་བྱས་པའི་རྡ་ས་ནོར་བུ་གསོལ་མགྲོན་ཁང་དུ་སཾ་བྷོ་ཊ་བོད་སློབ་ཚོགས་པཔའི་གོ་སྒྲིག་འོག་དེའི་ཁྱབ་ཁོངས་སློབ་གྲྭ་ཁག་གི་འགན་འཛིན་ལྷན་ཚོགས་ཐེངས་ ༡༦ འཚོགས་ཡོད་པ་དང་དེ་རིང་ཕྱི་ཚེས་ ༨ ཉིན་ལྷན་ཚོགས་མཇུག་སྒྲིལ་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཆེད་ཕེབས་ཐོག་སཾ་བྷོ་ཊ་བོད་སློབ་ཚོགས་པའི་ཁྱབ་ཁོངས་སློབ་གྲྭ་ཁག་གི་ལོ་འཁོར་འགན་འཛིན་ཚོགས་འདུ་ཐེངས་བཅུ་དྲུག་པ་ལེགས་གྲུབ་ངང་མཇུག་སྒྲིལ་གནང་སོང་།

ཐེངས་འདིའི་ལྷན་ཚོགས་ཀྱི་གྲོས་ཆོད་དྲུག་པོ་དེ་དག་ནི་སྔ་ལོའི་འགན་འཛིན་ཚོགས་འདུའི་གྲོས་ཆོད་ཁག་ལ་བསྐྱར་ཞིབ་དང་གཏན་འབེབས། སློབ་མའི་ཤེས་ཡོན་ཡར་རྒྱས་གཏོང་ཕྱོགས་ཀྱི་ཐབས་ལམ་གསར་གཏོད་གང་གནང་ཡོད་ཀྱི་དོན་གནད་མང་མཐར་གསུམ་དང་དེ་མིན་གདོང་ལེན་གནང་དགོས་ཅི་བྱུང་གི་དོན་གནད་མ་མཐར་གཉིས་བཅས་སྤྱན་བསྟར་བརྒྱུད་ཚོགས་ཐོག་འགྲེལ་བརྗོད་གནང་རྒྱུ། ཤེས་རིག་ལས་ཁུངས་ཀྱི་ལས་གཞི་དང་ཟབ་སྦྱོང་སོགས་དབུས་ས་གཉིས་ནས་ཚགས་ཚུད་དོན་འཁྱོལ་གནང་རྒྱུ། དེ་བཞིན་ཁྱབ་ཁོངས་སློབ་ཁག་གི་སཱི་ཤེས་ཡོན་སློབ་གསོའི་མཐུན་སྦྱོར་བ་རྣམས་ནས་ལས་འགན་བཀོད་སྒྲིག་གནང་རྒྱུ་དང་ཡིག་རྒྱུགས་ཚགས་ཚུད་གཏོང་ཕྱོགས་སོགས་ཡིན་འདུག

འབྲེལ་ཡོད་གསར་གནས།

གསར་གནས།