Tibetan Royal Year of 2151 | Year of the Wood Dragon

ལས་དོན་གང་ཞིག་གཉེར་ཡང་བོད་དོན་ཆེད་དུ་ཡིན་པ་དགོངས་དགོས།

Tibetan News Headlines

  • Press watchdog RSF: China’s communist regime leads world in repression of journalistic rights
  • Sikyong Penpa Tsering meets President of South Tyrol, before leaving for Berlin
  • Xi Jinping faces strong protests from Tibetans and rights advocates in Paris
  • Nancy Pelosi honored with Presidential Medal of Freedom, US highest civilian award
  • Tibetan MMA fighter Rinchen Griffithsgolha makes history with first professional victory
  • History Feature: Panchen Rinpoche’s Footprints Across Tibet

རེས་གཟའ་ཟླ་བ། ༢༠༢༤།༠༥།༠༦

  • རྒྱ་ནག་ནི་གསར་འགོད་རང་དབང་གི་གནས་སྟངས་ཆེས་ཞན་ཤོས་ཡིན་པ་ཐེར་འདོན།
  • སྲིད་སྐྱོང་མཆོག་ལྷོ་ཊེ་རོལ་རང་སྐྱོང་མངའ་སྡེའི་སྲིད་འཛིན་དང་མཇལ་མོལ་གནང་རྗེས་འཇར་མ་ནིའི་རྒྱལ་ས་ Berlin དུ་ཕེབས་འབྱོར།
  • ཞི་ཅིན་ཕིང་ལ་ཧྥ་རན་སིར་བསླེབས་སྐབས་བོད་མིས་ངོ་རྒོལ།
  • ལྕམ་ Pelosi མཆོག་ཨ་རིའི་ལོ་རྒྱུས་ནང་གྲོས་ཚོགས་ཀྱི་ཚོགས་གཙོ་ཆེས་རླབས་ཆེན་ཞིག་ཡིན་པའི་ཆེ་བསྟོད།
  • བོད་མི་ཞིག་གིས་ཁུ་ཚུར་དྲག་རྩལ་གྱི་ཆེད་ལས་རྩེད་འགྲན་ནང་ཆེས་ཐོག་མ་མཉམ་ཞུགས་ཀྱིས་རྒྱལ་ཁ་ཐོབ་འདུག
  • བོད་ཀྱི་རྒྱལ་རབས་དང་ལོ་རྒྱུས། ༸པཎ་ཆེན་ཨེར་ཏེ་ནི་ཞིབ་འཇུག་ལས་ལེའུ་དྲུག་པ་བོད་ཁམས་ཞབས་ཀྱིས་བཅགས་པ།

དེ་རིང་ཕྱི་ཚེས་ ༡༡ ཉིན་དྷ་ས་ས་གནས་འགོ་འཛིན་གྱི་ཕུན་ཚོགས་ཁང་གསར་ཚོགས་ཁང་དུ་སྐུ་ཞབས་འཇམ་དབྱངས་གླིང་བསོད་ནམས་བསྟན་འཛིན་ལགས་ཀྱི་མི་ཚེའི་ལོ་རྒྱུས་ “My Son of Tibet – Never Give Up, Never Forget Tibet!” ཞེས་ངའི་བོད་ཀྱི་བུ། སེམས་ཤུགས་མ་ཆག བོད་མ་བརྗེད་ཅེས་པའི་དཔེ་དེབ་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་ཁོང་གིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་འོག་སོ་སོ་རང་ཉིད་ཀྱི་རྣམ་དཔྱོད་བེད་སྤྱོད་བྱས་ཏེ་རྡོག་རྩ་གཅིག་ཏུ་དྲིལ་ནས་བོད་དོན་ཆེད་ཕྱག་ལས་གནང་དགོས་གལ་ཡིན་པ་གསུངས་སོང་།མཛད་སྒོའི་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག་དང་དམིགས་བསལ་སྐུ་མགྲོན་བཀའ་ཟུར་ཐུབ་བསྟན་ལུང་རིགས་མཆོག བོད་མི་མང་སྤྱི་འཐུས་ཁག་གཅིག དྷ་ས་ས་གནས་འགོ་འཛིན་གཙོས་ཚོགས་སྐྱིད་ཁག་གི་སྐུ་ཚབ། དེ་བཞིན་ས་གནས་མི་མང་བཅས་ལྷན་ཞུགས་གནང་ཡོད།སྐབས་དེར་སྐུ་མགྲོན་གཙོ་བོ་མཆོག་གིས་དཔེ་དེབ་དབུ་འབྱེད་དང་འབྲེལ་ཏེ་ཕྱག་དེབ་འདི་བརྒྱུད་ནས་ཁོང་གི་དྲིན་ཆེ་བའི་ཨ་མ་ལགས་ཀྱིས་ངའི་བོད་ཀྱི་བུ་བོད་མ་བརྗེད་ཨང་། ཞེས་བཀའ་གནང་བ་དེ་ཐུགས་ལ་བཞག་ནས་མི་ཚེ་ནང་སྐུ་ལས་བསྐྱོན་པའི་ཕྱག་ལས་རིམ་པའི་ཁྲོད་དུ་གདོང་ལེན་གནང་ཐུབ་པའི་ནུས་པ་ཞིག་སྦྱིན་ཡོད་པར་གསུངས་པ་དང་སྦྲགས། དེང་གི་དུས་སུ་ཕ་མ་ཚོས་རང་ཉིད་ཀྱི་བུ་ཕྲུག་རྣམས་ལ་ཁ་ཏ་བསླབ་བྱ་གནང་དགོས་གལ་ཡིན་པ་གསུངས་ཡོད།ཁོང་གིས་ད་དུང་སྐུ་ཞབས་འཇམ་དབྱངས་གླིང་བསོད་ནམས་བསྟན་འཛིན་ལགས་ཀྱི་དུས་སྐབས་སུ་བོད་མི་རྣམས་ཀྱི་དཔལ་འབྱོར་གནས་སྟངས་ཞན་པོ་ཡོད་པ་དང་ད་ལྟའི་ཆར་དཔལ་འབྱོར་གནས་སྟངས་ཕྲན་བུ་བཟང་དུ་ཕྱིན་ཡོད་པ་དེའི་ཚོད་ཀྱིས་བུ་ཕྲུག་རྣམས་ཀྱི་ཤེས་ཡོན་ཐོག་ཤུགས་སྣོན་རྒྱག་དགོས་པར་མ་ཟད། ལྷག་དོན་བོད་མི་འབྱོར་ལྡན་རྣམས་ཀྱིས་ཀྱང་ཁོང་གི་ཕྱག་ལས་མིག་དཔེ་བཟང་པོ་བླངས་ཏེ་རང་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ་ཕྱག་ལས་གནང་དགོས་གལ་ཡིན་པ་སོགས་གསུངས་སོང་།མཛད་སྒོ་ཐོག་འཇམ་དབྱངས་གླིང་བསོད་ནམས་བསྟན་འཛིན་ལགས་ཀྱིས་སྐུ་ཚེ་ཧྲིལ་པོའི་རིང་བོད་བསྟན་སྲིད་མི་རིགས་སླད་དུ་སྐུ་ལ་བསྐྱོན་པར་བཀའ་དྲིན་རྗེས་དྲན་དང་ཆེ་བསྟོད་སླད་མི་ཚེ་དོན་ལྡན་གྱི་གཟེངས་བསྟོད་ཕྱག་འཁྱེར་གནང་སོང་།སྐབས་དེར་ཁོང་གིས་དུས་རྟག་ཏུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ལམ་སྟོན་འོག་རང་ཉིད་ཀྱི་རྣམ་དཔྱོད་བེད་སྤྱོད་བྱེད་དགོས་གལ་ཡིན་པ་དང་། ལྷག་པར་དུ་བོད་མི་རྣམས་ཕན་ཚུན་འཆམ་མཐུན་གནང་གནད་ཡིན་པ་གསུངས་ཡོད་པ་དང་ཆབས་ཅིག རང་ཉིད་ཀྱི་ལས་དོན་གང་ཞིག་གཉེར་གྱི་ཡོད་ཀྱང་དེ་ནི་བོད་དོན་ཆེད་དུ་ཡིན་པར་དགོངས་ཚེ་དོན་ཕན་ལྡན་པའི་གྲུབ་འབྲས་སོན་རྒྱུ་ཡིན་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བ་གོང་མ་རྣམས་ཀྱི་སྐུ་ལས་བསྐྱོན་པ་རྣམས་བརྗེད་རྒྱུ་མེད། གང་ལ་ཞེ་ན། ཁོང་རྣམ་པའི་བཀའ་དྲིན་འོག་ད་ལྟ་མུ་མཐུད་ཕྱག་ལས་གནང་བཞིན་ཡོད་སྐོར་སོགས་གསུངས་ཡོད།ཁོང་གི་ངོས་ནས་ད་བར་ཕྱག་ལས་གང་གནང་བ་དེ་དག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ཉག་གཅིག་ཡིན་པ་དང་། བོད་བསྟན་སྲིད་སྤྱིའི་བདེ་ཐབས་སླད་དུ་གཞིས་བཞུགས་བོད་མི་རྣམས་ནི་སེམས་ཤུགས་ཧ་ཅང་ཆེན་པོ་ཡོད་པ་སོགས་གསུངས་ཡོད།གཞི་རྩའི་སྐུ་ཞབས་འཇམ་དབྱངས་གླིང་བསོད་ནམས་བསྟན་འཛིན་ལགས་ནི་ཡོ་རོབ་སུད་ཌེན་རྒྱལ་ཁབ་ནང་བཞུགས་ཀྱི་ཡོད་པ་དང་། ཁོང་གིས་འདས་པའི་མི་ལོ་བཅུ་ཕྲག་དུ་མའི་རིང་ ངལ་འཕྲད་ལ་མ་འཛེམས་པར་བོད་ས་ཁྱོན་ཡོངས་སུ་སློབ་གྲྭ་གྲངས་ ༡༠༨ དང་དཔེ་མཛོད་ཁང་ ༡༠༨ གསར་བསྐྲུན་གནང་སྟེ་གཞིས་བཞུགས་བོད་མི་རྣམས་ལ་ཤེས་ཡོན་ཐོག་ནས་རོགས་རམ་གྱི་ལས་གཞི་རླབས་ཆེན་སྤེལ་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།