སྲིད་སྐྱོང་མཆོག་གི་ཡུ་རོབ་རྒྱལ་ཁབ་བཞིའི་ནང་གཞུང་འབྲེལ་ཕྱོགས་ཕེབས་དབུ་འཛུགས།

Tibetan News Headlines

  • Sikyong Penpa Tsering and Paljor Kalon Hold High-Level Meetings with US Officials and Lawmakers on Tibet
  • China Directs Monks from Monasteries Across Lhasa to Perform Religious Rites at Graves of Deceased Chinese Soldiers
  • Lobsang Choedon Samten Appointed as Representative of His Holiness the Dalai Lama at the Office of Tibet in London
  • Tibet Week Celebrations Underway at Christ University in Bengaluru
  • Uyghur Woman Detained at 14 Reportedly Dies in Chinese Prison at 23
  • China’s Transnational Repression Silently Takes Root in Japanese Society, Report Finds
  • Nvidia Reportedly Weighs Ousting CEO Jensen Huang Amid Investigation into Affair with Chinese Woman Suspected of Spying
  • India Deploys Specialised Shaurya Commandos Along Disputed China Border Amid Rising Tensions

ཪེས་གཟའ་ཕུར་བུ། ༢༠༢༦།༡༡།༡༢

  • སྲིད་སྐྱོང་མཆོག་ནས་དཔལ་འབྱོར་བཀའ་བློན་དང་ལྷན་དུ་ཨ་རི་ནང་གི་གཞུང་འབྲེལ་མི་སྣ་དང་གྲོས་ཚོགས་འཐུས་མི་སོགས་མཇལ་འཕྲད་གནང་འདུག
  • གདན་སའི་དགེ་འདུན་པ་རྣམས་སྲིད་དོན་དང་འབྲེལ་བའི་བྱེད་སྒོའི་ནང་བཙན་གྱིས་ཞུགས་བཅུག་པ་གསལ་སྟོན།
  • བློ་བཟང་ཆོས་སྒྲོན་བསམ་གཏན་ལགས་ཨིན་ཡུལ་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་གནང་འདུག
  • རྒྱ་གར་ལྷོ་ཕྱོགས་ Christ མཐོ་སློབ་ནང་བོད་ཀྱི་བདུན་ཕྲག་ཅེས་པའི་ལས་རིམ་སྲུང་བརྩི་གནང་བཞིན་པ།
  • ལོ་ན་ ༡༤ ནས་འཛིན་བཟུང་བྱས་པའི་ཡུ་གུར་བ་བུད་མེད་ཅིག་བཙོན་ཁང་ནང་འདས་གྲོངས་སུ་སོང་འདུག
  • ཉི་ཧོང་ནང་རྒྱ་ནག་ལ་སྐྱོན་བརྗོད་བྱེད་མཁན་རྣམས་ལ་ཐད་ཀར་སྡིགས་ར་དང་སྒྲིག་འཛུགས་ཁག་གི་གནོན་ཤུགས་བརྒྱུད་ནས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་བྱེད་བཞིན་པ་མངོན་གསལ།
  • ཇེན་སེང་ཧུ་ཧང་ཨེན་ཝི་ཊི་ཡ་ (Nvidia) ཁེ་ལས་ཁང་གི་འགན་འཛིན་ལས་གནས་ནས་ཕྱིར་འབུད་གཏོང་སྲིད་པ།
  • རྒྱ་གར་གཞུང་གིས་འཕགས་བོད་ས་མཚམས་ཐོག་ Shaurya Platoon དམག་སྡེ་གསར་པ་འགྲེམས་འཇོག་བྱས་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཡུ་རོབ་རྒྱལ་ཁབ་བཞི་ནང་གི་གཞུང་འབྲེལ་ཕྱོགས་ཕེབས་སླད་དེ་རིང་བཞུགས་སྒར་ནས་ཕེབས་ཐོན་གནང་སོང་།

སྲིད་སྐྱོང་མཆོག་དེ་རིང་བཞུགས་སྒར་ནས་ཕེབས་ཐོན་གྱིས་ཕྱི་ཟླ་ ༤ ཚེས་ ༢༡ ནས་ཕྱི་ཟླ་ ༥ ཚེས་ ༩ བར་དབྱིན་ཡུལ་དང་ནོར་ཝེ། ཌེན་མག འཇར་མན་བཅས་སུ་གཞུང་འབྲེལ་ཕྱོགས་ཕེབས་གནང་གི་ཡོད་པ་རེད།

སྲིད་སྐྱོང་མཆོག་གིས་ཐེངས་འདིའི་ཕྱོགས་ཕེབས་ཁྲོད་གཙོ་བོ་དབྱིན་ཡུལ་གྲོས་ཚོགས་སུ་བོད་ནང་གི་ཆོས་དད་རང་དབང་གི་གནས་སྟངས་དང་འབྲེལ་བའི་ཉན་ཞིབ་ལས་རིམ་ཐོག་གདན་ས་ཆེན་པོ་བཀྲིས་ལྷུན་པོའི་མཁན་རིན་པོ་ཆེ་མཆོག་དང་ལྷན་དུ་མཉམ་ཞུགས་གནང་རྒྱུ་དང་། རྒྱལ་ཁབ་སོ་སོའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་མཇལ་འཕྲད་དང་གཙུག་ལག་སློབ་ཁང་དུ་གསུང་བཤད་གནང་རྒྱུ་སོགས་ཀྱི་མཛད་རིམ་ཡོད་པ་རེད།

དེ་བཞིན་ཁ་སང་ཕྱི་ཚེས་ ༢༠ ཉིན་གྱི་སྔ་དྲོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཕ་རན་སིའི་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་སྐུ་ Jacqueline Eustache-Brinio ལགས་ཀྱིས་སྣེ་ཁྲིད་འོག་གྲོས་ཚོགས་འཐུས་མི་བཞི་ལས་གྲུབ་པའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་དང་མཇལ་འཕྲད་ཀྱིས་རྒྱ་བོད་གཉིས་དབར་གྱི་དཀའ་རྙོག་དང་འབྲེལ་བའ་གནད་དོན་ཁག་གཅིག་དང་བཙན་བྱོལ་བོད་མིའི་བདེ་དོན་སྐོར་ལ་བཀའ་བསྡུར་གནང་འདུག

དེ་རིང་ཕྱི་ཚེས་ ༢༡ ཉིན་གྱི་སྔ་དྲོ་ཕ་རན་སི་གྲོས་ཚོགས་གོང་མའི་སྐུ་ཚབ་ཚོགས་ཆུང་གིས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་དང་ལྷན་མཇལ་མོལ་གནང་ཡོད་པ་དང། རེས་གཟའ་ཟླ་བའི་ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུ་རྒྱུ་རེད་འདུག

རླུང་འཕྲིན་ཁང་གིས་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་སུ་དེ་འབྲེལ་བཀའ་འདྲི་ཞུས་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།