Tibetan Royal Year of 2151 | Year of the Wood Dragon

ཤོག་ཁག་རྒོལ་རྡུང་གི་མིང་ཐོག་ནས་བོད་མི་བཅུ་ལ་དྲང་བདེན་མིན་པའི་ཁྲིམས་ཆད།

Tibetan News Headlines

  • Conversation with TWA members on Association’s mission, outreach, and youth engagement strategies

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོ་བོ་དང་ལས་དོན། གཞོན་སྐྱེས་མཉམ་ཞུགས་སྐོར་གླེང་མོལ།

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས། རྒྱ་ནག་གིས་ཤོག་ཁོག་རྒོལ་རྡུང་གི་མིང་ཐོག་ནས་བོད་ཨ་མདོ་བླ་བྲང་བསང་ཆུ་ཁུལ་གྱི་བོད་མི་བོད་མི་བཀྲ་ཤིས་རྒྱ་མཚོ་དང་ཚེ་དབང་སོགས་མི་བཅུ་ལ་ལོ་དགུ་ནས་བཅུ་བཞི་བར་གྱི་ཁྲིམས་ཐག་བཅད་ཡོད་པའི་གནས་ཚུལ་དང་འབྲེལ་ནས། རྒྱ་ནག་གིས་བོད་མི་རྣམས་ལ་དྲང་བདེན་གྱི་ཁྲིམས་བཤེར་བྱེད་དུ་མ་བཅུག་པར་ཁྲིམས་ཐག་གཅོད་བཞིན་ཡོད་སྐོར་མངོན་གསལ་གནང་འདུག

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས། འདི་ལོའི་ཟླ་བ་ ༦ པའི་ཚེས་ ༢༨ ནས་༢༩ བར་གྱི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་བླ་བྲང་བསང་ཆུ་རྫོང་གི་ཁྲིམས་ཁང་གིས་བོད་མི་བཅུ་ལ་ཁྲིམས་བཤེར་བྱེད་བཞིན་ཡོད་པ་དྲ་ཐོག་ནས་མངོན་གསལ་གནང་ཡོད་པ་དེ་ནི་དམིགས་བསལ་ཞིག་ཡིན་སྐོར་གྱིས། ནམ་རྒྱུན་རྒྱ་ནག་གིས་ཁྲིམས་བཤེར་གྱི་རིགས་ཡོངས་གྲགས་ཀྱིས་དྲྭ་ཐོག་ཏུ་འཇོག་སྲོལ་མེད་པ་ཕྱིར་བསྒྲགས་དང་འབྲེལ། ཐེངས་འདིའི་ཁྲིམས་ཆད་དེ་ནི་རྒྱ་ནག་གི་ལོ་གསུམ་གྱི་ནང་དུ་སྤེལ་འཆར་གྱི་ནག་སེལ་གཤེད་བཅོམ་གྱི་ལས་གཞིའི་འོག་ལག་བསྟར་བྱེད་བཞིན་པ་མ་ཟད། རྒྱ་ནག་གི་དཔོན་རིགས་ཀྱིས། ཁྲིམས་བཤེར་གྱི་སྐབས་སུ་བོད་མི་བཅུ་བོ་དེ་རྣམས་ལ་ནག་ཚོགས་ཞེས་པའི་ཚིག་དེ་ཡང་ཡང་བེད་སྤྱོད་བཏང་ཡོད་ལུགས་འཁོད་འདུག
གཞི་རྩའི་ཐེངས་འདིའི་གྱོད་དོན་གྱི་ཁྲོད་དུ། ཐོག་མར་ས་གནས་ཀྱི་བོད་རིགས་མང་ཚོགས་ཀྱིས་ཁུལ་དེར་བཤས་ར་འཛུགས་རྒྱུར་མོས་མཐུན་མ་བྱུང་བར་ཕྱོགས་གཉིས་ཀྱི་བར་ལ་གན་རྒྱ་བཞག་སྟེ། རྒྱ་ནག་གིས་བསང་ཆུའི་ཁུལ་དུ་བཤས་ར་འཛུགས་དགོས་ན། ཁུལ་དེར་རྒྱ་སྒོར་ས་ཡ་གཅིག་གི་མ་འཛུགས་ཀྱིས་ནང་པའི་མཆོད་རྟེན་ཞིག་བཞེངས་རྒྱུ་དང་། དེ་བཞིན་འབྲོག་པ་མང་ཚོགས་ཀྱི་ས་ཐོག་ཏུ་མྱུར་ལམ་བཟོ་བར་ཡང་གུན་གསབ་ཉུང་ངུ་ཞིག་སྤྲོད་རྒྱུའི་ཐག་གཅོད་བྱུང་ཡོད་ནའང་། རྗེས་སུ་ཁོང་རྣམས་ལ་ཁྲིམས་བཤེར་བྱེད་སྐབས་དེ་དག་ཐམས་ཅད་བཙན་དབང་གིས་ཚོང་བསྒྱུར་བྱས་ཡོད་ལུགས་ཀྱི་ནག་ཉེས་ཡིན་པར་བསྙལ་འདོགས་ཀྱིས་བོད་མི་བཅུ་བོར་ཁྲིམས་ཐག་བཅད་ཡོད་པ་རེད་འདུག
ལས་འགུལ་ཁང་གིས་གསལ་རྟོག་བྱུང་བ་ལྟར་ན། ཐེངས་འདིར་ཁྲིམས་ཐག་བཅད་པའི་བོད་མི་དེ་དག་ནི་བསང་ཆུ་ཁུལ་གྱི་བཀུར་འོས་ཀྱི་གྲོང་སྡེ་འགོ་ཁྲིད་རྐྱང་ཡིན་པ་དང་། ཁོང་ཚོས་འི་ནག་ཉེས་ནི་རྒྱ་ནག་གིས་ཁུལ་དེར་མྱུར་ལམ་གསར་བཟོ་བྱས་པ་དང་། དེ་བཞིན་རྒྱ་ནག་གི་བཟོ་ཚོང་ཁང་ཞིག་གིས་ཁུལ་དེར་ཕག་པའི་བཤས་ར་བཙུགས་པར་གུན་གསབ་དགོས་ལུགས། དེ་བཞིན་བདག་མེད་ཀྱི་ས་ཁུལ་ཆུང་ངུ་ཞིག་དགོན་པས་བདག་པོ་རྒྱབ་པ་སོགས་ལ་བརྟེན། བོད་མི་དེ་དག་གིས་བཙན་དབང་གི་ཚོང་བསྒྱུར་བྱས་པ་སོགས་ཀྱི་མིང་ཐོག་ནས་ཁྲིམས་ཐག་བཅད་ཡོད་ལུགས་ཕྱིར་བསྒྲགས་གནང་འདུག
ལས་འགུལ་ཁང་གིས་གནས་ཚུལ་འདི་ལས་ཤེས་ཐུབ་པ་ནི། དམར་ཤོག་ཚོགས་པའི་བོད་ཀྱི་གཞི་རིམ་མང་ཚོགས་ཀྱི་འགོ་ཁྲིད་རྣམས་ཀྱི་བྱ་སྤྱོད་དེ་དམར་ཤོག་ཚོགས་པའི་དབང་ཆ་ལ་ཉེན་ཚབས་ལྟ་བུར་མཐོང་བཞིན་ཡོད་པ་དང་། ཐེངས་འདིའི་དོན་རྐྱེན་དེའི་ཁྲོད་ནས་དམར་ཤོག་ཚོགས་པས་ཆབ་སྲིད་དང་ཁྲིམས་ལུགས་ཀྱི་དྲིལ་བསྒྲགས་ལ་བརྟེན་ནས་བོད་ནང་གི་དམའ་རིམ་སྤྱི་ཚོགས་སུ་སྲིད་གཞུང་སྲ་བརྟན་དུ་གཏོང་གི་ཡོད་པ་མ་ཟད། རྒྱ་ནག་གིས་བོད་པའི་སྤྱི་ཚོགས་ཀྱི་འགོ་ཁྲིད་དེ་ནི་ནག་ཉེས་ཅན་གྱི་ཤོག་ཁོག་ལ་ངོས་འཛིན་བྱེད་བཞིན་ཡོད་པར་འཁོད་འདུག
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན། སྐུ་ཞབས Matteo Mecacci ལགས་ཀྱིས། ཐེངས་འདིར་རྒྱ་ནག་གིས་བསང་ཆུའི་ཁུལ་གྱི་བོད་མི་བཅུ་ལ་ཁྲིམས་ཐག་བཅད་པའི་གྱོད་དོན་དེའི་སྟེང་ནས། རྒྱ་ནག་གི་བོད་ཁུལ་དུ་སྤེལ་བཞིན་པའི་ནག་སེལ་གཤེད་བཅོམ་དྲིལ་བསྒྲགས་དང་བོད་ཁུལ་གྱི་རྒྱ་ནག་གི་ཁྲིམས་ལུགས་སོགས་ཀྱི་ནོར་འཁྲུལ་ཤེས་ཐུབ་པ་དང་། བོད་མི་རྣམས་ལ་ག་དུས་ཁྲིམས་ཐག་བཅད་པ་སོགས་ཀྱི་མཚོན་པའི་གཞི་རྩའི་ཐོབ་ཐང་ཁག་ཡོད་པར་བརྟེན། རྒྱ་ནག་གི་དཔོན་རིགས་ཀྱིས་དྲང་བདེན་མིན་པའི་ཐག་གཅོད་འདི་ཡིས་བོད་མི་རྣམས་ཀྱིས་རྒྱ་ནག་སྲིད་གཞུང་གི་ཁྲིམས་ལུགས་ལ་ཡིད་ཆེས་མེད་པའི་སེམས་ཚོར་ཆེ་རུ་བསྐྱེད་བཞིན་ཡོད་སྐོར་ཤེས་དགོས་ཞེས་བསྒྲགས་འདུག

འབྲེལ་ཡོད་གསར་གནས།

གསར་གནས།