Tibetan Royal Year of 2151 | Year of the Wood Dragon

ལྷོ་ཕྱོགས་ཀྱི་གློག་བརྙན་ནང་བོད་པའི་བུ་མོ་ཞིག་གིས་འཁྲབ་སྟོན་གནང་བ།

Tibetan News Headlines

  • US religious freedom watchdog warns of sinicization and assimilation of Tibetan religious and cultural identities
  • US sanctions 31 China-based companies over Russia
  • Xi Jinping to meet French President Macron and EU Chief in Paris next week
  • CTA begins house allocation programmes for Tibetans not facilitated in the refugee settlements
  • Dharamshala hosts conference on promotion and preservation of Tibetan language

རེས་གཟའ་ཕུར་བུ། ༢༠༢༤།༠༥།༠༢

  • རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་ལ་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་མངོན་གསལ་གནང་འདུག
  • ཨ་རིའི་གཞུང་གིས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ ༣༡ ལ་སྲིད་དོན་ཉེས་ཆད་བཀལ་བ།
  • ཞི་ཅིང་ཕིང་གིས་ཕ་རན་སིའི་སྲིད་འཛིན་དང་ཡོ་རོབ་མཐུན་ཚོགས་ཀྱི་གཙོ་འཛིན་ཐུག་འཕྲད་བྱ་འཆར།
  • བོད་མི་སྡོད་ཁང་མེད་པ་རྣམས་ལ་རུབ་སྡོད་གཞིས་སྒར་ནང་སྡོད་ཁང་བགོས་འགྲེམས་ཀྱི་ལས་གཞི་དངོས་སུ་དབུ་འཛུགས།
  • བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་དར་འཕེལ་སྐོར་བགྲོ་གླེང་དབུ་འཛུགས།

རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་ནས་བཟོ་བསྐྲུན་གནང་བའི་གློག་བརྙན་ karmaneya  Vadhikaraste ཞེས་པའི་གློག་བརྙན་ནང་བོད་པའི་བུ་མེད་ཚེ་རིང་སྒྲོལ་མ་ (ཚེམ་སྟ ) ལགས་ཀྱིས་འཁྲབ་སྟོན་གནང་ཡོད་པ་དང་། གློག་བརྙན་དེ་དེ་རིང་ལྷོ་ཕྱོགས་ཀྱི་གློག་བརྙན་ཁང་འདྲ་མིན་ནང་ཡོངས་གྲགས་ཐོག་གཟིགས་འབུལ་གནང་ཡོད་པ་རེད།གློག་བརྙན་དེ་ནི་ཕྱི་ལོ་ ༢༠༡༨ ལོ་ནས་བཟོ་བསྐྲུན་དབུ་འཛུགས་གནང་ཡོད་ཀྱང་ནད་ཡམས་རྐྱེན་གྱིས་ལོ་གསུམ་ཙམ་གྱི་རྗེས་སུ་གཟིགས་འབུལ་གནང་ཐུབ་ཡོད་པ་དང་། གློག་བརྙན་ནང་ཁོང་གིས་རྒྱ་ནག་ནས་བྲོས་བྱོལ་ལ་འབྱོར་བའི་རྒྱའི་བུ་མོ་ཞིག་འཁྲབ་ཡོད་པ་མ་ཟད་ཁོང་ནི་གློག་བརྙན་ནང་འཁྲབ་སྟོན་པ་མི་སྣ་གཙོ་བོ་ཞིག་ཀྱང་ཆགས་ཀྱི་འདུགདེ་རིང་ཚེམ་སྟ་ལགས་ཀྱི་གློག་བརྙན་དེ་ཁྲོམ་རར་དངོས་སུ་འདོན་སྤེལ་གནང་བ་དང་བསྟུན་གསར་འགོད་པས་ཁོང་ལ་བཅར་འདྲི་ཁག་ཅིག་ཞུས་པར་ཁོང་གིས་རྒྱ་གར་ལྷོ་ཕྱོགས་ཀྱི་གློག་བརྙན་ནང་བོད་པའི་བོུའི་མིང་ཐོག་ནས་ཆེས་ཐོག་མ་འཁྲབ་སྟོན་ཞུ་རྒྱུ་བྱུང་བར་དགའ་ཚོར་ཆེན་པོ་བྱུང་ཞེས་དང་། དེ་རིང་གློག་བརྙན་ཁང་ཁག་ཏུ་དངོས་སུ་གཟིགས་འབུལ་གནང་གི་ཡོད་སྟབས་སེམས་ལ་དངངས་སྐྲག་འདུག་ཅེས་གསུངས་སོང་།དེ་བཞིན་ཁོང་གིས་ང་ཚོའི་སྤྱི་ཚོགས་ནང་གཞོན་སྐྱེས་རྣམ་དཔྱོད་ཅན་མང་པོ་ཡོད་ཀྱང་། རང་ཉིད་སོ་སོར་ནུས་པ་གང་ཡོད་ལ་ཡིད་ཆེས་དང་འདེང་ཚོད་ཞན་པའི་དབང་གིས་སྤྱི་ཚོགས་གཞན་དང་འདྲ་མཉམ་ཐོག་ནས་ཕྱག་ལས་གནང་མཁན་ཉུང་ཤས་ལས་མེད་སྐོར་གསུངས་པ་དང་ཆབས་ཅིག ང་ཚོ་བོད་མི་ཚོའི་དགོངས་པར་གློག་བརྙན་འཁྲབ་སྟོན་པ་ཟེར་དུས་ཕྱིའི་རྣམ་པ་མཛེས་པོ་དང་གཟུགས་བྱད་ལེགས་པོ་དགོས་པ་ཁོ་ན་དགོངས་ཀྱི་ཡོད་ཀྱང་། དོན་དམ་ལ་རང་ཉིད་ལ་འདེང་ཚོད་དགོས་གལ་ཡིན་པར་འགྲེལ་བརྗོད་གནང་ཡོད།གཞི་རྩའི་ཚེ་རིང་སྒྲོལ་མ་ལགས་ནི་བལ་ཡུལ་ནས་ཡིན་པ་དང་། ཁོང་གིས་སྦེང་ལོར་གྲོང་ཁྱེར་ནང་དཔེ་གསར་གྱོན་ཆས་འགྲེམས་སྟོན་པའི་ཕྱག་ལས་གནང་མྱོང་འདུག་ལ། དེ་སྔ་བོད་ཀྱི་མཛངས་མ་དང་རྒྱ་གར་གྱི་མཛངས་མའི་འགྲན་བསྡུར་ནང་མཉམ་ཞུགས་གནང་མྱོང་ཡོད་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།