ཧོང་ཀོང་གི་འགོ་ཁྲིད་རྣམས་ལ་སྲིད་དོན་ཉེས་ཆད་ཀྱི་ལས་དོན་མཇུག་སྐྱོང་དགོས་པའི་གྲོས་ཆོད་གཏན་འབེབས།

Tibetan News Headlines

  • Hokkaido Shimizu Town Delegation Visits Tibet House Japan, Presents First Harvest of the Region for His Holiness the Dalai Lama
  • Tibet Advocacy Group Calls on US to Restore Tibetan Broadcasting Services to Counter Chinese Propaganda and Censorship
  • China-Linked UK Businessman Tried to Hire Ex-Met Detective to Investigate MPs Critical of Beijing
  • Nvidia CEO Jensen Huang Admits Affair with Suspected Chinese Spy; Company Launches Investigation
  • Tibetan Representative Jigme Tsultrim Briefs India’s Minority Commission Chairperson on Tibetan Settlements in South India
  • China Expands Media Influence in Thailand Through Partnerships, Propaganda and Diplomatic Pressure, RSF Reports
  • History Feature: Tsarong Dasang Damdul

ཪེས་གཟའ་ཟླ་བ། ༢༠༢༦།༡༡།༠༩

  • ཉི་ཧོང་གྲོང་སྡེ་ཞིག་གི་སྐུ་ཚབ་ཚོ་ཁག་ནས་ས་གནས་དེའི་ལོ་ཏོག་ཐོན་སྐྱེད་ཐོག་མ་༸གོང་ས་མཆོག་ལ་འབུལ་བཞེས་གནང་འདུག
  • རྒྱ་ནག་གི་འཁྱོག་བཤད་དྲིལ་བསྒྲགས་ལ་གདོང་ལེན་སླད་ཨ་རི་གཞུང་གིས་བོད་སྐད་རླུང་འཕྲིན་ཁང་ལ་རྒྱབ་སྐྱོར་བྱེད་དགོས་གལ་ཡིན་པ་གསུངས་འདུག
  • དབྱིན་ཡུལ་ཚོང་པ་ཞིག་གིས་སོ་མྱུལ་བ་གླ་གཡར་བརྒྱུད་རྒྱ་ནག་གི་ཆེད་དུ་དབྱིན་ཡུལ་གྲོས་ཚོགས་འཐུས་མི་ཁག་གཅིག་ལ་གསང་ཉུལ་བྱས་པ་མངོན་གསལ།
  • Nvidia ཁེ་ལས་ཁང་གི་འགན་འཛིན་གྱིས་དོགས་གཞི་ཅན་གྱི་རྒྱ་རིགས་བུད་མེད་སོ་བ་ཞིག་དང་ནང་འབྲེལ་བྱུང་བའི་ཁས་ལེན་བྱས་རྗེས། ཁེ་ལས་ཁང་གིས་ཁོའི་བྱ་སྤྱོད་ལ་ཞིབ་བཤེར་འགོ་འཛུགས།
  • ལྷོ་སྤྱི་ཡིས་རྒྱ་གར་གཞུང་གི་གྲངས་ཉུང་མི་རིགས་ལྷན་ཚོགས་ཀྱི་ཚོགས་གཙོ་དང་མཇལ་འཕྲད་གནང་བ།
  • རྒྱ་གཞུང་གིས་ Thailand ནང་གི་གསར་འགོད་རང་དབང་ལ་དམ་དྲག་ཆེན་པོ་བྱེད་བཞིན་པ་གསལ་སྟོན།
  • བོད་ཀྱི་ལོ་རྒྱུས་ཁྲོད་མི་སྣ་གྲགས་ཅན་ངོ་སྤྲོད། དམག་སྤྱི་ཚ་རོང་ཟླ་བཟང་དགྲ་འདུལ་ལགས་ཀྱི་སྐོར།

ཁ་སང་ཕྱི་ཚེས་ ༡༥ ཉིན་ཡོ་རོབ་གྲོས་ཚོགས་སུ་ Deterioration of fundamental freedoms ཞེས་རྒྱ་གཞུང་གི་དབང་སྒྱུར་འོག་ཡོད་པའི་ཧོང་ཀོང་མང་ཚོགས་ཀྱི་ཆེས་ཞན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་སྐྱོན་བརྗོད་དང་འབྲེལ། ཡུལ་དེའི་འགོ་ཁྲིད་རྣམས་ལ་སྲིད་དོན་ཉེས་ཆད་བཀལ་རྒྱུའི་ལས་དོན་མཇུག་སྐྱོང་དགོས་པའི་གྲོས་ཆོད་ཞིག་ཆེས་མང་མོས་ཀྱིས་གཏན་འབེབས་གནང་འདུག

དེའང་རྒྱབ་སྐྱོར་འོས་གྲངས་ ༤༨༣ དང་། འགག་པ་ ༩ བར་བཞུགས་ ༤༢ བཅས་ཀྱི་ཐོག་ནས་གཏན་འབེབས་བྱུང་བའི་གྲོས་ཆོད་དེའི་ནང་རྒྱ་གཞུང་གིས་ཧོང་ཀོང་དུ་རྒྱལ་ཁབ་བདེ་འཇགས་ཟེར་བའི་ཁྲིམས་གཞི་ལག་བསྟར་ཁྲོད། ཧོང་ཀོང་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་ཏུ་ཕྱིན་ཡོད་པ་མ་ཟད། རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཞི་ཟེར་བ་དེ་དོན་དངོས་ཐོག་འགྲོ་བ་མིའི་ཐོབ་ཐང་ལ་སྔར་ལྷག་དམ་བསྒྲགས་དང་མང་ཚོགས་ཀྱི་སྨྲ་བརྗོད་དང་འདུ་འཛོམས་རང་དབང་སོགས་ལ་དོ་ཕོག་ཚབས་ཆེན་བཏང་ཡོད་པར་མངོན་གསལ་གནང་འདུག དེ་བཞིན་རྒྱ་ནག་གི་དོ་དམ་འོག་ཡོད་པའི་ཡུལ་དེའི་སྤྱི་དམངས་ཀྱི་ཐོབ་ཐང་རྩོད་ལེན་པ་གྲགས་ཅན་ JimmyLai གཙོས་པའི་རྒྱ་གཞུང་དང་ལྟ་སྤྱོད་མི་མཐུན་མཁན་རྣམས་གང་བྱུང་འཛིན་བཟུང་གིས་དྲག་གནོན་བྱས་པར་སྐྱོན་བརྗོད་དང་སྦྲགས། ཁོང་རྣམས་ཆ་རྐྱེན་གང་ཡང་མེད་པར་འཕྲལ་མར་གློད་བཀྲོལ་དགོས་པའི་ཞུ་སྐུལ་གནང་འདུག་པ་མ་ཟད། འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་རྒྱ་ཡི་དཔོན་རིགས་ཚོར་གཞུང་འབྲེལ་གྱི་ཉེ་ཆད་བཀལ་རྒྱུའི་ལས་དོན་མུ་མཐུད་མཇུག་སྐྱོང་གནང་དགོས་པ་འཁོད་འདུག

ཡུ་རོབ་གྲོས་ཚོགས་སུ་ཧོང་ཀོང་གི་གནད་དོན་དང་འབྲེལ། རྒྱ་ནག་ལ་སྐྱོན་བརྗོད་ཀྱི་གྲོས་ཆོད་དེ་ཉིད་གཏན་འབེབས་གནང་མ་ཐག དེར་འཁོན་ལན་དུ་ཧོང་ཀོང་ནང་རྟེན་གཞི་བྱས་པའི་རྒྱ་གཞུང་མགྲིན་ཚབ་པས་ཡོ་རོབ་མཐུན་ཚོགས་ཀྱི་བྱ་སྤྱོད་དེས་རྒྱ་ནག་གི་ཁྲིམས་སྒྲིག་གཙོས་པའི་རྒྱལ་སྤྱིའི་ཁྲིམས་སྒྲིག་ཁག་དང་ཡོངས་སུ་འགལ་གྱི་ཡོད་པ་དང་། རྒྱ་ནག་རྒྱལ་ནང་གི་གནད་དོན་ཐད་ཐེ་བྱུས་བྱས་པར་ངོས་འཛིན་གྱིས་སྐྱོན་བརྗོད་ཤུགས་ཆེ་ཙམ་མ་ཟད། དེ་ལྟ་བུའི་འགན་ཁུར་མེད་པའི་བྱ་སྤྱོད་རིགས་མུ་མཐུད་སྤེལ་ཚེ་མཐའ་གཅིག་ཏུ་ངོ་རྒོལ་ནན་པོ་བྱ་རྒྱུ་ཡིན་པའི་ཉེན་བརྡ་བཏང་འདུག

རྩ་བའི་ཡོ་རོབ་གྲོས་ཚོགས་ནང་འདས་པའི་ལོ་གཉིས་ཙམ་གྱི་གོང་དུ་ཧོང་ཀོང་ནང་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཞི་ལག་བསྟར་དང་འབྲེལ་ཡུལ་དེའི་འགོ་ཁྲིད་ཚོར་སྲིད་དོན་ཉེས་ཆད་འགེལ་ཐབས་བྱས་ཀྱང་། སྐབས་དེར་ཚོགས་མི་རྒྱལ་ཁབ་ ༢༧ ཁྲོད་གནད་དོན་དེའི་ཐོག་མང་མོས་རྒྱབ་སྐྱོར་ཐོབ་མེད་པ་རེད།

ཡོ་རོབ་གྲོས་ཚོགས་ཀྱི་ཐེངས་འདིའི་གྲོས་ཆོད་ནང་། ཧོང་ཀོང་ནང་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གྱིས་ནག་ཉེས་ཡོད་པའི་ཡུལ་དེའི་སྤྱི་ཁྱབ་ John Lee གཙོས་ཧོང་ཀོང་དང་རྒྱ་ནག་སྐམ་སའི་འབྲེལ་ཡོད་འགོ་ཁྲིད་རྣམས་ལ་དམིགས་བཀར་ཉེས་ཆད་གཏང་དགོས་པའི་ཞུ་སྐུལ་གནང་བ་མ་ཟད། ཧོང་ཀོང་དུ་ཡོད་པའི་ཡོ་རོབ་མཐུན་ཚོགས་ཀྱི་ལས་ཁུངས་ལ་མཐུན་འགྱུར་གནང་སྟེ་ས་གནས་ཀྱི་གནས་སྟངས་ལ་ཞིབ་འཇུག་བྱེད་ཤུགས་ཆེ་རུ་གཏང་དགོས་པ་སོགས་འཁོད་འདུག

འབྲེལ་ཡོད་གནས་ཚུལ་གཞན་ཞིག་གི་ནང་གསལ་ལྟར་ན། དབྱིན་ཡུལ་གྱི་ཕྱི་འབྲེལ་དྲུང་ཆེ་སྐུ་ཞབས་ James Cleverly ལགས་ཟླ་བ་འདིའི་ཟླ་མཇུག་ཏུ་རྒྱ་ནག་ནང་གཞུང་འབྲེལ་འཚམས་གཟིགས་གནང་འཆར་ཡོད་པ་དང་བསྟུན།  ཁ་སང་ཕྱི་ཚེས་ ༡༥ ཉིན་སྐུ་ཞབས་ Cleverly ལགས་ཀྱིས་རང་ཉིད་ཀྱི་ Twitter དྲ་ལམ་ཐོག་དེ་སྔ་རྒྱ་གཞུང་གིས་ཡུ་གུར་མི་རིགས་ཀྱི་གནད་དོན་དང་འབྲེལ་དབྱིན་ཡུལ་གྲོས་ཚོགས་འཐུས་མི་སྐུ་ཞབས་ Tim Loughton   ལགས་དང་ལྕམ་སྐུ་ Nus Ghani ལགས། དེ་བཞིན་ལྕམ་སྐུ་ Helena Kennedy ལགས་སུ་རྒྱ་གཞུང་གིས་དེ་ལྟ་བུའི་སྲིད་དོན་ཉེས་ཆད་བཀལ་བར་སྐྱོན་བརྗོད་ཤུགས་ཆེ་དང་སྦྲགས། ཁོང་རྣམས་པར་མཇལ་འཕྲད་ཀྱིས་མཉམ་འབྲེལ་སྒོ་ནས་རྒྱ་ནག་གིས་དེ་ལྟ་བུའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་ལས་དོན་སྤེལ་བཞིན་པར་གདོང་ལེན་ཤུགས་ཆེ་བྱ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ་གསུངས་འདུག

འབྲེལ་ཡོད་གསར་གནས།

གསར་གནས།

Monday 09/11/2026