Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག་གཞུང་ལ་༸པཎ་ཆེན་རིན་པོ་ཆེའི་གནས་ཚུལ་གསལ་བཟོ་དགོས་པར་ནན་བརྗོད།

Tibetan News Headlines

  • US religious freedom watchdog warns of sinicization and assimilation of Tibetan religious and cultural identities
  • US sanctions 31 China-based companies over Russia
  • Xi Jinping to meet French President Macron and EU Chief in Paris next week
  • CTA begins house allocation programmes for Tibetans not facilitated in the refugee settlements
  • Dharamshala hosts conference on promotion and preservation of Tibetan language

རེས་གཟའ་ཕུར་བུ། ༢༠༢༤།༠༥།༠༢

  • རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་ལ་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་མངོན་གསལ་གནང་འདུག
  • ཨ་རིའི་གཞུང་གིས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ ༣༡ ལ་སྲིད་དོན་ཉེས་ཆད་བཀལ་བ།
  • ཞི་ཅིང་ཕིང་གིས་ཕ་རན་སིའི་སྲིད་འཛིན་དང་ཡོ་རོབ་མཐུན་ཚོགས་ཀྱི་གཙོ་འཛིན་ཐུག་འཕྲད་བྱ་འཆར།
  • བོད་མི་སྡོད་ཁང་མེད་པ་རྣམས་ལ་རུབ་སྡོད་གཞིས་སྒར་ནང་སྡོད་ཁང་བགོས་འགྲེམས་ཀྱི་ལས་གཞི་དངོས་སུ་དབུ་འཛུགས།
  • བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་དར་འཕེལ་སྐོར་བགྲོ་གླེང་དབུ་འཛུགས།

ཁ་སང་ཕྱི་ཟླ་ ༥ ཚེས་ ༡༧ ཉིན་མོ་སྟེ་དེ་སྔ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱིར་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ངོས་འཛིན་མཛད་པའི་༸པཎ་ཆེན་༸སྐུ་ཕྲེང་བཅིུག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གིས་དབུས་པའི་ཡབ་ཡུམ་སྐུ་འཁོར་དང་བཅས་པ་རྒྱ་ནག་གཞུང་གིས་བཙན་ཁྲིད་བྱས་ནས་གར་སོང་ཆ་མེད་དུ་གྱུར་ཏེ་མི་ལོ་ ༢༨ ཧྲིལ་པོ་འཁོར་བའི་དུས་ཚིགས་དང་བསྟུན་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་ནག་གཞུང་ལ་༸པཎ་ཆེན་རིན་པོ་ཆེའི་གནས་ཚུལ་ཁ་གསལ་བཟོ་དགོས་པ་དང་བོད་མིའི་གཞི་རྩའི་རང་དབང་ལ་གུས་བརྩི་ཞུ་དགོས་ཞེས་ནན་བརྗོད་གནང་འདུག

བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་བསྒྲགས་གཏམ་ཞིག་འདོན་སྤེལ་གནང་འདུག་པ་ལྟར་དེའི་ནང་རྒྱ་ནག་གཞུང་གིས་ལོ་ངོ་ ༢༨ སྔོན་ལ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་རིན་པོ་ཆེ་མཆོག་དང་ཁོང་གི་ནང་མི་སྐུ་འཁོར། དེ་བཞིན་བྱ་བྲལ་རིན་པོ་ཆེ་བཅས་བཙན་ཁྲིད་བྱས་པ་ནས་བཟུང་ད་བར་གར་སོང་ཆ་མེད་དུ་གྱུར་བའི་གནད་དོན་རྣམས་ཞིབ་རྒྱས་ངོ་སྤྲོད་དང་སྦྲགས་ཏེ་འཛམ་གླིང་ནང་གར་སོང་ཆ་མེད་དུ་གྱུར་ནས་དུས་ཡུན་རིང་ཤོས་སོང་བ་༸པཎ་ཆེན་རིན་པོ་ཆེ་མཆོག་གི་གནད་དོན་དེས་བོད་ནང་རྒྱ་གཞུང་གིས་བཙན་རྒྱལ་དབང་བསྒྱུར་ཁྲོད་བོད་མིར་སྡུག་རྩུབ་ཆེ་བའི་དྲག་གོན་ཇི་ཙམ་བྱེད་བཞིན་ཡོད་པ་མངོན་གསལ་ཆགས་ཡོད་སྐོར་གསུངས་པ་ཆབས་ཅིག རྒྱ་གཞུང་གིས་༸པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ལ་ཐེ་བྱུས་བྱས་པ་དེས་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་ལ་བརྩི་མེད་རྡོག་རོལ་ཇི་ཙམ་བཏང་ཡོད་པ་མངོན་གསལ་བྱས་ཡོད་ཅེས་གསུངས་འདུག

ལྷག་པར་དུ་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་ཁྲིམས་སྒྲིག་མང་དག་ཅིག་ལ་རྒྱབ་སྐྱོར་མཚན་རྟགས་བཀོད་ཡོད་པ་དང་ལག་ལེན་བསྟར་རྒྱུའི་ཁས་ལེན་བྱས་ཡོད་ཀྱང་། བོད་ནང་དུ་བོད་མིའི་འགྲོ་བ་མིའི་ཐོང་ལ་བརྩི་མེད་རྡོག་རོལ་བཏང་བར་མ་ཟད། ༸པཎ་ཆེན་རིན་པོ་ཆེའི་གནད་དོན་ཐད་རྒྱལ་སྤྱིའི་གཞུང་ཚོགས་འདྲ་མིན་གྱིས་ད་བར་རྒྱ་ནག་གཞུང་ལ་གནས་ཚུལ་ཁ་གསལ་བཟོ་དགོས་པའི་སྐུལ་མ་ཇི་ཙམ་སྤེལ་མིན་ལ་མ་ལྟོས་པར་རྒྱ་ནག་གཞུང་ནས་ད་བར་དེ་ལྟར་བྱས་མེད་ཅེས་བཤད་པ་དང་འབྲེལ། རྒྱ་ནག་གཞུང་ལ་༸པཎ་ཆེན་རིན་པོ་ཆེ་དང་ཁོང་གི་ནང་མི་སྐུ་འཁོར་བཅས་པ་གང་དུ་ཡོད་མེད་ཀྱི་གནས་ཚུལ་ཁ་གསལ་བཟོ་དགོས་པ་དང་། བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་སྲུང་ཞུས་ཏེ་བོད་མིའི་སྤྱི་ཚོགས་ཁྲོད་དུ་སྤྱི་ཚོགས་སྣེ་ཁྲིད་པ་དང་ལས་འགུལ་བ། དེ་བཞིན་ཆོས་ཕྱོགས་ཀྱི་དབུ་ཁྲིད་རྣམས་འཛིན་བཟུང་དང་གར་སོང་ཆ་མེད་བཟོ་བའི་ལས་འགུལ་མཚམས་འཇོག་དགོས་པ་གསུངས་འདུག བོད་མིའི་སྒྲིག་འཛུགས་ཀྱིས་ད་དུང་བོད་མིའི་གཞི་རྩའི་རང་དབང་ལ་བརྩི་མེད་གཏོང་བཞིན་པའི་གནད་དང་འབྲེལ་འདྲི་རྩད་དང་རྒྱལ་སྤྱིའི་ཁྲིམས་སྒྲིག་ཁག་ལ་བརྩི་སྲུང་ཞུ་དགོས་པར་གནོན་ཤུགས་དང་འདྲི་རྩད་མུ་ཐུད་གནང་ངེས་ཡིན་སྐོར་སོགས་གསུངས་འདུག

དེ་མཚུངས་སུ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་བསྒྲགས་གཏམ་སྤེལ་བ་བརྒྱུད་ནས་རྒྱ་ནག་གཞུང་གིས་བོད་མིའི་བསམ་བློ་དང་ཆོས་དད་རང་དབང་སོགས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལོངས་སུ་སྤྱོད་རྒྱུའི་རང་དབང་མ་སྤྲད་པ་དེ་སྲིད་དུ་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་པོའི་སྲིད་བྱུས་རྣམས་ཁྲིམས་མཐུན་བཟོ་ཐབས་མེད་པ་དང་། བོད་མིའི་བསམ་བློ་ནམ་ཡང་འགྱུར་ལྡོག་གཏོང་ཐུབ་ཀྱི་མ་རེད་ཅེས་དང་ལྷག་དོན་རྒྱ་ནག་གཞུང་ལ་ཆ་རྐྱེན་གང་ཡང་མེད་པར་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་དང་ནང་མི་སྐུ་འཁོར་རྣམས་དབུས་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་འཕྲལ་དུ་གློད་བཀྲོལ་གཏོང་དགོས་པའི་འབོད་སྐུལ་གནང་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།