Tibetan Royal Year of 2151 | Year of the Wood Dragon

སྐུ་ཞབས་ Blinken མཆོག་རྒྱ་ནག་ཕྱོགས་བསྐྱོད་ཁྲོད་བོད་དོན་གླེང་དགོས་པའི་ཞུ་སྐུལ།

Tibetan News Headlines

  • US religious freedom watchdog warns of sinicization and assimilation of Tibetan religious and cultural identities
  • US sanctions 31 China-based companies over Russia
  • Xi Jinping to meet French President Macron and EU Chief in Paris next week
  • CTA begins house allocation programmes for Tibetans not facilitated in the refugee settlements
  • Dharamshala hosts conference on promotion and preservation of Tibetan language

རེས་གཟའ་ཕུར་བུ། ༢༠༢༤།༠༥།༠༢

  • རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་ལ་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་མངོན་གསལ་གནང་འདུག
  • ཨ་རིའི་གཞུང་གིས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ ༣༡ ལ་སྲིད་དོན་ཉེས་ཆད་བཀལ་བ།
  • ཞི་ཅིང་ཕིང་གིས་ཕ་རན་སིའི་སྲིད་འཛིན་དང་ཡོ་རོབ་མཐུན་ཚོགས་ཀྱི་གཙོ་འཛིན་ཐུག་འཕྲད་བྱ་འཆར།
  • བོད་མི་སྡོད་ཁང་མེད་པ་རྣམས་ལ་རུབ་སྡོད་གཞིས་སྒར་ནང་སྡོད་ཁང་བགོས་འགྲེམས་ཀྱི་ལས་གཞི་དངོས་སུ་དབུ་འཛུགས།
  • བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་དར་འཕེལ་སྐོར་བགྲོ་གླེང་དབུ་འཛུགས།

ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ Antony Blinken མཆོག་ཟླ་བ་འདིའི་ཕྱི་ཚེས་ ༡༨ དང་ ༡༩ བཅས་ཉིན་གྲངས་གཉིས་རིང་རྒྱ་ནག་ཏུ་གཞུང་འབྲེལ་ཕྱོགས་བསྐྱོད་གནང་གི་ཡོད་པ་དང་བསྟུན། ཨ་རྒྱ་གཉིས་ཀྱི་མཇལ་འཕྲད་དེའི་ཐོག་བོད་གཙོས་པའི་ཡུ་གུར་དང་ཧོང་ཀོང་ཀྱི་ཆེས་ཞན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་གླེང་སློང་དང་། ལྷག་པར་སྒོ་ཤེས་རབ་རྒྱ་མཚོ་ལགས་གཙོས་རྒྱ་གཞུང་གི་བཀག་ཉར་འོག་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་རྣམས་འཕྲལ་མར་གློད་བཀྲོལ་ཡོང་ཐབས་དགོས་པའི་དགོས་འདུན་བཏོན་འདུག

དེ་ཡང་ཁ་སྔོན་ཕྱི་ཚེས་ ༡༤ ཉིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་། བོད་དོན་ལས་འགུལ་ལྟེ་གནས་ཁང།  རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གཙོས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གཅིག་དང་། གཞན་ཡང་ཡུ་གུར་དང་ཧོང་ཀོང་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་དང་འབྲེལ་བའི་གཞུང་ཁོངས་མིན་པའི་ཚོགས་པ་ཆེ་གྲས་ཁག་ ༤༢ བཟུང་སྦྲེལ་གྱིས་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ Antony Blinken མཆོག་གི་མཚན་ཐོག་ཏུ་ཕྱག་བྲིས་ཤིག་ཕུལ་གནང་བའི་ནང་། ཐེངས་འདིའི་ཕྱོགས་བསྐྱོད་ཁྲོད། རྒྱ་གཞུང་གིས་བོད་གཙོས་པའི་ཤིན་ཅང་དང་ཧོང་ཀོང་ནང་འཆར་གཞི་ལྡན་པའི་ཐོག་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་ཤུགས་ཆེ་གཏོང་བཞིན་པའི་གནས་ཚུལ་ཐེར་འདོན་དང་སྦྲགས། རྒྱ་ནག་དང་ལྷན་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྐོར་དོན་འབྲས་སོན་པའི་གླེང་སློང་གནང་དགོས་པའི་རེ་སྐུལ་ཞུས་པ་མ་ཟད། རྒྱ་གཞུང་གི་འཛིན་བཟུང་བཀག་ཉར་འོག་གནས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་སྒོ་ཤེས་རབ་རྒྱ་མཚོ་ལགས་དང་། རྒྱ་ནག་གི་ནང་གི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་གྲགས་ཅན་ Guo Feixiong དེ་བཞིན་ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་གྲགས་ཅན་ Jimmy Lai གཙོས་གཞན་ཆབ་སྲིད་བཙོན་པ་རྣམས་འཕྲལ་མར་གློད་བཀྲོལ་སླད་རྒྱ་ནག་ལ་གནོན་ཤུགས་སྤྲད་དགོས་པའི་དགོས་འདུན་བཏོན་འདུག

མ་ཟད་ཞུ་ཡིག་དེའི་ནང་སྤྱིར་ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་གིས་ཐེངས་འདིའི་གྲོས་མོལ་ཐོག་རྒྱ་ནག་དང་ལྷན་དུ་གཙོ་བོ་ཨུ་རུ་སུས་ཡུག་རེན་ལ་བཙན་འཛུལ་དང་། གོ་ལའི་ཚ་དྲོད། དེ་བཞིན་རྒྱ་ནག་གིས་ཐེ་ཝན་མཚོ་གླིང་དུ་དམག་དོན་སྦྱོང་བརྡར་བྱེད་བཞིན་པ་སོགས་ཀྱི་གནད་དོན་ཐད་གླེང་སློང་གནང་རྒྱུ་ཡིན་ཡང་། རྒྱ་ནག་ནང་དོན་དངོས་ཐོག་བཟང་ཕྱོགས་ཀྱི་འགྱུར་བ་མ་འགྲོ་བར་དེ་ལྟ་བུའི་དཀའ་ངལ་ནམ་ཡང་སེལ་ཐབས་མེད་པ་ནན་བརྗོད་དང་འབྲེལ། རྒྱ་དམར་གཞུང་གིས་ཡུལ་དེའི་ཕྱི་ནང་གཉིས་སུ་གནས་པའི་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཤུགས་ཆེ་བཏང་དང་གཏོང་བཞིན་པའི་ཁྲོད་འདིར། སྐུ་ཞབས་ Blinken མཆོག་གིས་ཐེངས་འདིའི་ཕྱོགས་བསྐྱོད་ཀྱི་གོ་སྐབས་ཆེར་བཞེས་ཀྱིས། ཨ་རིའི་ངོས་ནས་རྒྱལ་སྤྱིའི་ཚོགས་སྡེ་ཁག་དང་མཉམ་ལས་ཐོག་རྒྱ་ནག་གི་དེ་ལྟ་བུལ་བྱ་སྤྱོད་ལ་གདོང་ལེན་ནན་པོ་བྱ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ་དེ་རྒྱ་ནག་ལ་གསལ་འདོན་གནང་དགོས་སྐོར་གསུངས་འདུག

གཞུང་ཁོངས་མ་ཡིན་པའི་ཚོགས་པ་ཁག་ ༤༢ དེ་དག་གིས་གཞན་ཡང་རྒྱ་ནག་གིས་ཡུ་གུར་མི་རིགས་སྡེབ་གསོད་ཀྱིས་ལས་འགུལ་སྤེལ་བཞིན་པ་དང་། རྒྱ་ནག་སྐམ་ས་ཆེན་མོའི་ནང་འགྲོ་བ་མིའི་ཐོབ་ཐང་གི་རྩོད་ལེན་པར་ཁྲིམས་ཆད་རིམ་པ་བཏང་ཡོད་པ། དེ་བཞིན་ཧོང་ཀོང་ནང་ཉེ་ལམ་མི་ ༢༠ ལྷག་དོ་དམ་བཀག་ཉར་བྱས་པ་མ་ཟད། བོད་ནང་མཐའ་ན་ཕྱི་ཕྱོགས་ལ་འབྲེལ་བ་བྱས་པ་ཙམ་གྱི་ཉེས་ཆད་བཀལ་བཞིན་པ་སོགས་ལུང་འདྲེན་དང་འབྲེལ། ཕྱི་སྲིད་དྲུང་ཆེ་མཆོག་གི་ངོས་ནས་རྒྱ་གཞུང་ལ་རྒྱལ་སྤྱིའི་ཁྲིམས་ཀྱི་འབྲུ་དོན་ལ་གུས་བརྩི་ཞུ་དགོས་སྐོར་དང་། བོད་མིའི་རིགས་རྫས་བསྡུ་རུབ་དང་བཅའ་སྡོད་སློབ་གྲྭ་སོགས་ཀྱི་ལས་གཞི་འཕྲལ་མར་མཚམས་འཇོག་དགོས་པའི་ཞུ་སྐུལ་གནང་འདུག

ལྷག་དོན་ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཕྱི་སྲིད་དྲུང་ཆེ་མཆོག་ལ་ཟུར་དུ་ཞུ་ཡིག་ཅིག་ཕུལ་སྟེ། ཐེངས་འདིའི་ཕྱོགས་བསྐྱོད་ཁྲོད་རྒྱ་ནག་གི་འགོ་ཁྲིད་དང་ལྷན་དུ་བོད་ཀྱི་གནད་དོན་གླེང་དགོས་པ་དང་འབྲེལ། བོད་རྒྱ་གྲོས་མོལ་སླར་གསོ་བརྒྱུད་བོད་ཀྱི་གནད་དོན་སེལ་ཐབས་ཐད་རྒྱ་ནག་ལ་གནོན་ཤུགས་སྤྲོད་དགོས་པའི་ཞུ་སྐུལ་གནང་འདུག

དེའི་བར་ན་ཁ་སྔོན་ཕྱི་ཚེས་ ༡༤ ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ Blinken མཆོག་དང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ Qin Gang གཉིས་དབར་ཁ་པར་བརྒྱུད་བཀའ་མོལ་བྱུང་བའི་ཁྲོད། Qin Gang གིས་སྐུ་ཞབས་ Blinken མཆོག་ལ་ཨ་རིའི་ངོས་ནས་འགྲན་རྩོད་ཀྱི་མིང་བྱང་འོག ཐེ་ཝན་གི་གནད་དོན་གཙོ་བོར་འགྱུར་བའི་རྒྱ་ནག་རྒྱལ་ནང་གི་གནད་དོན་ཐད་ཐེ་བྱུས་བྱ་རྒྱུ་མེད་པ་དང་། རྒྱ་ནག་གི་ཁྲིམས་སྒྲིག་ཁག་ལ་གུས་བརྩི་ཞུ་དགོས་པ། དེ་བཞིན་རྒྱ་ནག་དང་འགྲན་རྩོད་ཀྱི་རྣམ་པ་དེ་འགན་ཁུར་ལྡན་པའི་ཐོག་གནང་དགོས་པ་སོགས་བཤད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།