སྐལ་རྡོར་ལགས་ཀྱིས་སྲིད་སྐྱོང་འོས་བསྡུའི་དྲིལ་བསྒྲགས་ཐོག་མ་འགོ་འཛུགས་གནང་སོང་།

Tibetan News Headlines

  • In conversation with Asanga Vajra Rinpoche of the Khön Family of Sakya Phuntsok Phodrang

ཪེས་གཟའ་སྤེན་པ། ༢༠༢༦།༡༡།༠༧

  • དཔལ་ས་སྐྱ་པ་ཕུན་ཚོགས་ཕོ་བྲང་གི་འཁོན་གདུང་༸སྐྱབས་མཆོག་ཨ་སངྒ་བཛྲ་རིན་པོ་ཆེ་དང་གླེང་མོལ།

རེས་གཟའ་པ་སངས་ཉིན་གྱི་ཕྱི་དྲོ་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་བོད་སྒར་བསམ་ཡས་གླིང་གི་དགོན་པའི་མདུན་ཐང་དུ།  དབུ་དཀར་ཚང་སྐལ་རྡོར་ལགས་ཀྱིས་ཁོང་རང་ཉིད་ ༢༠༢༦ ལོའི་སྲིད་སྐྱོང་དུ་བཞེངས་རྒྱུའི་ཐག་གཅོད་ཟིན་པའི་དམིགས་ཡུལ་གྱི་བསྒྲགས་གཏམ་གསལ་བསྒྲགས་དང་སྦྲགས།  མི་མང་གིས་ཁོང་ལ་འོས་འཕང་དགོས་པའི་དྲིལ་བསྒྲགས་ཀྱི་ལས་འགུལ་དེ་འགོ་འཛུགས་གནང་སོང་། 

ཁོང་གིས་སྐབས་དེར།  གལ་ཏེ་ཁོང་རང་ཉིད་སྲིད་སྐྱོང་དུ་འཁོད་ཚེ།  དབུས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་སྲ་བརྟན་ཡོང་བ་དང་།   ༸སྐུའི་ཡང་སྲིད་དང་འབྲེལ་བའི་གནད་དོན་ཐོག་ G7 སྟོབས་ཆེན་རྒྱལ་ཁབ་ཁག་ལ་གཞུང་འབྲེལ་ངོས་འཛིན་གཏན་འབེབས་ཡོང་བའི་ཐབས་ཤེས།  བཙན་བྱོལ་ནང་གི་སློབ་གྲྭ་ཁག་དེ་བཞིན་དེང་དུས་དང་མཐུན་པའི་ཤེས་ཡོན་གྱི་ལྟེ་གནས་སུ་བསྒྱུར་ཐབས།  མ་ཟད་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་ཆ་ཚང་འཕྲུལ་རིག་གྲངས་འཛིན་ Digitization གྱི་ངོ་བོར་བསྒྱུར་རྒྱུ་སོགས་ཀྱི་བསྒྲུབ་བྱའི་དོན་ཚན་ལྔ་ཅན་ཁས་ལེན་དང་འབྲེལ།   མི་མང་གི་ངོས་ནས་ཁོང་ལ་འོས་འཕང་དགོས་པའི་དྲིལ་བསྒྲགས་ཀྱི་ལས་རིམ་དེ་འགོ་འཛུགས་གནང་ཡོད།   

གཞི་རྩའི་དབུ་དཀར་ཚང་སྐལ་རྡོར་ལགས་ཀྱིས་ཁོང་རང་ཉིད་ ༢༠༢༦ ལོའི་སྲིད་སྐྱོང་གི་འོས་མིར་བཞེངས་རྒྱུའི་གསལ་བསྒྲགས་དེ།  ཁ་སྔོན་ཕྱི་ཟླ་ ༡༡ ཚེས་ ༡༩ ནས་གནང་ཟིན་ཡོད་ཀྱང་།  ད་རེས་ཀྱི་དྲིལ་བསྒྲགས་ལས་རིམ་དེ་ནི།    ཁོང་དངོས་སུ་སྔོན་འགྲོའི་འོས་གཞི་ནང་སླེབས་ཐབས་སུ་མི་མང་གི་འོས་འཕང་དགོས་པའི་དྲིལ་བསྒྲགས་ཀྱི་ལས་རིམ་དང་པོ་དེ་ཡིན་པ་དང་།   རིམ་པས་བྱང་ཨ་རི་དང་ཡུ་རོབ་ཕྱོགས་སུའང་དྲིལ་བསྒྲགས་ཆེད་བསྐྱོད་རྒྱུ་ཡིན་པའི་འགྲེལ་བརྗོད་གནང་གི་འདུག

འབྲེལ་ཡོད་གསར་གནས།

གསར་གནས།