Tibetan Royal Year of 2151 | Year of the Wood Dragon

སྲིད་སྐྱོང་མཆོག་གིས་ནིའུ་ཛིལེནྜ་སྲིད་བློན་མཆོག་ནས་རྒྱ་ནག་དང་ལྷན་དབུ་མའི་ལམ་གྱི་སྐོར་གླེང་དགོས་པའི་ཞུ་སྐུལ།

Tibetan News Headlines

  • EU-China relations and significance of Xi Jinping’s Europe visit: Discussion

རེས་གཟའ་པ་སངས། ༢༠༢༤།༠༥།༡༡

  • ཞི་ཅིན་ཕིང་གི་ཐེངས་འདིའི་ཡོ་རོབ་སྐོར་བསྐྱོད་ཀྱི་གནད་འགག་དང་། རྒྱ་ནག་དང་ཡོ་རོབ་དབར་གྱི་འབྲེལ་ལམ་སྐོར་གླེང་མོལ་གྱི་ལས་རིམ།

ནིའུ་ཛིལེནྜ་ནང་ཐེངས་དང་པོ་གཞུང་འབྲེལ་འཚམས་གཟིགས་ལ་ཕེབས་པའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཡུལ་དེའི་སྲིད་བློན་སྐུ་ཞབས་ Chris Hipkins ཀིརིས་ཧིཔ་ཀིནྶ་མཆོག་རིང་མིན་རྒྱ་ནག་ཏུ་རྒྱལ་དོན་ཕྱོགས་བསྐྱོད་ལ་ཕེབས་སྐབས། བོད་ནང་གི་ཛ་དྲག་གནས་སྟངས་གླེང་སློང་དང་འབྲེལ། བོད་མིའི་ངོས་ནས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སྒྲོམ་གཞིའི་འོག་དབུ་མའི་ལམ་གྱི་ཁེ་དབང་ཁོ་ན་རྩོད་བཞིན་པའི་གནད་དོན་གསལ་བཤད་དགོས་པའི་ཞུ་སྐུལ་གནང་འདུག

སྲིད་སྐྱོང་མཆོག་ཁ་ཉིན་ཡུལ་དེའི་ Aukland གྲོང་ཁྱེར་དུ་ཕེབས་འབྱོར་བྱུང་བ་དང་བསྟུན། New Zealand Herald གསར་ཤོག་གི་བཅར་འདྲི་ལས་རིམ་ཞིག་གི་ཐོག་ལྷན་ཞུགས་གནང་བ་ལྟར། སྲིད་སྐྱོང་མཆོག་གིས་སྐབས་དེར་རྒྱ་ནག་གི་དབང་སྒྱུར་འོག་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་བོད་མི་རིགས་ཀྱི་ངོ་བོ་ཡོངས་སུ་རྩ་མེད་འགྲོ་བཞིན་ཡོད་པ་མ་ཟད། བོད་ནང་གི་བོད་མི་རྣམས་ལ་ཆོས་དད་རང་དབང་དང་། ཆབ་སྲིད་དང་འབྲེལ་བའི་རང་ཉིད་ཀྱི་བསམ་ཚུལ་ཤོད་སའི་ཁོར་ཡུག་རྩ་བ་ནས་མེད་པ་སོགས་ཕྱོགས་ཡོངས་ནས་གནས་སྟངས་ཉིན་རེ་བཞིན་ཛ་དྲག་ཏུ་འགྱུར་བཞིན་ཡོད་པ་འགྲེལ་བརྗོད་གནང་འདུག

སྲིད་སྐྱོང་མཆོག་གིས་ད་དུང་ཡུལ་དེའི་སྲིད་བློན་ Chris Hipkins ཀིརིས་ཧིཔ་ཀིནྶ་མཆོག་རྒྱ་ནག་ལ་རྒྱལ་དོན་འཚམས་གཟིགས་སླད་ཆེད་ཕེབས་གནང་གི་ཡོད་པའི་གནད་དོན་དང་འབྲེལ། བོད་མིའི་རྣམས་ཀྱིས་༸གོང་ས་མཆོག་གིས་ཐོག་མ་དགོངས་བཞེས་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གཏན་ལ་འབེབས་པའི་གཉིས་སྨན་དབུ་མའི་ལམ་གྱི་ཐབས་ལམ་ཐད་ཆོད་སེམས་བརྟན་པོ་ཡོད་པ་ནན་བརྗོད་ཀྱིས། སྲིད་བློན་མཆོག་གིས་ནིའུ་ཛིལེནྜ་དེ་བཞིན་བོད་ཀྱི་གྲོགས་པོ་ཡིན་པའི་འདུ་ཤེས་ཐོག་ནས་རྒྱ་ནག་གི་འགོ་ཁྲིད་རྣམས་དང་མཇལ་མོལ་སྐབས། བོད་མི་ཚོས་དབུ་མའི་ལམ་གྱི་ཁེ་དབང་མ་གཏོགས་བོད་ལ་རང་བཙན་རྩོད་ཀྱི་མེད་པ་གསལ་བཤད་གནང་དགོས་པའི་ཞུ་སྐུལ་གནང་མ་ཟད། དེའང་རྒྱ་ནག་ཙམ་མིན་པར་རྒྱལ་སྤྱིའི་ཡོངས་ཀྱི་ཁེ་ཕན་དང་འབྲེལ་བ་ཆགས་ཀྱི་ཡོད་པ་ནན་བརྗོད་གནང་འདུག

བཅར་འདྲིའི་ལས་རིམ་དེའི་ཐོག་སྲིད་སྐྱོང་མཆོག་གིས་གཞན་ཡང་ཁོང་ད་རེས་ནིའུ་ཛིལེནྜ་ཁུལ་དུ་གཙོ་བོ་ཡུལ་དེའི་གཞུང་དང་དབུ་ཁྲིད་རྣམས་ཀྱིས་བོད་གཙོས་རྒྱལ་སྤྱིའི་ཁྲོད་གདུག་རྩུབ་ཤུགས་ཆེ་མྱོང་བཞིན་པའི་མི་རིགས་རྣམས་ལ་བཞེངས་ཕྱོགས་ཇི་འདྲ་ཞིག་འཛིན་གྱི་ཡོད་མེད་ཀྱི་གནས་ཚུལ་རྒྱུས་ལོན་ཆེད་ཕེབས་ཡོད་སྐོར་འགྲེལ་བརྗོད་གནང་བ་མ་ཟད། ད་སྐབས་རྒྱ་ནག་གིས་ཕྱོགས་ཡོངས་ནས་དབང་ཆ་གཅིག་བསྡུས་ཀྱིས་རྒྱལ་སྤྱིའི་ཁྲོད་རང་ཉིད་ཀྱི་དབང་ཤུགས་རྒྱ་སྐྱེད་བྱེད་བཞིན་པའི་ཁྲོད་དེར། ནིའུ་ཛིལེནྜ་ལྟ་བུའི་གཞུང་ནས་རྒྱ་ནག་དང་ལྷན་དུ་འབྲེལ་ལམ་དེ་བཞིན་ཧ་ཅང་ཐབས་བྱུས་ལྡན་པ་ཞིག་དགོས་ཀྱི་ཡོད་པའི་དྲན་སྐུལ་གནང་འདུག

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དེ་རྗེས་ Aukland ནང་རྟེན་གཞི་བྱས་པའི་དཔལ་སྤུངས་ཆོས་ཚོགས་སུ་ས་གནས་ཀྱི་བོད་མི་རྣམས་ལ་སྐབས་ ༡༦ པའི་བཀའ་ཤག་གི་སྲིད་བྱུས་དང་ལས་དོན་བྱེད་ཕྱོགས། བཙན་བྱོལ་བོད་མིའི་གནས་བབ། གཞིས་ཆགས་སྲ་བརྟན་སོགས་ཀྱི་ལས་གཞི་ཁག་གི་སྐོར་ངོ་སྤྲོད་ཞིབ་ཕྲ་གནང་བ་མ་ཟད། ས་གནས་བོད་མི་རྣམས་ལ་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ལ་དོ་སྣང་དང་། ལྷག་པར་རྒྱལ་སྤྱིའི་ཁྲོད་བོད་ཀྱི་གནད་དོན་གོང་མཐོར་སྤེལ་དགོས་པའི་སྐུལ་མ་གནང་འདུག

དེ་ཉིན་ཕྱི་དྲོ་ད་དུང་དམིགས་བསལ་གསོལ་སྟོན་ཞིག་དང་སྦྲགས། ས་གནས་སུ་རྟེན་གཞི་བྱས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་མི་སྣ་སོགས་ཐུག་འཕྲད་ཀྱིས་ཁོང་རྣམ་པི་ལས་དོན་དང་རྒྱབ་སྐྱོར་ལ་ཐུགས་རྗེ་ལེགས་འབུལ་ཞུས་པ་མ་ཟད། བོད་དོན་སྐོར་གསུང་བཤད་གནང་འདུག

མ་ཟད་དེ་རིང་ཕྱི་ཚེས་ ༡༦ ཉིན་གྱི་སྔ་དྲོ་སྲིད་སྐྱོང་མཆོག་གིས་ནིའུ་ཛིལེནྜ་རྒྱལ་ས་ཝེ་ལིང་ཊོན་ནང་རྟེན་གཞི་བྱས་པའི་ནིའུ་ཛིལེནྜ་གཞུང་གི་དཔེ་མཛོད་ཁང་དུ་བོད་ཀྱི་གྲོགས་པོ་དང་། སྙིང་རྗེ་སྤྱི་ཚོགས་ཞབས་ཞུ་ཚོགས་པ། Nyingjey Charitable Trust ཆོས་སྡེ་ཁག་གི་སློབ་ཕྲུག་བཅས་དང་ལྷན་མཇལ་འཕྲད་གནང་ཡོད་འདུག

རྒྱབ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གྲོང་ཁྱེར་ Auckland ནས་ཡུལ་དེའི་རྒྱལ་ས་ Wellington ནང་ཕེབས་ཏེ་ནིའུ་ཛི་ལེནྜ་རྒྱལ་ཁབ་ཀྱི་གྲོས་ཚོགས་ལ་གཟིགས་སྐོར་དང་། གྲོས་ཚོགས་འཐུས་མིས་གཙོས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་མི་སྣ་སོགས་དང་ཐུག་འཕྲད་ཀྱིས་བོད་དོན་སྐོར་གྲོས་བསྡུར་གནང་སྟེ། ཐེངས་འདིའི་ནིའུ་ཛི་ལེན་ཌི་རྒྱལ་ཁབ་ནང་གི་གཞུང་འབྲེལ་མཛད་འཆར་ཁག་ལེགས་གྲུབ་བྱུང་ཡོད་དང་འབྲེལ། སང་ཚེས་ ༡༧ ཐོ་རེངས་དཔལ་ལྡན་སྲིད་སྐྱོང་མཆོག་ཨོསྟྲེ་ལི་ཡཱའི་གྲོང་ཁྱེར་ Sydney སིཌ་ནིར་ཕེབས་ཐོན་གནང་རྒྱུ་ཡིན་པ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།