Tibetan Royal Year of 2151 | Year of the Wood Dragon

སྲིད་སྐྱོང་མཆོག་གིས་ལ་བྱང་ཉོ་མའི་མང་ཚོགས་དང་མཇལ་འཕྲད།

Tibetan News Headlines

  • Bhartruhari Mahtab and Tapir Gao become new convener and co-convener of the all party Indian parliamentary forum for Tibet
  • 6th General body meeting of Tibetan trader’s association commences in Ludhiana
  • U.S. expands ban on Chinese imports over Uyghur rights abuses
  • Large-scale construction projects are being carried out in the border areas of Tibet and India
  • Tibetan Diaspora : Sera Jey international online school

རེས་གཟའ་པ་སངས། ༢༠༢༤།༠༨།༠༩

  • སྐུ་ཞབས་ Bhartruhari Mahtab མཆོག་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོར་བསྐོ་བཞག
  • བཙན་བྱོལ་བོད་མིའི་ཚོང་པ་ཚོགས་པའི་ཚོགས་ཆེན་ཐེངས་དྲུག་པ།
  • ཡུ་གུར་རང་དབང་རྡོག་རོལ་བཏང་བར་ཨ་རིས་རྒྱ་ནག་གི་ཚོང་ཟོག་ནང་འདྲེན་བཀག་སྡོམ་རྒྱ་སྐྱེད།
  • འཕགས་བོད་མཐའ་མཚམས་ཁུལ་དུ་འཛུགས་སྐྲུན་གྱི་ལས་གཞི་རྒྱ་ཆེར་སྤེལ་བཞིན་པ།
  • བཙན་བྱོལ་བོད་མིའི་གནས་སྟངས་ངོ་སྤྲོད། སེར་བྱེས་དྲ་ཐོག་སྐད་ཡིག་སློབ་གྲྭ།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ལ་དྭགས་བྱང་ཐང་ཉོ་མའི་མང་ཚོགས་དང་མཇལ་འཕྲད་ཀྱིས་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཕྲོད་བཞེས་ཀྱི་གནས་སྟངས་སྙན་སེང་དང་སྒྲགས། བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་གྲོས་ཆོད་ཨ་རིའི་སྲིད་འཛིན་གྱི་ཕོ་བྲང་ལ་འབྱོར་ཟིན་པ་དང་ཉིན་བཅུའི་ནང་ཚུད་ཁྲིམས་སུ་བཅད་རྒྱུ་ངེས་པ་གསུངས་འདུག

Sikyong Jangthang Visit

དེ་ཡང་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ལ་སྤྱི་དོན་གྲུབ་བཀྲིས་ལགས་དང་ལྷན་དུ་ཁ་སང་ཉོ་མ་ནས་འགོ་འཛུགས་ཀྱིས་བྱང་ཐང་ས་གནས་ཁག་ཏུ་འཚམས་གཟིགས་དབུ་འཛུགས་གནང་བ་ལྟར། ཉོ་མའི་ནང་གི་ལས་གཞི་ཁག་ལ་གཟིགས་ཞིབ་དང་སློབ་གྲྭར་འཚམས་གཟིགས་ཙམ་མ་ཟད། ས་གནས་མང་ཚོགས་འདུ་འཛོམས་ཀྱིས་གསུངས་བཤད་གནང་འདུག

སྤྱིར་ཉོ་མའི་ནང་བོད་མི་ཁྱིམ་ཚང་ ༣༡ དང་མི་འབོར་ཕོ་མོ་སྡོམ་ ༢༢༣ ཙམ་ཡོད་པ་དང་། མང་ཆེ་བ་ཞིང་ལས་དང་། འབྲོག་ལས། ཚོང་ལས། ངལ་རྩོལ་བཅས་ཀྱི་ལས་ལ་བཞུགས་ཡོད་པ་རེད།

Sikyong Jangthang Visit

སྲིད་སྐྱོང་མཆོག་གིས་སྐབས་དེར་བོད་མི་དེ་དག་ལ་ཐོག་མར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉེ་ཆར་ཨ་རིའི་ནིའུ་ཡོག་གི་ཞབས་པུས་ཀྱི་སྨན་ཁང་རྩེ་ཕུད་ནས་སྨན་བཅོས་ལེགས་གྲུབ་བྱུང་སྟེ་ཟླ་བ་འདིའི་ཕྱི་ཚེས་ ༨ ཉིན་ཁུལ་དེ་ནས་ས་གནས་གཞན་དུ་ཆིབས་བསྒྱུར་གྱིས་སྐུ་ལྷོད་བཞུགས་མཛད་པ་དང་འབྲེལ། ཕྱི་བཅོས་གསོ་ཐབས་མཛད་བཞིན་ཡོད་པས་གང་མགྱོགས་ཞབས་གོམ་ཐུབ་པའི་རེ་བ་ཞུ་བཞིན་ཡོད་སྐོར་སྙན་སེང་ཞུས་པ་མ་ཟད།  ཉེ་ལམ་ཨ་རིའི་ནང་བོད་མིའི་སྒྲིག་འཛུགས་ལ་མང་གཙོའི་ཞབས་ཞུའི་རྟགས་མ་ཐོབ་པ་དང་། ལྷག་པར་གྲོས་ཚོགས་ནང་གཏན་འབེབས་བྱུང་བའི་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་སྐོར་ལ་འགྲེལ་བརྗོད་ཁྲོད། ཁྲིམས་འཆར་དེར་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་ཚོགས་གཙོ་ནས་མཚན་རྟགས་བཀོད་ཟིན་ཏེ། ད་ཆ་ཕོ་བྲང་དཀར་པོའི་ནང་འབྱོར་ཟིན་པ་དང་། རིང་མིན་ཉིན་བཅུའི་ནང་ཚུད་སྲིད་འཛིན་གྱིས་མཚན་རྟགས་བཀོད་དེ་ཁྲིམས་སུ་བཅད་རྒྱུ་ངེས་པ་ཡིན་སྟབས། དེར་ཚང་མས་དགའ་སྤྲོ་བྱེད་འོས་པ་གསུང་འདུག

Sikyong Jangthang Visit

དེ་བཞིན་སྲིད་སྐྱོང་མཆོག་གིས་ཨ་རིའི་ནང་དེ་ལྟ་བུའི་ཁྲིམས་འཆར་གཏན་འབེབས་ཁྲོད། ཁེ་ན་ཌའི་ནང་གྲོས་ཆོད་ཞིག་ཆེད་འདོན་གྱིས་དེའི་ནང་བོད་དོན་དང་འབྲེལ་བའི་ཚིག་བརྗོད་སྔར་ལས་གནས་ཚད་མཐོ་རུ་བཏང་ཡོད་པ་དང་། ཡོ་རོབ་མཐུན་ཚོགས་ཀྱི་སྐུ་ཚབ་ཚོ་ཁག་ཉེ་ལམ་བོད་དུ་ཕེབས་པ་བཅས་ད་སྐབས་བོད་དོན་ཐོག་རྒྱལ་སྤྱིའི་ངོས་ནས་དོ་སྣང་ཆེ་བ་གནང་གི་ཡོད་པ་གསུངས་པ་དང་འབྲེལ། སྤྱིར་བཀའ་ཤག་ངོས་ནས་ད་ལྟའི་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་སྣེ་ཁྲིད་འོག་བོད་རྒྱའི་དཀའ་རྙོག་ལམ་སེང་སེལ་ཐུབ་པའི་རེ་བ་གནང་གི་མེད་ཀྱང་། ཕུག་རྒྱང་རིང་པོའི་ཐོག་དགོངས་བཞེས་འོག་དངོས་ཡོད་གནས་སྟངས་གཞི་རྩར་བཟུང་ནས་ཕྱག་ལས་གནང་བཞིན་ཡོད་སྐོར་གསུངས་འདུག

སྲིད་སྐྱོང་མཆོག་གིས་ཉོ་མའི་བོད་མི་རྣམས་ལ་སྐབས་དེར་ད་དུང་བོད་མིའི་སྒྲིག་འཛུགས་ངོས་ནས་ཐབས་བྱུས་ལ་བསྒྱུར་བ་བཏང་བའི་ཐོག་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ནུས་པ་མཐོ་རུ་གཏང་རྒྱུའི་འབད་བརྩོན་གནང་བཞིན་པ་ལས། དབུ་མའི་ལམ་གྱི་ཐོག་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་སྲིད་བྱུས་ལ་བསྒྱུར་བ་རྩ་བ་ནས་བཏང་མེད་པ་ནན་བཤད་གནང་འདུག

Sikyong Jangthang Visit

གཞི་རྩའི་སྲིད་སྐྱོང་མཆོག་གི་འཚམས་གཟིགས་དེ་དང་བསྟུན་ཉོ་མའི་བོད་མི་རྣམས་ཀྱིས་བཀའ་ཤག་ངོས་ནས་ད་བར་ས་གནས་བོད་མིར་རོགས་སྐྱོར་ཇི་གནང་ལ་བཀྲིན་བསམ་ཤེས་ཞུས་པ་དང་འབྲེལ། ས་གནས་མང་ཚོགས་ཀྱི་སྡོད་ཁང་ཉམས་གསོ་དང་། ས་ཆ་གསར་པ་ཁག་གཅིག་ལ་ར་བ་བསྐོར་རྒྱུ་དང་། ཞིང་ཆུའི་དཀའ་ངལ་སེལ་སླད་ས་འོག་ཆུའི་མཐུན་རྐྱེན་ཐད་རོགས་སྐྱོར་ཡོང་བའི་ཞུ་འབོད་གནང་བ་ལྟར། སྲིད་སྐྱོང་མཆོག་གིས་ཁག་གཅིག་བཀའ་ཤག་གི་ལོ་ལྔའི་འཆར་གཞི་ནང་བསྣམས་རྒྱུ་ཁས་ལེན་ཞུས་པ་དང་འབྲེལ། ཉོ་མའི་ནང་ཡུལ་སྐོར་སྤྲོ་འཆམ་གྱི་ལས་དོན་དང་འབྲེལ་འཆར་གཞི་དང་ལྡན་པའི་ལས་རིམ་བསྒྲིག་དགོས་པ་དང་། ས་གནས་ཀྱི་ས་ཆ་ཁག་གི་ས་ཁྲར་གཟིགས་ཞིབ་གནང་རྒྱུ་དང་ས་འོག་ཆུ་འཐེན་རྒྱུའི་ལས་གཞི་དང་འབྲེལ་ཁོར་ཡུག་གི་གནས་སྟངས་ལ་གཟིགས་ཞིབ་གནང་རྒྱུ་གལ་ཆེ་ཡིན་པའི་འགྲེལ་བརྗོད་གནང་འདུག

Sikyong Jangthang Visit

ལས་རིམ་ལྟར་ན། སྲིད་སྐྱོང་མཆོག་གིས་དེ་རིང་ཕྱི་ཚེས་ ༡༡ ནས་རིམ་པས་ལ་དྭགས་བྱང་ཐང་བཀག་གཞུང་དང་རྒོད་ཡུལ། ཧན་ལེ། ལ་བྱང་ཅུ་མར་དང་སུམ་མདོ། བྱང་ཐང་ས་སྨད་སོགས་ཀྱི་སློབ་གྲྭ་དང་སྨན་ཁང་། དགོན་པ་སོགས་ལ་ཆེད་ཕེབས་ཀྱིས་ས་གནས་མི་མང་དང་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བའི་གནས་བབ་ལ་གཟིགས་ཞིབ་གནང་རྒྱུ་དང་ཕྱི་ཚེས་ ༡༤ ཉིན་ལ་དྭགས་བསོད་ནམས་གླིང་གཞིས་ཆགས་ཀྱི་གྲོང་སྡེ་ཁག་ལ་གཟིགས་སྐོར་གནང་སྟེ་ས་གནས་ཀྱི་ཆབ་སྲིད་མི་སྣ་གཙོས་པའི་འཛིན་སྐྱོང་སྡེ་ཚན་གྱི་དཔོན་རིགས་ཁག་དང་གནད་ཡོད་མི་སྣ་ཁག་མཇལ་འཕྲད་གནང་རྒྱུ་མ་ཟད། ཕྱི་ཚེས་ ༡༦ ཉིན་གྱི་སྔ་དྲོ་མི་མང་ཚོགས་ཆེན་བསྐོང་ཚོགས་ཀྱིས་བཀའ་སློབ་གསུང་བཤད་དང་དྲི་བ་དྲི་ལན་སོགས་གནང་སྟེ།  ཕྱི་ཚེས་ ༡༧ ཉིན་གྱི་ཞོགས་པ་ལ་དྭགས་ཀྱི་རྒྱལ་ས་སླེ་ནས་མཁའ་ལམ་བརྒྱུད་ལྡི་ལིར་ཕེབས་རྒྱུ་དང་དེ་ནས་ཟླ་བ་འདིའི་ཚེས་ ༡༨ ནས་ ཟླ་ ༨ ཚེས་ ༤ བར་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་གནང་སྟེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འཚམས་འདྲི་མཇལ་བཅར་ཞུ་བ་སོགས་གནང་རྒྱུ་ཡིན་འདུག

Sikyong Jangthang Visit

འབྲེལ་ཡོད་གསར་གནས།

གསར་གནས།