Tibetan Royal Year of 2151 | Year of the Wood Dragon

ལྕམ་སྐུ་ Nancy Pelosi མཆོག་གིས་བོད་མིར་རྒྱབ་སྐྱོར་གྱི་བསྒྲགས་གཏམ་སྤེལ་བ།

Tibetan News Headlines

  • Gongma Rinpoche at 80: An in-depth interview with Sakya Gongma Trichen Rinpoche uncovering his life journey and biography

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • དམིགས་བསལ་ལས་རིམ། ས་སྐྱ་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་༧སྐུ་ཚེའི་མཛད་རྣམ་སྙིང་བསྡུས།

ཁ་སང་ཟླ་ ༣ ཚེས་ ༡༠ ཉིན་བོད་ཆོལ་གསུམ་བོད་མི་ཁྲི་ཕྲག་བརྒལ་བས་རྒྱ་གཞུང་གིས་བོད་བཙན་བཟུང་དང་བོད་མིར་མི་སྤྱོད་ལས་འདས་པའི་དྲག་གནོན་བྱས་པར་ཞི་བའི་སྒེར་ལངས་གནང་སྟེ་མི་ལོ་ ༦༢ འཁོར་བའི་དུས་དྲན་ཉིན་མོ་དང་བསྟུན། དེ་ཉིན་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་སྐུ་ Nancy Pelosi མཆོག་གིས་བོད་མིར་རྒྱབ་སྐྱོར་གྱིས་བསྒྲགས་གཏམ་སྤེལ་འདུག ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་སྐུ་མཆོག་གིས་ལོ་ངོ་ ༦༢ སྔ་རོལ་དུ་བོད་མི་རྣམས་ནས་རང་ཉིད་ཀྱི་ཡུལ་སྲོལ་གོམས་གཤིས་དང་ཐུན་མིན་གྱི་རིག་གཞུང་སྲུང་སྐྱོབ་སླད་རྒྱ་ནག་གི་བཙན་འཛུལ་ལ་ཞི་རྒོལ་གནང་ཡོད་པ་དང་། ང་ཚོས་མུ་མཐུད་བོད་མི་རྣམས་ལ་རྒྱབ་སྐྱོར་དང་བོད་འཐབ་རྩོད་སླད་རང་སྲོག་དོར་མཁན་ཚོའི་སྙིང་སྟོབས་ལ་ཡི་རང་དང་མྱ་ངན་གུས་འདུད་ཞུ་གྱི་ཡོད་ཅེས་གསུངས་འདུག

བོད་མི་རྣམས་ནས་རང་གི་སྐད་ཡིག་དང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དག་ལ་དམ་དྲག་མེད་པར་རང་དབང་གི་སྒོ་ནས་ལོངས་སུ་སྤྱོད་རྒྱུར་འདོད་པ་ཡོད་པ་དེ་ལྟར་ཡང་། རྒྱ་གཞུང་གིས་ལོ་མང་རིང་བོད་ཀྱི་ཐུན་མིན་གྱི་རིག་གཞུང་དག་རྩ་མེད་གཏོང་ཐབས་སུ་སྲིད་བྱུས་མང་དག་ཅིག་ལག་བསྟར་བྱེད་བཞིན་སྟབས་ཨ་རིས་འདས་ལོར་བོད་མིར་རྒྱབ་སྐྱོར་སླད་ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་གཏན་འབེབས་གནང་བ་དང་ཆབས་ཅིག་ཏུ་ཁྲིམས་འཆར་དེའི་བརྒྱུད་བོད་མིའི་ཆོས་ཕྱོགས་ཀྱི་གནད་དོན་ཐད་བོད་ཀྱི་ཆོས་ཕྱོགས་ཀྱི་དབུ་ཁྲིད་རྣམ་པ་མ་གཏོགས་གཞན་སུལའང་ཐེ་བྱུས་བྱེད་དབང་མེད་པར་གསལ་པོ་བཟོས་ཡོད་པར་གསུངས་འདུག ཁོང་གིས་ང་ཚོས་མུ་མཐུད་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བྱམས་པ་དང་བརྩེ་བ།  དེ་བཞིན་ཞི་བདེ་ལྡན་པའི་དགོངས་གཞི་དང་གསུང་འཕྲིན་དག་ལས་སློབ་གསོ་མུ་མཐུད་ལེན་བཞིན་ཡོད་པར་མ་ཟད། ང་ཚོས་བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་སླད་རྒྱ་ནག་ལ་གདོང་ལེན་བྱེད་དགོས་པ་དང་།  གལ་ཏེ་དེ་ལྟར་མ་གནང་ཚེ་ཨ་རིའི་ངོས་ནས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་བཀའ་མོལ་གནང་རྒྱུའི་གོ་སྐབས་ཡོངས་རྫོགས་བརླག་ངེས་ཡིན་སྐོར་གྱི་བསྒྲགས་གཏམ་སྤེལ་འདུག

དེ་བཞིན་གསུམ་བཅུའི་དུས་དྲན་དང་འབྲེལ་ནས་ཨ་རིའི་གྲོས་ཚོགས་འཐུས་མི་ལྕམ་སྐུ་ Alexandria Ocasio-Cortez ལགས་ཀྱིས་གྲོས་ཚོགས་ནང་བོད་མི་རྣམས་ནས་ལོ་ངོ་མང་པོའི་རིང་རང་ཉིད་ཀྱི་ཆོས་དང་སྐད་ཡིག རིག་གཞུང་མི་ཉམས་བར་འབད་བརྩོན་གནང་གི་ཡོད་སྟབས། སྨྲ་བརྗོད་རང་དབང་ལ་གུས་བརྩི་གནང་མཁན་ཚོས་བོད་མིར་རྒྱབ་སྐྱོར་གནང་རྒྱུ་དང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་རྒྱ་ནག་ལྟ་བུར་གདོང་ལེན་གནང་རྒྱུའི་འོས་འགན་ཡོད་པར་གསུངས་འདུག ཁོང་གིས་ནིའུ་ཡོག་ ༡༤ ལ་གནས་སྡོད་གནང་མཁན་གཙོས་པའི་བོད་མི་དག་ལ་རྒྱབ་སྐྱོར་གནང་བར་སྤོབས་པ་ཡོད་སྐོར་གསུངས་འདུག དེ་བཞིན་ཁེ་ན་ཌའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Arif Virani ལགས་ཀྱིས་ཀྱང་དེ་རིང་གི་ཉིན་མོར་བོད་མི་ཚོར་གདུང་སེམས་མཉམ་བསྐྱེད་ཞུ་བཞིན་ཡོད་པ་དང་།  དེ་རིང་ནི་༸གོང་ས་མཆོག་བཙན་བྱོལ་དུ་༸ཞབས་སོར་བདེ་བར་འཁོད་ནས་མི་ལོ་ ༦༢ འཁོར་གྱི་ཡོད་སྟབས། མགོན་པོ་༸གང་ཉིད་མཆོག་ནི་བཙན་བྱོལ་ནང་དུས་ཡུན་རིང་ཤོས་སྐུ་བཞུགས་མཛད་མཁན་གྱི་དབུ་ཁྲིད་ཅིག་ཆགས་ཡོད་སྐོར་གསུངས་ཡོད། ལྷག་པར་དུ་རྒྱ་ནག་གཞུང་གིས་དྲག་གནོན་འོག་ད་བར་བོད་མི་ ༡༥༤ ཙམ་ནས་སྐུ་ལུས་མེར་བསྲེགས་གནང་ཡོད་པར་མ་ཟད། བཙོན་འོག་ཏུའང་བོད་མི་མང་དག་ཅིག་འདས་གྲོངས་སུ་གྱུར་ཡོད་པས་གནད་དོན་དེ་དག་ནི་ཡིད་སྐྱོ་བའི་གནད་དོན་ཞིག་ཡིན་པར་བརྟེན་ངས་དུས་རྟག་ཏུ་བོད་དོན་སླད་རྒྱབ་སྐྱོར་ཞུ་བཞིན་ཡོད་ཅེས་སོགས་གསུངས་།གསུམ་བཅུའི་དུས་དྲན་ཉིན་མོར་འཛམ་གླིང་ཡུལ་གྲུ་གང་སར་བཞུགས་པའི་བོད་མི་རྣམས་ནས་ཉིན་མོ་དེ་དྲན་གསོ་ཞུས་པ་དང་སྦྲགས། གོམ་བགྲོད་དང་དྲ་ཐོག་བརྒྱུད་བོད་དོན་གླེང་སློང་སོགས་ལས་འགུལ་མང་དག་ཅིག་སྤེལ་ཡོད་པ་ལྟར། ཨོ་སི་ཀྲོ་ལི་ཡ་གཙོས་ཁེ་ན་ཌ་དང་ཨ་རིའི་མི་ནི་སོ་ཊ། ཀེ་ལི་ཕོར་ནི་ཡ་ནང་གནས་བཞུགས་བོད་མི་རྣམས་འདུ་འཛོམས་ཀྱིས་ཞི་རྒོལ་བཅས་བོད་དོན་དང་འབྲེལ་བའི་གོམ་བགྲོད་གནང་ཡོད་པར་མ་ཟད། དེའི་ཁྲོད་ཁེ་ན་ཌ་ཊོ་རོན་ཊོ་ནང་བོད་མི་རྣམས་ནས་ད་ལན་སྣུམ་འཁོར་བརྒྱུད་ཞི་རྒོལ་གྱི་ལས་འགུལ་སྤེལ་འདུག ནིའུ་ཡོག་དང་ནིའུ་འཇར་སི་བོད་མི་རྣམས་ནས་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱ་དམར་གྱི་གཞུང་ཚབ་མདུན་དུ་བོད་ཀྱི་རྒྱལ་དར་དང་འཕྲེད་དར་སོགས་བསྣམས་ཏེ་རྒྱ་གཞུང་ནས་བོད་མིར་གདུག་རྩུབ་མནར་གཅོད་གཏོང་བཞིན་པའི་སྲིད་བྱུས་དེ་དག་འཕྲལ་མར་མཚམས་འཇོག་དང་། ཏོག་དབྱིབས་གཉན་རིམས་ ༡༩ དེ་རྒྱ་ནག་གིས་བཟོས་པ་ཞིག་དང་། བོད་བོད་མིར་བདག་གི་ཡོད་པ་སོགས་ཀྱི་འབོད་སྒྲ་བསྒྲགས་ཏེ་ཞི་བའི་གོམ་བགྲོད་ལས་འགུལ་སྤེལ་འདུག དེ་བཞིན་དབྱིན་ཡུལ་གྱི་རྒྱལ་ས་ London ཤར་ངོས་ Tower Hamlets གྲོང་སྡེ་ཚོགས་ཁང་མདུན་དུ་དབྱིན་ཡུལ་བོད་རིགས་ཚོགས་པའི་ཚོགས་མི་དང་བོད་དོན་རྒྱབ་སྐྱོར་བས་ས་གནས་གཞུང་གིས་ཆོག་མཆན་གནང་ཡོད་མེད་ལ་ལྟོས་མེད་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་གནང་འདུག  དེ་དོན་བོད་རིགས་ཚོགས་པའི་ཚོགས་མི་པདྨ་ཡོ་ཀོ་ལགས་ཀྱིས་གྲོང་སྡེའི་ཚོགས་ཁང་མདུན་དུ་དེ་སྔ་རྒྱལ་ཁབ་ཀྱི་རྒྱལ་དར་བསྒྲེངས་འཛུགས་གནང་ཡོད་སྟབས། བོད་ཀྱི་རྒྱལ་དར་ཅིའི་ཕྱིར་བསྒྲེང་འཛུགས་གནང་ཆོག་གི་མ་རེད་དམ་ཞེས་འདྲི་རྩད་གནང་འདུག

Free Tibet ཚོགས་པའི་ལས་འགུལ་དང་དྲིལ་བསྒྲགས་ཀྱི་འགན་འཛིན་སྐུ་ཞབས་ John Jones  ལགས་ཀྱིས་ཟླ་ ༣ ཚེས་ ༡༠ ཉིན་མོ་ནི་བོད་མི་ཚོར་ཉིན་མོ་གལ་ཆེ་ཞིག་ཆགས་ཀྱི་ཡོད་པ་དང་སྤྱིར་དབྱིན་ཡུལ་གྱི་ཕྱི་སྲིད་བློན་ཆེན་མཆོག་གིས་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སྐབས་བོད་དོན་གླེང་སློང་གནང་ཡོད་ཀྱང་ད་དུང་དེ་ལས་ལྷག་གནང་དགོས་ཀྱི་འདུག་ཅེས་གསུངས་འདུག

འབྲེལ་ཡོད་གསར་གནས།

གསར་གནས།