Tibetan Royal Year of 2151 | Year of the Wood Dragon

རྒྱལ་གཅེས་པ་རྡོ་རྗེ་ཚེ་རིང་ལགས་ཀྱི་སྐུ་ཕུང་རྡ་སར་ཞུགས་འབུལ་གནང་པ།

Tibetan News Headlines

  • US religious freedom watchdog warns of sinicization and assimilation of Tibetan religious and cultural identities
  • US sanctions 31 China-based companies over Russia
  • Xi Jinping to meet French President Macron and EU Chief in Paris next week
  • CTA begins house allocation programmes for Tibetans not facilitated in the refugee settlements
  • Dharamshala hosts conference on promotion and preservation of Tibetan language

རེས་གཟའ་ཕུར་བུ། ༢༠༢༤།༠༥།༠༢

  • རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་ལ་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་མངོན་གསལ་གནང་འདུག
  • ཨ་རིའི་གཞུང་གིས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ ༣༡ ལ་སྲིད་དོན་ཉེས་ཆད་བཀལ་བ།
  • ཞི་ཅིང་ཕིང་གིས་ཕ་རན་སིའི་སྲིད་འཛིན་དང་ཡོ་རོབ་མཐུན་ཚོགས་ཀྱི་གཙོ་འཛིན་ཐུག་འཕྲད་བྱ་འཆར།
  • བོད་མི་སྡོད་ཁང་མེད་པ་རྣམས་ལ་རུབ་སྡོད་གཞིས་སྒར་ནང་སྡོད་ཁང་བགོས་འགྲེམས་ཀྱི་ལས་གཞི་དངོས་སུ་དབུ་འཛུགས།
  • བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་དར་འཕེལ་སྐོར་བགྲོ་གླེང་དབུ་འཛུགས།

ཟླ་འདིའི་ཚེས་ ༦ ཉིན་གྱི་སྔ་དྲོ་ཚོུད་ ༨།༠༠ སྟེང་རྒྱལ་གཅེས་པ་རྡོ་རྗེ་ཚེ་རིང་ལགས་ཀྱི་སྐུ་ཕུང་རྡ་སར་རྟེན་གཞི་བྱས་པའི་ལྷ་རྒྱལ་རིའི་མདུན་ཐང་དུ་གདན་ཞུས་ཀྱིས་དམ་པ་དེ་ཉིད་ཀྱི་ཕ་མ་གཉིས་དང་སྤུན་མཆེད་ལྷན་རྒྱས། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཚབ་ཤེས་རིག་བཀའ་བློན་མཆོག་དང་འཕྲོད་བ12801484_1013593298700486_1822570645365675676_nསྟེན་བཀའ་བློན་མཆོག བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་དབུས་སྤྱི་འཐུས་རྒྱུན་ལས་རྣམ་པ་དང་སྤྱི་འཐུས་ཁག་གཅིག བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚོགས་གཞོན་གྱིས་གཙོས་རྒྱུན་ལས་རྣམ་པ་དང་ས་གནས་ལས་བྱེད་རྣམས་དང། དེ་བཞིན་ རྡ་སར་གཉུག་མར་གནས་པ་དང་གློ་བུར་དུ་ལྷགས་པ་སེར་སྐྱ་མང་ཚོགས་བཅས་མི་ཚོགས་སྟོང་ཕྲག་བརྒལ་བ་ལྷན་འཛོམས་ཀྱིས་དམ་པ་ཁོང་ལ་གདུང་སེམས་མཉམ་བསྐྱེད་མཚོ12803064_1013593232033826_2597971998039741899_nན་སླད་མྱ་ངན་གུས་འདུད་ཀྱི་མཛད་སྒོ་ཚོགས་ཡོད་པ་རེད།
སྐབས་དེར་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་རྟ་མགྲིན་སྲིད་གཅོད་ལགས་ཀྱིས་གསུང་བཤད་གནང་དོན། རྡོ་རྗེ་ཚེ་རིང་ལགས་ནི་བཙན་བྱོལ་དུ་ཚར་ལོངས་བྱུང་ཞིང་། ལོ་ན་ཆེས་ཆུང་བའི་གཞོན་སྐྱེས་ཤིག་གིས་བློས་གཏོང་གནང་བའི་སྙིང་སྟོབས་ལ་ཡི་རངས་དང་གདུང་སེམས་མཉམ་བསྐྱེད་ཞུས་པ་དང་ཆབས་ཅིག ད་བར་བོད་ཀྱི་རྩ་དོན་ཆེད་བོད་མི་གཞིས་བྱེས་གཉིས་ལས་བོད་མི་ ༡༥༠ ལྷག་གིས་རང་ལུས་མེར་སྲེག་གནང་ཡོད་པ་གསལ་བཏོན་གནང་པ་མ་ཟད། ལྷག་དོན་རྒྱལ་ཚོགས་ནས་རང་ཉིད་ཀྱི་རྩ་འཛིན་གཞི་བཟུང་གིས་བོད་ཀྱི་གནད་དོན་ཐད་ལ་མིག་ལོ12813891_1013592932033856_3428465764176113768_nང་བ་ལྟ་བུར་སྡོད་ན་འགྲིག་གི་མ་རེད་ཅེས་གསུངས་སོང།
དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ལགས་ཀྱིས་བོད་མི་ཚོར་རྡོ་རྗེ་ཚེ་རིང་ལགས་ཀྱིས་རང་ལུས་མེར་སྲེག་གནང་དོན་བརྒྱུད་རིམ་རྣམས་ངོ་སྤྲོད་དང་སྦྲགས། བོད་མི་རྣམས་ལ་ད་བར་བོད་སྤྱིའི་རྩ་དོན་ཆེད་དུ་རང་ལུས་མེར་སྲེག་གནང་མཁན་ཚོའི་མངོན་འདོད་དེ་དག་ཆུད་ཟོས་སུ་མི་འགྲོ་བ་བྱ་རྒྱུའི་འགན་འཁུར་ཡོད་སྟབས། ད་ལྟ་ཛ་དྲག་གི་དུས་སྐབས་དེར་བོད་མི་ཚོས་ཆོལ་ཁ་ཆོས་ལུགས་ཀྱི་འཐེན་འཁྱེར་མི་བྱེད་པར་སྟོབས་ཤུགས་ཆིག་སྒྲིག་གི་ཐོག་ནས་བོད་ཀྱི་རྩ་དོན་རྩོད་དགོས་པའི་འབོད་སྐུལ་ཡང་གནང་ཡོད་པ་རེད།
དེ་བཞིན་སྐབས་དེར་རྒྱལ་གཅེས་པ་རྡོ་རྗེ་ཚེ་རིང་ལགས་ཀྱི་ཕ་ཐུབ་བསྟན་བཀྲིས་ལགས་ཀྱིས་བོད་མི་ཁྱོན་ཡོvotངས་ཀྱིས་གདུང་ཤུགས་དྲག་པོས་བུས་བོད་ཀྱི་རྩ་དོན་ཆེད་བློས་གཏོང་བྱས་པར་ཆེ་བསྟོད་ཀྱི་གུས་བརྩི་དང་གདུང་སེམས་མཉམ་བསྐྱེད་ཞུས་པ་མཐོང་དུས་བུས་ཚེ་སྲོག་བློས་གཏོང་བྱས་པ་དེ་ཆུད་ཟོས་ཕྱིན་མི་འདུག་ཅེས་གསུངས་པ་མ་ཟད། ལྷག་དོན་ཁོང་གིས་བོད་པའི་ན་གཞོན་ཚོས་རང་ལུས་མེར་སྲེག་མི་གནང་བར་ཐབས་ལམ་གཞན་བརྒྱུད་བོད་ཀྱི་རྩ་དོན་རྩོད་དགོས་པའི་འབོད་སྐུལ་ཡང་གནང་ཡོད་པ་རེད། དེ་རྗེས་རྒྱལ་གཅེས་པ་ཁོང་གི་སྐུ་ཕུང་ལ་རིམ་བཞིན་དཀར་གཙང་གི་ཕུང་དར་སྒྲོན་ཟིན་རྗེས། མང་ཚོགས་ནས་བྱང་ཆུབ་སེམས་མཆོག་རིན་པོ་ཆེ་གསུང་བཞིན་རྡོ་རྗེ་ཚེ་རིང་ལགས་དམ་པ་དེ་ཉིད་ཀྱི་སྐུ་ཕུང་ཞུགས་འབུལ་ཆེད་དུར་ཁྲོད་དུ་གདན་འདྲེན་ཞུས་ཀྱིས་བསྔོ་སྨོན་གསུང་དོན་དང་བཅས་རྒྱལ་གཅེས་པ་རྡོ་རྗེ་ཚེ་རིང་ལགས་ཀྱི་སྐུ་ཕུང་ཞུགས་འབུལ་གནང་ཡོད་པ་རེད།12801484_1013593165367166_1378345813551171160_n
གཞི་རྩའི་རྡོ་རྗེ་ཚེ་རིང་ལགས་ཀྱིས་ཧར་བར་པུར་དུ་ཟླ་ ༢ ཚེས་ ༢༩ ཉིན་གྱི་སྔ་དྲོ་ཚོུད་ ༩།༠༠ ཙམ་ལ་རང་ལུས་མེར་བསྲེགས་གནང་པས་ཁོང་གི་ལུས་པོ་བརྒྱ་ཆ་ ༩༥ མེར་བསྲེགས་ཟིན་ཡོད་པ་རེད། ཁོང་གི་སྤུན་མཆེད་གཙོས་པའི་གཞིས་སྒར་བོད་མི་ཚོས་ཁོང་ཐོག་མར་ཧར་བར་པུར་ཉེ་འཁོར་གྱི་སྨན་ཁང་ཞིག་དང་། དེ་རྗེས་རྡེ་ར་ལྡུན་གྱི་སྨན་ཁང་ཞིག་ཏུ་ཁྲིད་ཡོད་ནའང་སྨན་པས་མེར་བསྲེག་དང་འབྲེལ་བའི་ཛ་དྲག་གྱི་སྨན་བཅོས་མཐུན་རྐྱེན་ལེགས་ཤོས་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ Safdarjung སྨན་ཁང་ཡིན་པ་སློབ་སྟོན་གནང་དོན་ལྟར། ཕ་མ་གཉིས་ཀྱིས་ཁོང་ལྡི་ལིར་རྟེན་གཞི་བྱས་པའི་ Safdarjung སྨན་ཁང་དུ་ཁྲིད་ནས་ཛ་དྲག་ལྟ་སྐྱོང་ཁང་དུ་སྨན་པས་མྱུར་སྐྱོབ་ཞུས་ཀྱང་། ཁ་སང་ཕྱི་ཚེས་ ༣ ཉིན་གྱི་དགོང་དྲོ་ཚོུད་ ༨།༣༠ ཙམ་ལ་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་ཐོན་ཡོད་པ་རེད།
རྡོ་རྗེ་ཚེ་རིང་ལགས་མ་གྲོངས་པའི་སྔ་རོལ་ཏུ་སྨན་ཁང་ནས་ཁོང་གིས་”ཆུང་དུས་ནས་ང་བོད་ཀྱི་ཆེད་དུ་སེམས་ཤུགས་ཆེན་པོ་ཡོད་ཅེས་གསུངས་པ་མ་ཟད། བོད་པའི་སློབ་ཕྲུག་ཚོར་༸གོང་ས་མཆོག་གི་བཀའ་དགོངས་ལྟར་སློབ་སྦྱོང་ཡག་པོ་བྱ་རྒྱུ་དང་། དེ་མཚུངས་སུ་བོད་དེ་རྒྱའི་ལག་ནས་བླང་ཐུབ་པ་བྱ་རྒྱུ་གལ་ཆེན་པོ་རེད་ཅེས་དང་། མཐར་༸གོང་ས་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པ་དང་། བོད་རང་བཙན་མྱུར་དུ་ཐོབ་པའི་སྨོན་འདུན་ཞུས་པ་དང་སྦྲགས་ཏེ་བོད་རྒྱལ་ལོ་ཞེས་གསུངས་ཡོད།
འདི་ག་རླུང་འཕྲིན་ཁང་གིས་མང་ཚོགས་ཁྲོད་ལ་བཅར་འདྲི་ཁག་ཅིག་ཞུས་པར། མང་ཚོགས་ནས་ད་ལན་རྡོ་རྗེ་ཚེ་རིང་ལགས་ཀྱིས་རང་ལུས་མེར་སྲེག་གནང་པར་ཡི་རངས་བསྔགས་བརྗོད་ཀྱི་གུས་བརྩི་དང་གདུང་སེམས་མཉམ་བསྐྱེད་ཞུས་ཀྱང། ཁོང་རྣམས་ནས་ཚོར་ཤུགས་ཆེན་པོས་བོད་ཀྱི་གཞོན་སྐྱེས་ཚོས་མ་འོངས་པར་རང་ལུས་མེར་སྲེག་མིན་པར་ཤེས་ཡོན་གཙོས་པའི་ཐབས་ལམ་གཞན་བརྒྱུད་བོད་ཀྱི་རྩ་དོན་རྩོད་དགོས་པའི་འབོད་སྐུལ་ཡང་གནང་གི་འདུག

འབྲེལ་ཡོད་གསར་གནས།

གསར་གནས།