Tibetan Royal Year of 2151 | Year of the Wood Dragon

སུད་སི་གཞུང་གིས་རྒྱ་ནག་གཅིག་གི་སྲིད་བྱུས་ལ་བསྐྱར་ཞིབ་གནང་དགོས་པའི་རེ་སྐུལ།

Tibetan News Headlines

  • Sikyong Penpa Tsering meets President Macron, gifts autographed photo of the Dalai Lama with French leader
  • Tibetans inside and outside Tibet mark Calligraphy Day
  • Derge protests put dams back on the agenda: Rights group calls for transparency of Dam construction plans in Tibet
  • Mexico legislators and friends of Tibet gather to strategize and reaffirm commitment to Tibet’s rights
  • Sarah College for Higher Tibetan Studies holds 23rd graduation ceremony

རེས་གཟའ་ལྷག་པ། ༢༠༢༤།༠༥།༠༡

  • སྲིད་སྐྱོང་མཆོག་གིས་ཕ་རན་སིའི་སྲིད་འཛིན་ལྷན་དུ་མཇལ་འཕྲད་གནང་འདུག
  • བོད་གཞིས་བྱེས་གཉིས་སུ་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ཉིན་མོ་སྲུང་བརྩི་ཟབ་རྒྱས་ཞུས་པ།
  • རྒྱ་གཞུང་གི་ཆུ་མཛོད་གསར་རྒྱག་གི་ལས་གཞི་ཐད་ཕྱི་གསལ་ནང་གསལ་དགོས་པའི་འབོད་སྐུལ།
  • Mexico ནང་དུ་མ་འོངས་བོད་དོན་རྒྱབ་སྐྱོར་གྱི་ལས་དོན་སྤེལ་ཕྱོགས་སྐོར་ཚོགས་འདུ་ཚོགས་པ།
  • རྡ་ས་རིགས་སློབ་མ་ལག་གཉིས་ཀྱི་སློབ་ཐོན་མཛད་སྒོ་ཚོགས་པ།

ཟླ་བ་འདིའི་ཕྱི་ཚེས་ ༡༤ ཉིན་སུད་སི་ཕྱི་སྲིད་ལས་ཁུངས་ཀྱིས་ཡུལ་དེའི་ནང་ཡོད་པའི་འབྲེལ་ཡོད་གཞི་རིམ་མི་མང་གི་ཚོགས་པ་ཁག་ཅིག་གི་སྐུ་ཚབ་དང་ལྷན་དུ་སུད་སི་གཞུང་གིས་ཕྱི་ལོ་ ༢༠༢༡ ནས་ ༢༠༢༤ བར་རྒྱ་ནག་ཐོག་འཛིན་རྒྱུའི་འཐབ་ཇུས་སྐོར་གྲོས་བསྡུར་གྱི་ལྷན་ཚོགས་ཤིག་ཚོགས་ཡོད་པ་རེད།

ལྷན་ཚོགས་དེར་སུད་ནང་ཡོད་པའི་སུད་སི་དང་ལེག་ཏེན་སི་ཊ་ཡན་བོད་རིགས་མི་མང་གི་ཚོགས་གཞོན་ཕྱོགས་ཤམ་པ་ཕུན་ཚོགས་ལགས་དང་སུད་བོད་མཐུན་གྲོགས་ཚོགས་པའི་འགན་འཛིན་སྐུ་ཞབས་ Thomas Büchli ལགས་གཉིས་མཉམ་ཞུགས་གནང་སྟེ། སུད་སི་ཕྱི་སྲིད་ལས་ཁུངས་ཀྱི་སྐུ་ཚབ་ Rafael Nägeli ལགས་སུ་རྒྱ་ནག་གཞུང་གིས་བོད་བཙན་བཟུང་བྱས་པ་ནས་བཟུང་། ད་བར་ལོ་ངོ་དྲུག་ཅུ་ལྷག་གི་རིང་ལ་བོད་ནང་གི་བོད་མི་ཚོར་ཆོས་དད་དང་སྨྲ་བརྗོད། འདུ་འཛོམས་དང་འགྲོ་བསྐྱོད། དེ་བཞིན་སོ་སོའི་སྐད་ཡིག་བེད་སྤྱོད་བྱེད་ཕྱོགས་སོགས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གང་ཡང་མེད་པའི་གནས་སྟངས་དཔེ་མཚོན་དང་བཅས་འཁོད་པའི་སྙན་ཐོ་ཤོག་གྲངས་ ༣༡ ཅན་ཞིག་ཕུལ་འདུག

སྙན་ཐོ་དེའི་ནང་ལ་གཞན་ཡང་རྒྱ་གཞུང་གིས་ཞི་རྒོལ་བ་རྣམས་གང་བྱུང་འཛིན་བཟུང་བཙན་ཁྲིད་བྱས་པ་མ་ཟད། ཁོང་རྣམས་ལ་ཁྲིམས་མཐུན་མིན་པའི་ཁྲིམས་ཐག་གཅོད་བཞིན་པའི་གནས་སྟངས་དང་། སྲིད་འཛིན་ཞི་ཅི་ཕིང་གིས་བཙན་འཛུལ་དང་རྒྱ་བསྐྱེད་རང་ལུགས་ཀྱི་དམིགས་ཡུལ་བཟུང་སྟེ་རྒྱལ་སྤྱིའི་ཐོག་རྒྱུད་གཅིག་ལམ་གཅིག་གི་སྲིད་བྱུས་སྤེལ་བ། རྒྱ་ནག་གཅིག་གི་སྲིད་བྱུས་འོག་རྒྱལ་སྤྱིའི་རྒྱལ་ཁབ་ཚོས་བོད་དང་ཐེ་ཝན། དེ་བཞིན་ཧོང་ཀོང་སོགས་ཀྱི་གནད་དོན་གླེང་རྒྱུར་བཀག་སྡོམ་བྱེད་བཞིན་པ། ལྷག་པར་དུ་སུད་སི་གཞུང་ནས་ཕྱི་འབྲེལ་གྱི་སྲིད་བྱུས་ཁྲོད་གལ་འགངས་ཆེན་པོར་འཛིན་བཞིན་པའི་འགྲོ་བ་མིའི་ཐོབ་ཐང་གི་རྩ་འཛིན་དེ་དག་ལ་རྒྱ་ནག་གཞུང་གིས་གུས་རྩི་ཞུས་མེད་པ་སོགས་རྒྱ་ནག་དང་འབྲེལ་བའི་གལ་ཆེའི་གནད་ཁག་གི་ཐོག་ཞིབ་ཕྲ་བཀོད་འདུག

ལྷག་པར་དུ་སྙན་ཐོ་དེའི་ནང་ལ་སུད་སི་རྒྱལ་ཁབ་འདི་རྒྱ་ནག་གཅིག་གི་སྲིད་བྱུས་ལ་ངོས་ལེན་ཞུ་མཁན་གྱི་རྒྱལ་ཁབ་ཐོག་མའི་གྲས་ཤིག་ཡིན་པ་ཐེར་འདོན་དང་སྦྲགས།  རྒྱ་ནག་གཞུང་ནས་རྒྱ་ནག་གཅིག་གི་སྲིད་བྱུས་བེད་སྤྱོད་བྱས་ཏེ་རྒྱལ་སྤྱིའི་འགོ་ཁྲིད་རྣམས་༸གོང་ས་མཆོག་དང་ཐུགས་འཕྲད་གནང་རྒྱུར་འགོག་རྐྱེན་བཟོ་བཞིན་པ་ཙམ་མ་ཟད། ཕྱིའི་རང་དབང་ཅན་གྱི་རྒྱལ་ཁབ་དེ་དག་གིས་རྒྱ་ནག་ལ་སྐྱོན་བརྗོད་རིགས་བྱེད་སྐབས་ཁ་འགོག་རྒྱུའི་སྲིད་བྱུས་ཤིག་ཡིན་པ་འགྲེལ་བརྗོད་དང་སྦྲགས། ད་ལྟའི་ཆ་ལ་རྒྱལ་སྤྱིའི་དཔྱད་ཞིབ་པ་མི་ཉུང་བ་ཞིག་གིས་རྒྱ་ནག་གཅིག་གི་སྲིད་བྱུས་ལ་བསྐྱར་ཞིབ་དགོས་བར་གསུང་བཞིན་པའི་སྐབས་འདིར། སུད་གཞུང་ནས་ཀྱང་དེ་སྔ་ནས་ཁས་ལེན་བྱེད་བཞིན་པའི་རྒྱ་ནག་གཅིག་གི་སྲིད་བྱུས་ལ་བསྐྱར་ཞིབ་གནང་དགོས་པ་མ་ཟད། ལྷག་པར་དུ་སུད་སི་རྒྱལ་ཁབ་འདི་དྲང་བདེན་དང་ཞི་བདེ། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་བརྩི་སྲུང་ཞུ་མཁན་གྱི་རྒྱལ་ཁབ་ཅིག་ཡིན་པའི་ཆ་ནས་རྒྱ་ནག་ལྟ་བུའི་རྒྱལ་ཁབ་ལ་རྒྱབ་སྐྱོར་མི་གནང་བའི་རེ་སྐུལ་ནན་པོ་ཞུས་འདུག

གཞི་རྩའི་སུད་སི་དང་ལེག་ཏེན་སི་ཊ་ཡན་བོད་རིགས་མི་མང་གི་ཚོགས་གཞོན་ཕྱོགས་ཤམ་པ་ཕུན་ཚོགས་ལགས་དང་སུད་བོད་མཐུན་གྲོགས་ཚོགས་པའི་འགན་འཛིན་སྐུ་ཞབས་ Thomas Büchli ལགས་གཉིས་ཀྱི་སྐབས་དེར་ཕུལ་བའི་སྙན་ཐོའི་མཐའ་མ་དེར། སུད་རྒྱལ་ཁབ་ཀྱིས་རྒྱ་ནག་གི་བྱེད་བབ་དེ་དག་ཤེས་པའི་ཐོག་རང་ཉིད་ཀྱི་ཆེ་མཐོང་སྲུང་སྐྱོབ་གནང་རྒྱུ་གལ་ཆེན་པོ་ཡིན་པ་འགྲེལ་བརྗོད་དང་སྦྲགས། སུད་སི་གཞུང་གི་ཕྱི་ལོ་ ༢༠༢༡ ནས་ ༢༠༢༤ བར་རྒྱ་ནག་ཐོག་འཛིན་རྒྱུའི་ཕྱོགས་གཉིས་ཀྱི་སྲིད་བྱུས་ཁྲོད། བོད་དང་ཤིན་ཅང་། དེ་བཞིན་ཧོང་ཀོང་བཅས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྐོར་ངེས་པར་དུ་རྒྱ་ནག་ལ་འདྲི་གཅོད་བྱེད་དགོས་པ་མ་ཟད། གནད་དོན་དེའི་སྐོར་རྒྱལ་ཚོགས་གཙོས་པའི་རྒྱལ་སྤྱིའི་གར་སྟེགས་སུ་གླེང་སློང་དགོས་པ་དང་། སུད་སི་གཞུང་ནས་རྒྱ་ནག་གི་གང་བཤད་ལ་གུས་བཀུར་བྱེད་རྒྱུ་མཚམས་འཇོག་བྱས་ཏེ་ས་གནས་སུ་བོད་མི་སྐྱབས་བཅོལ་ཞུ་མཁན་རྣམས་རྒྱ་རིགས་ཁོངས་སུ་གཏོགས་པའི་སྲིད་བྱུས་དེར་འགྱུར་བ་གཏོང་དགོས་པ་མ་ཟད། ད་ལྟ་བོད་མི་སྐྱབས་བཅོལ་མ་ཐོབ་པར་གནས་བཞིན་པའི་དཀའ་ངལ་ཁག་གསལ་ཐབས་གནང་དགོས་པ། སུད་གཞུང་ནས་རྒྱ་ནག་གི་བརྒྱུད་གཅིག་ལམ་གཅིག་གྱི་སྲིད་བྱུས་ནང་མཉམ་ཞུགས་གནང་རྒྱུའི་ཐད་ངེས་པར་དུ་བསྐྱར་ཞིབ་གནང་དགོས་པ། རྒྱ་ནག་གི་དཔོན་རིགས་སུད་སི་ནང་ལྟ་སྐོར་དུ་ཡོང་སྐབས་སུད་གཞུང་ནས་ས་གནས་སུ་ཡོད་པའི་གཞི་རིམ་མི་མང་གི་ཚོགས་པ་རྣམས་ལ་རང་དབང་ཐོག་ནས་ངོ་རྒོལ་བྱེད་རྒྱུའི་ཐོབ་ཐང་སྤྲོད་དགོས་པ། དེ་བཞིན་དབུ་མའི་ལམ་གྱི་སྲིད་བྱུས་འདི་བོད་རྒྱའི་བཀའ་རྙོག་ཞི་འགྲིག་ཡོང་རྒྱུའི་ཐབས་ལམ་བཟང་ཤོས་དེ་ཡིན་པར་ངོས་འཛིན་ཞུས་པའི་ཐོག་རྒྱ་ནག་གཞུང་ལ་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་གནང་དགོས་པའི་གནོད་ཤུགས་སྤྲོད་དགོས་པ་མ་ཟད། སུད་སི་གཞུང་ནས་ཨ་རི་ལྟར་བོད་ནང་ཕར་འགྲོ་ཚུར་འོང་གི་ཁྲིམས་འཆར་གཏན་འབེབས་ཐུབ་རྒྱུར་དགོངས་པ་བཞེས་དགོས་པ་སོགས་ཀྱི་དགོས་འདུན་ཁག་ཅིག་ཀྱང་བཏོན་འདུག

འབྲེལ་ཡོད་གསར་གནས།

གསར་གནས།