Tibetan Royal Year of 2151 | Year of the Wood Dragon

ཅེཀ་སྲིད་བློན་གཞོན་པར་༸པཎ་ཆེན་རིན་པོ་ཆེའི་གནད་དོན་སྐོར་ཞུ་གཏུག

Tibetan News Headlines

  • Press watchdog RSF: China’s communist regime leads world in repression of journalistic rights
  • Sikyong Penpa Tsering meets President of South Tyrol, before leaving for Berlin
  • Xi Jinping faces strong protests from Tibetans and rights advocates in Paris
  • Nancy Pelosi honored with Presidential Medal of Freedom, US highest civilian award
  • Tibetan MMA fighter Rinchen Griffithsgolha makes history with first professional victory
  • History Feature: Panchen Rinpoche’s Footprints Across Tibet

རེས་གཟའ་ཟླ་བ། ༢༠༢༤།༠༥།༠༦

  • རྒྱ་ནག་ནི་གསར་འགོད་རང་དབང་གི་གནས་སྟངས་ཆེས་ཞན་ཤོས་ཡིན་པ་ཐེར་འདོན།
  • སྲིད་སྐྱོང་མཆོག་ལྷོ་ཊེ་རོལ་རང་སྐྱོང་མངའ་སྡེའི་སྲིད་འཛིན་དང་མཇལ་མོལ་གནང་རྗེས་འཇར་མ་ནིའི་རྒྱལ་ས་ Berlin དུ་ཕེབས་འབྱོར།
  • ཞི་ཅིན་ཕིང་ལ་ཧྥ་རན་སིར་བསླེབས་སྐབས་བོད་མིས་ངོ་རྒོལ།
  • ལྕམ་ Pelosi མཆོག་ཨ་རིའི་ལོ་རྒྱུས་ནང་གྲོས་ཚོགས་ཀྱི་ཚོགས་གཙོ་ཆེས་རླབས་ཆེན་ཞིག་ཡིན་པའི་ཆེ་བསྟོད།
  • བོད་མི་ཞིག་གིས་ཁུ་ཚུར་དྲག་རྩལ་གྱི་ཆེད་ལས་རྩེད་འགྲན་ནང་ཆེས་ཐོག་མ་མཉམ་ཞུགས་ཀྱིས་རྒྱལ་ཁ་ཐོབ་འདུག
  • བོད་ཀྱི་རྒྱལ་རབས་དང་ལོ་རྒྱུས། ༸པཎ་ཆེན་ཨེར་ཏེ་ནི་ཞིབ་འཇུག་ལས་ལེའུ་དྲུག་པ་བོད་ཁམས་ཞབས་ཀྱིས་བཅགས་པ།

སྦེལ་ཇམ་རྒྱལ་ས་སྦར་སིལ་དུ་ཟླ་བ་འདིའི་ཕྱི་ཚེས་ ༡༢ ནས་ ༡༧ བར་ཉིན་གྲངས་དྲུག་རིང་གདན་ས་བཀྲ་ཤིས་ལྷུན་པོའི་མཁན་རིན་པོ་ཆེ་གཟིག་རྒྱབ་རིན་པོ་ཆེ་མཆོག་གིས་རྒྱལ་སྤྱིའི་གནད་ཡོད་མི་སྣ་རྣམས་ལ་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་གི་གནད་དོན་སྐོར་ཞུ་གཏུག་གནང་ཡོད་པའི་ཁྲོད་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་བློན་གཞོན་པ་སྐུ་ཞབས་ H.E. Ivan Bartos མཆོག་དང་མཇལ་འཕྲད་གནང་སྟེ་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅིུག་པའི་གནད་དོན་སྐོར་ཞུ་གཏུག་གནང་འདུགབོད་མིའི་སྒྲིག་འཛུགས་ཀྱི་དྲྭ་ཐོག་ཏུ་གནས་ཚུལ་སྤེལ་བར་གཞིགས་ན་གདན་ས་བཀྲ་ཤིས་ལྷུན་པོའི་མཁན་རིན་པོ་ཆེ་གཟིག་རྒྱབ་རིན་པོ་ཆེ་མཆོག་གིས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་བློན་གཞོན་པར་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་དང་འབྲེལ་བའི་ཞུ་ཡིག་དོན་ཚན་ལྔ་ཅན་ཕུལ་གནང་ཡོད་པ་མ་ཚད་པར་རིན་པོ་ཆེ་མཆོག་གིས་ད་ལྟའི་ཆར་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཡུ་རོབ་མཐུན་ཚོགས་ཀྱི་ཚོགས་གཙོའི་ལས་ཡུན་འགན་བཞེས་པའི་ཁྲོད་ཡོ་རོབ་གྲོས་ཚོགས་སུ་དོན་ཚན་ལྔ་པོ་དེ་དག་དགོངས་བཞེས་གནང་དགོས་པའི་ཞུ་སྐུལ་དང་ཡང་ན་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་གི་ངོས་ནས་དོན་ཚན་དེ་དག་ཐོག་དགོངས་བཞེས་གནང་སྐྱོང་ཡོང་བའི་ཞུ་གཏུག་གནང་ཡོད།ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་བློན་གཞོན་པ་སྐུ་ཞབས་ Bartos མཆོག་ནས་མཁན་རིན་པོ་ཆེ་མཆོག་གིས་གནད་དོན་དེ་དག་སྙན་སེང་གི་འགྲེལ་བརྗོད་གནང་སྐབས་ཐུགས་ཚོར་ཆེན་པོས་གསན་འཇོག་གནང་ཡོད་པ་དང་ཆབས་ཅིག སྲིད་གཞོན་མཆོག་གིས་རྒྱལ་སྤྱིའི་ནང་ད་ལྟའི་ཆར་ཡུཀ་རེན་གྱི་གནད་དོན་དང་འབྲེལ། ཡོ་རོབ་ཕྱོགས་ནས་རྒྱ་ནག་ཐོག་འཛིན་པའི་བཞེངས་ཕྱོགས་ལ་འགྱུར་བ་འགྲོ་བཞིན་ཡོད་པ་དང་། དེ་བཞིན་སྲིད་འཛིན་གོང་མ་སྐུ་ཞབས་དམ་པ་ Vaclav Havel  མཆོག་ནས་འགན་འཁྲི་ཅན་གྱི་ཡོ་རོབ་ “Europe as a task” ཅེས་པའི་གསུང་ལུང་འདྲེན་གྱིས་ཡོ་རོབ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཚོགས་གཙོའི་ལས་ཡུན་ཁྲོད་ཀྱི་བཞེངས་ཕྱོགས་རྣམས་གསུངས་ཡོད་པར་མ་ཟད། གནད་དོན་དེར་རྒྱབ་སྐྱོར་གང་ཐུབ་གནང་རྒྱུ་ཡིན་པའི་ཞལ་བཞེས་གནང་འདུགདེ་བཞིན་མཁན་རིན་པོ་ཆེ་མཆོག་གིས་ཀྱང་གནད་དོན་དེ་དག་ལ་ཐུགས་སྣང་ཆེན་པོས་གསན་འཇོག་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཟུར་པ་འདས་པོ་དམ་པ་སྐུ་ཞབས་ Vaclav Havel  མཆོག་དབར་དམིགས་བསལ་གྱི་འབྲེལ་བ་གཏིང་ཟབ་ཡོད་པའི་སྐོར་གསུངས་ཡོད།རྩ་བའི་སྦེལ་ཇམ་རྒྱལ་ས་ Brussels དུ་ཟླ་བ་འདིའི་ཕྱི་ཚེས་ ༡༢ ནས་ ༡༧ བར་ཉིན་གྲངས་དྲུག་རིང་མཁན་རིན་པོ་ཆེ་མཆོག་ནས་རྒྱལ་སྤྱིའི་གནད་ཡོད་མི་སྣ་རྣམས་ལ་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་གི་གནད་དོན་སྐོར་ཞུ་གཏུག་གནང་མུས་ཡིན་པ་དང་། ཁ་སྔོན་ཉིན་དང་པོའི་སྐབས་ཡུ་རོབ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་མེ་ཀུ་ལ་སི་པེག་ས་ Mikulas Peksa མཆོག་དང་མཇལ་འཕྲད་གནང་ཡོད་པ་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། ༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་དབར་དམིགས་བསལ་གྱི་ཆོས་འབྲེལ་ཡོད་པ་དང་། ད་ལྟའི་ཆར་རྒྱ་ནག་གཞུང་གིས་རིན་པོ་ཆེ་མཆོག་འཛིན་བཟུང་བྱས་ནས་ལོ་ངོ་ ༢༧ འཁོར་ཡོད་པ་དང་། རྒྱལ་སྤྱིའི་ཁྱོན་ནས་གནོན་ཤུགས་ཇི་ཙམ་སྤྲོད་ཀྱང་རྒྱ་ནག་གཞུང་གིས་རིན་པོ་ཆེ་མཆོག་བདེ་ཐང་ཡིན་པ་དང་རིན་པོ་ཆེ་༸གང་ཉིད་མཆོག་ཐུགས་སུན་གནང་འདོད་མི་འདུག་ཅེས་བཤད་ཡོད།ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་བློན་གཞོན་པ་སྐུ་ཞབས་ Bartos མཆོག་ལ་དེ་ལྟར་ཞུ་གཏུག་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་སྦེལ་ཇམ་སྐུ་ཚབ་དོན་གཅོད་རིག་འཛིན་ཆོས་སྒྲོན་ལགས་དང་ཕྱི་དྲིལ་བོད་དོན་ཞུ་གཏུག་ཚན་པའི་འགན་འཛིན་འབྲུག་ལྡན་སྐྱིད་ལགས་ཀྱིས་ཀྱང་སྐབས་བཅུ་ ༡༦ པའི་བཀའ་ཤག་གི་བཞེངས་ཕྱོགས་དང་ Estonia ནང་དུ་གློག་འཕྲུལ་ཡིག་ཚགས་ཀྱི་ཟབ་སྦྱོང་ཆེད་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བ་འགའ་ཆེད་སྐྱོད་གནང་གི་ཡོད་སྐོར་འགྲེལ་བརྗོད་གནང་འདུག ཐེངས་འདིའི་ཞུ་གཏུག་གི་ལས་འགུལ་ཆེད་དུ་ཡུ་རོབ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Mikulas Peksa ལགས་དང་ཁོང་གི་ལས་ཁུངས་ནས་མཐུན་འགྱུར་རོགས་རམ་གནང་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།