Tibetan Royal Year of 2151 | Year of the Wood Dragon

ཨ་རིའི་སྲིད་གཞུང་གིས་རྒྱ་ནག་ལ་སྐུའི་ཡང་སྲིད་ཐད་ནས་འགན་དབང་མེད་པར་མངོན་གསལ།

Tibetan News Headlines

  • Rice planting with Tashi Tobgyal, Mainpat Tibetan Settlement’s Premier Farm Cultivator
  • Saga Dawa by Yangteng Rinpoche

རེས་གཟའ་ཉི་མ། ༢༠༢༤།༠༥།༡༢

  • མན་སྤར་ཕན་བདེ་གླིང་བོད་མིའི་གཞིས་ཆགས་ཀྱི་ཞིང་པ་བཀྲིས་སྟོབས་རྒྱལ་ལགས་དང་གླེང་མོལ།
  • ས་ག་ཟླ་བ་ངོ་སྤྲོད།

ཨ་རིའི་ཇཱོ་བྷ་ཊན་སྲིད་གཞུང་གིས་རྒྱ་ནག་ལ་གོང་ས་མཆོག་གི་སྐུའི་ཡང་སྲིད་དང་འབྲེལ་བའི་ཐོག་ཐེ་བྱུས་བྱེད་རྒྱུའི་འགན་དབང་གང་ཡང་མེད་པར་བརྗོད་འདུགརྩ་བའི་ཨ་རིའི་སྲིད་འཛིན་གོང་མ་སྐུ་ཞབས་ Donald Trump མཆོག་གིས་སྔར་ལོའི་ཕྱི་ཟླ་ ༡༢ བའི་ནང་དུ་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་ཁྲིམས་འཆར་ལ་མཚན་རྟགས་བཀོད་དེ་ཨ་རིའི་ཁྲིམས་སུ་བཅས་པའི་ནང་། བོད་ཀྱི་རྒྱལ་ས་ལྷ་སར་ཨ་རིའི་གཞུང་ཚབ་ཡན་ལག་ཁང་འཛུགས་རྒྱུའི་ཆོག་མཆན་མ་གནང་བར་དུ་ཨ་རིའི་གཞུང་གི་ངོས་ནས་ཨ་རིའི་ནང་རྒྱ་ནག་གི་གཞུང་ཚབ་ཡན་ལག་ཁང་གསར་པ་འཛུགས་རྒྱུའི་ཆོག་མཆན་གནང་མི་ཆོག་པ་དང་། མཐོ་སྒང་བོད་ཀྱི་ཁོར་ཡུག་གི་གལ་ཆེན་རང་བཞིན་ཙམ་མ་ཟད། ༸གོང་ས་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་ཐག་གཅོད་བྱ་རྒྱུའི་འགན་དབང་ནི་མགོན་པོ་གང་ཉིད་མཆོག་དང་། བོད་མི་ཚོར་ཡོད་པ་ལས་རྒྱ་ནག་གཞུང་ལ་ཐེ་བྱུས་བྱ་དབང་མེད་པ་དང་། རྒྱ་ནག་གི་དཔོན་རིགས་སུ་ཞིག་གིས་༸གོང་ས་མཆོག་གི་སྐུའིུ་ཡང་སྲིད་དང་འབྲེལ་བའི་ཐོག་ནས་ཐེ་གཏོགས་བྱས་ཚེ། ཨ་རིའི་སྲིད་གཞུང་གི་ངོས་ནས དཔོན་རིགས་དེ་དག་ལ་ཁྲིམས་ཐོག་ནས་ཉེས་ཆད་གཅོད་རྒྱུ་ཡིན་ལུགས་སོགས་འཁོད་ཡོད་པ་རེད།བཞུགས་སྒར་དུ་ཁ་སང་བོད་ཀྱི་གསུམ་བཅུའི་དུས་དྲན་ཐེངས་ ༦༢ པ་སྲུང་བརྩི་ཞུས་བའི་གཞུང་འབྲེལ་མཛད་སྒོའི་ཐོག བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ངོས་ནས་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་རྣམས་པ་དང་། ཁྲིམས་འཆར་འདོན་མཁན། དེ་བཞིན་ཨ་རིའི་སྲིད་འཛིན་ཟུར་བའི་དབུ་ཁྲིད་པའི་སྲིད་གཞུང་བཅས་ལ་ཐུགས་རྗེ་ཞུས་ཡོད་པ་དང་ཕྱོགས་མཚུངས། བྷ་ཊན་སྲིད་གཞུང་ངོས་ནས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་སྐོ་བཞག་དགོས་པ་དང་། ལྷག་དོན་ ༢༠༡༨ ལོའི་བོད་ནང་འདྲ་མཉམ་འགྲུལ་བསྐྱོད་ཀྱི་ཁྲིམས་གཞི་དང་། བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་ཁྲིམས་འཆར་གྱི་འབྲུ་དོན་ཁག་མྱུར་དུ་ཕྱག་བསྟར་གནང་དགོས་པའི་ཞུ་སྐུལ་གནང་ཡོད་པ་རེད།

 

འབྲེལ་ཡོད་གསར་གནས།

གསར་གནས།