ཨ་རིའི་ཕྱི་སྲིད་དྲུང་ཆེས་ཧོ་ལི་ཝུ་ཌི་གློག་བརྙན་ལས་ཁང་ནས་རྒྱ་ནག་གི་གནོན་ཤུགས་ལ་མགོ་སྒུར་རྒྱུ་མེད་པའི་རེ་སྐུལ།

Tibetan News Headlines

  • Hokkaido Shimizu Town Delegation Visits Tibet House Japan, Presents First Harvest of the Region for His Holiness the Dalai Lama
  • Tibet Advocacy Group Calls on US to Restore Tibetan Broadcasting Services to Counter Chinese Propaganda and Censorship
  • China-Linked UK Businessman Tried to Hire Ex-Met Detective to Investigate MPs Critical of Beijing
  • Nvidia CEO Jensen Huang Admits Affair with Suspected Chinese Spy; Company Launches Investigation
  • Tibetan Representative Jigme Tsultrim Briefs India’s Minority Commission Chairperson on Tibetan Settlements in South India
  • China Expands Media Influence in Thailand Through Partnerships, Propaganda and Diplomatic Pressure, RSF Reports
  • History Feature: Tsarong Dasang Damdul

ཪེས་གཟའ་ཟླ་བ། ༢༠༢༦།༡༡།༠༩

  • ཉི་ཧོང་གྲོང་སྡེ་ཞིག་གི་སྐུ་ཚབ་ཚོ་ཁག་ནས་ས་གནས་དེའི་ལོ་ཏོག་ཐོན་སྐྱེད་ཐོག་མ་༸གོང་ས་མཆོག་ལ་འབུལ་བཞེས་གནང་འདུག
  • རྒྱ་ནག་གི་འཁྱོག་བཤད་དྲིལ་བསྒྲགས་ལ་གདོང་ལེན་སླད་ཨ་རི་གཞུང་གིས་བོད་སྐད་རླུང་འཕྲིན་ཁང་ལ་རྒྱབ་སྐྱོར་བྱེད་དགོས་གལ་ཡིན་པ་གསུངས་འདུག
  • དབྱིན་ཡུལ་ཚོང་པ་ཞིག་གིས་སོ་མྱུལ་བ་གླ་གཡར་བརྒྱུད་རྒྱ་ནག་གི་ཆེད་དུ་དབྱིན་ཡུལ་གྲོས་ཚོགས་འཐུས་མི་ཁག་གཅིག་ལ་གསང་ཉུལ་བྱས་པ་མངོན་གསལ།
  • Nvidia ཁེ་ལས་ཁང་གི་འགན་འཛིན་གྱིས་དོགས་གཞི་ཅན་གྱི་རྒྱ་རིགས་བུད་མེད་སོ་བ་ཞིག་དང་ནང་འབྲེལ་བྱུང་བའི་ཁས་ལེན་བྱས་རྗེས། ཁེ་ལས་ཁང་གིས་ཁོའི་བྱ་སྤྱོད་ལ་ཞིབ་བཤེར་འགོ་འཛུགས།
  • ལྷོ་སྤྱི་ཡིས་རྒྱ་གར་གཞུང་གི་གྲངས་ཉུང་མི་རིགས་ལྷན་ཚོགས་ཀྱི་ཚོགས་གཙོ་དང་མཇལ་འཕྲད་གནང་བ།
  • རྒྱ་གཞུང་གིས་ Thailand ནང་གི་གསར་འགོད་རང་དབང་ལ་དམ་དྲག་ཆེན་པོ་བྱེད་བཞིན་པ་གསལ་སྟོན།
  • བོད་ཀྱི་ལོ་རྒྱུས་ཁྲོད་མི་སྣ་གྲགས་ཅན་ངོ་སྤྲོད། དམག་སྤྱི་ཚ་རོང་ཟླ་བཟང་དགྲ་འདུལ་ལགས་ཀྱི་སྐོར།

ཟླ་བ་འདིའི་ཕྱི་ཚེས་ ༡༣ ཉིན་ Motion Picture Association of America ཞེས་པའི་ཨ་རིའི་གློག་བརྙན་བཟོ་སྐྲུན་ལྷན་ཚོགས་ཤིག་གི་ཐོག་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ Mike Pompeo མཆོག་གིས་ Hollywood གློག་བརྙན་བཟོ་ལས་ཁང་གིས་རང་ཉིད་ཀྱི་ཚོང་གི་ཁེ་ཕན་ལ་བརྟེན་ནས་རྒྱ་ནག་གཞུང་གི་གནོན་ཤུགས་འོག་མི་འགྲོ་བར་འགོག་རྒོལ་གནང་དགོས་པ་བརྗོད་འདུག

སྐུ་ཞབས་ Mike Pompeo མཆོག་གིས་ Hollywood གློག་བརྙན་བཟོ་སྐྲུན་ལས་ཁང་ནི་ཨ་རིའི་རང་དབང་དང་གསར་གཏོད་ཀྱི་མཚོན་རྟགས་ཤིག་ཡིན་ཀྱང་། ཉེ་བའི་ཆར་ཨ་རིའི་གློག་བརྙན་མང་དག་ཅིག་གིས་རྒྱ་ནག་གི་ཁྲོམ་རའི་ནང་རང་ཉིད་ཀྱི་གློག་བརྙན་འགྲེམས་ཚོང་ཐུབ་ཆེད་རྒྱ་ནག་གཞུང་གི་གནོན་ཤུགས་ལ་མགོ་བོ་སྒུར་བའི་གནས་ཚུལ་མང་པོ་འཐོན་བཞིན་ཡོད་པ་འགྲེལ་བརྗོད་དང་འབྲེལ་ཏེ་ཧོ་ལི་ཝུ་ཌི་གློག་བརྙན་བཟོ་སྐྲུན་པ་རྣམས་ནས་དེ་ལྟ་བུའི་བྱ་སྤྱོད་མཚམས་འཇོག་གིས་རང་ཉིད་ཀྱི་གློག་བརྙན་ནང་རྒྱ་ནག་གི་གནས་སྟངས་ངོ་མ་གང་ཡིན་པ་དེ་དག་གསལ་འདོན་གནང་དགོས་པ་གསུངས་འདུག

རྩབའི་ཉེ་ལམ་རྒྱལ་སྤྱིའི་ཁྲོམ་རའི་ནང་ Red Dawn དང་ Top Gun ཞེས་པའི་གློག་བརྙན་གཉིས་འགྲེམས་སྤེལ་གནང་རྗེས་གློག་བརྙན་དེ་དག་ནང་རྒྱ་ནག་གི་དམག་མའི་ཚབ་ཏུ་བྱང་ཀོ་རི་ཡའི་དམག་མི་འཇོག་རྒྱུ་མཚོན་ཐེ་ཝན་གྱི་རྒྱལ་དར་སྒྲེངས་འཛུགས་ཚབ་ཏུ་ཉི་ཧོང་གྱི་རྒྱལ་དར་སྒྲེངས་རྒྱུ་སོགས་གནད་དོན་མང་དག་ཅིག་བྱུང་ཡོད་སྟབས་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གླེང་སློང་ཤུགས་ཆེ་བྱུང་ཡོད་པ་རེད།

སྐུ་ཞབས་ Mike Pompeo མཆོག་གིས་ཨ་རིའི་གློག་བརྙན་བཟོ་སྐྲུན་ལས་ཁང་ནས་རྒྱ་ནག་གཞུང་གི་གནོན་ཤུགས་ལ་གདོང་ལེན་དང་འགོག་རྒོལ་མ་གནང་བ་དེས་རྒྱ་ནག་གཅིག་བསྡུས་རིང་ལུགས་དང་འཇམ་པོའི་སྟོབས་ཤུགས་ཀྱི་ནུས་པ་ཆེ་རུ་གཏོང་བཞིན་ཡོད་སྐོར་གསུངས་པ་མ་ཟད། དེ་སྔ་ Seven years in Tibet འམ་བོད་ནང་ལོ་ངོ་བདུན་ཞེས་པའི་གློག་བརྙན་ལྟ་བུ་ད་ལྟའི་དུས་སྐབས་འདིར་འགྲེམས་སྤེལ་གནང་ཐུབ་བམ་ཞེས་དོགས་འདྲིའི་ཚུལ་དུ་གསུངས་འདུག

Heritage Foundation ཞེས་པའི་ཐེབས་རྩ་ཁང་གི་མགྲིན་ཚབ་པ་སྐུ་ཞབས་ Mike Gonzalez ལགས་ཀྱིས་ཐེངས་འདིའི་གནས་ཚུལ་དང་འབྲེལ་ཏེ་ freebeacon གསར་ལམ་ལ་འགྲེལ་བརྗོད་གནང་བར་རྒྱ་ནག་རྒྱལ་ཁབ་ཀྱི་ནང་འདོན་སྤེལ་བྱ་རྒྱུའི་གློག་བརྙན་ཡིན་ཚེ་དེའི་ནང་ངེས་པར་དུ་རྒྱ་ནག་དམར་ཤོག་ཚོགས་པའི་ལྟ་ སྤྱོད་དང་མཐུན་པ་ཞིག་དགོས་ཡོད་པ་མ་ཟད། ལྷག་པར་དུ་བོད་དང་ཐེ་ཝན། ཤིན་ཅང་སོགས་ཀྱི་གནད་དོན་ནི་དམ་དྲག་ཅན་ཞིག་ཡིན་པ་བརྗོད་འདུག ཁོང་གིས་ཨ་རིའི་གློག་བརྙན་ལས་ཁང་རྣམས་ནས་རང་ཉིད་ཀྱི་གློག་བརྙན་ཅི་འདྲ་ཞིག་ལ་རྒྱ་ནག་གི་ཤུགས་རྐྱེན་ནམ་ཡང་ན་བཀག་སྡོམ་བྱས་པའི་གནས་ཚུལ་རིགས་བྱུང་ཡོད་ཚེ་གློག་བརྙན་ནང་གནད་དོན་དེ་ངེས་པར་དུ་གསལ་འདོན་གནང་དགོས་སྐོར་གསུངས་པ་དང་འབྲེལ། ཨ་རིའི་མང་ཚོགས་ནས་གནད་དོན་དེ་ཤེས་པའི་རང་དབང་ཡོད་པའང་གསུངས་འདུག

འབྲེལ་ཡོད་གསར་གནས།

གསར་གནས།

Monday 09/11/2026