Tibetan Royal Year of 2151 | Year of the Wood Dragon

རྒྱ་གར་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ཏེ་ལོ་ངོ་ ༧༥ འཁོར་བར་སྲུང་བརྩི་ཞུས་པ།

Tibetan News Headlines

  • Conversation with TWA members on Association’s mission, outreach, and youth engagement strategies

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོ་བོ་དང་ལས་དོན། གཞོན་སྐྱེས་མཉམ་ཞུགས་སྐོར་གླེང་མོལ།

དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་དྷ་ས་གངས་ཅན་སྐྱིད་གཤོངས་སུ་རྒྱ་གར་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་ ༧༥ ཧྲིལ་པོ་འཁོར་བའི་གཞུང་འབྲེལ་མཛད་སྒོ་སྲུང་བརྩི་དང་སྦྲགས་སྲིད་ཚབ་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་རྒྱ་གར་གཞུང་མང་གཉིས་ལ་དགའ་བསུའི་འཚམས་འདྲི་དང་རྒྱ་གར་གཞུང་མང་གཉིས་ནི་བཙན་བྱོལ་བོད་མིར་ཤིན་ཏུ་ནས་བཀའ་དྲིན་ཆེ་བས་ཐུགས་རྗེ་ཆེ་ཞེས་ཞུས་སོང་།

དེ་རིང་ཕྱི་ཟླ་ ༡ ཕྱི་ཚེས་ ༢༦ ཉིན་གྱི་སྔ་དྲོ་ཚོུད་ ༩།༣༠ ཡོལ་ཙམ་ལ་གངས་ཅན་སྐྱིད་གཤོངས་ཀྱི་སྲི་བཟློག་མཆོད་རྟེན་གྱི་མདུན་ཐང་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཚབ་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་དབུས་པའི་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། དེ་བཞིན་སྲི་ཞུ་བ་དྲུང་གཞོན་ཡན་བཅས་ལྷན་འཛོམས་ཀྱིས་སྲིད་ཚབ་མཆོག་ནས་རྒྱ་གར་རྒྱལ་དར་མཁའ་དབྱིངས་སུ་སྒྲེང་འཛུགས་ཀྱིས་ཉིན་མོ་དེ་སྲུང་བརྩི་ཞུས་ཡོད།

སྲིད་ཚབ་མཆོག་གིས་སྐབས་དེར་དེ་རིང་རྒྱ་གར་སྤྱི་མཐུན་རྒྱལ་ཁབ་དང་མང་གཙོའི་ངོ་བོར་གྱུར་ནས་མི་ལོ་ ༧༥ ཧྲིལ་པོ་འཁོར་བའི་དུས་ཆེན་དང་བསྟུན་བོད་མིའི་སྒྲིག་འཛུགས་དང་བོད་མི་སྤྱི་ཡོངས་ཀྱི་ཚབ་ཞུས་ཏེ་རྒྱ་གར་གཞུང་མང་གཉིས་ལ་དགའ་བསུའི་འཚམས་འདྲི་ཞུས་པ་དང་སྦྲགས་ད་བར་བོད་མི་རྣམས་ལ་བསམ་བརྗོད་ལས་འདས་པའི་བཀའ་དྲིན་ཆེན་པོ་བསྐྱངས་དང་སྐྱོང་བཞིན་ཡོད་སྟབས། རྒྱ་གར་གཞུང་མང་གཉིས་ནི་བཙན་བྱོལ་བོད་མིར་ཤིན་ཏུ་ནས་བཀའ་དྲིན་ཆེ་བས་དུསརྟག་ཏུ་སེམས་ཁོང་ནས་བཀའ་དྲིན་དྲན་བཞིན་ཡོད་སྐོར་གསུངས་ཏེ་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུས་སོང་།

སྲིད་ཚབ་མཆོག་གིས་ད་དུང་རྒྱ་གར་རང་བཙན་ཐོབ་མ་ཐག་མང་གཙོའི་དུས་དྲན་སྲུང་བརྩི་ཞུ་རྒྱུ་འགོོ་འཛུགས་གནང་བ་བཞིན་བོད་མི་བཙན་བྱོལ་དུ་འབྱོར་མ་ཐག་༸གོང་ས་༸སྐྱབས་མགོན་ཆེན་པོས་མང་གཙོ་གསོལ་བསྩལ་གནང་བ་ལྟར། མང་གཙོའི་ལམ་ལུགས་སུ་བོད་ཀྱི་ཡུལ་མི་ཚང་མར་ཐོབ་ཐང་གཅིག་མཚུངས་ཡོད་པ་ལྟར་འགན་ཡང་གཅིག་མཚུངས་ཡོད་པ་ཞིག་ཡིན་པ་མཁྱེན་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པ་དང་། ༡༩༦༠ ནས་ད་བར་༸གོང་ས་མཆོག་གིས་དབུས་པའི་སྐབས་དེའི་དུས་ཀྱི་སྲི་ཞུ་ལས་བྱེད་པ་ཚོས་སྐུ་ལས་དུ་མ་སྐྱོན་པའི་མང་གཙོའི་ལམ་ལུགས་དེ་ད་ཆ་ང་ཚོའི་ངོས་ནས་ལག་བསྟར་ཚད་ལྡན་ཞིག་ཏུ་འོང་བའི་སྒོ་ནས་མང་གཙོའི་ཐོབ་ཐང་ལོངས་སུ་སྤྱོད་རྒྱུ་ཡོད་པ་བཞིན་མང་གཙོའི་འགན་དེ་ཚད་དང་ལྡན་པ་ཞིག་ཁྱེར་དགོས་རྒྱུ་ནི་ཤིན་ཏུ་ནས་གལ་ཆེ་བ་ཞིག་ཡིན་པ་གསུངས་སོང་།

འབྲེལ་ཡོད་གསར་གནས།

གསར་གནས།