Tibetan Royal Year of 2151 | Year of the Wood Dragon

ཨ་རུ་ནཱ་ཅལ་ཁུལ་གྱི་ G20 ལྷན་ཚོགས་ཐོག་རྒྱ་ནག་མཉམ་ཞུགས་བྱས་མི་འདུག

Tibetan News Headlines

  • US religious freedom watchdog warns of sinicization and assimilation of Tibetan religious and cultural identities
  • US sanctions 31 China-based companies over Russia
  • Xi Jinping to meet French President Macron and EU Chief in Paris next week
  • CTA begins house allocation programmes for Tibetans not facilitated in the refugee settlements
  • Dharamshala hosts conference on promotion and preservation of Tibetan language

རེས་གཟའ་ཕུར་བུ། ༢༠༢༤།༠༥།༠༢

  • རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་ལ་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་མངོན་གསལ་གནང་འདུག
  • ཨ་རིའི་གཞུང་གིས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ ༣༡ ལ་སྲིད་དོན་ཉེས་ཆད་བཀལ་བ།
  • ཞི་ཅིང་ཕིང་གིས་ཕ་རན་སིའི་སྲིད་འཛིན་དང་ཡོ་རོབ་མཐུན་ཚོགས་ཀྱི་གཙོ་འཛིན་ཐུག་འཕྲད་བྱ་འཆར།
  • བོད་མི་སྡོད་ཁང་མེད་པ་རྣམས་ལ་རུབ་སྡོད་གཞིས་སྒར་ནང་སྡོད་ཁང་བགོས་འགྲེམས་ཀྱི་ལས་གཞི་དངོས་སུ་དབུ་འཛུགས།
  • བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་དར་འཕེལ་སྐོར་བགྲོ་གླེང་དབུ་འཛུགས།

རྒྱ་གར་གཞུང་གིས་ཕྱི་ལོ་ ༢༠༢༣ ལོའི་ནང་ G20 ཞེས་འབྱོར་ལྡན་རྒྱལ་ཁབ་ ༢༠ ཡི་ཚོགས་གཙོའི་ཐུགས་འགན་བཞེས་བཞིན་པ་དང་བསྟུན། འདི་ལོ་རྒྱ་གར་གྱི་མངའ་སྡེ་འདྲ་མིན་ནང་ G20 ལྷན་ཚོགས་རིམ་པ་འཚོགས་བཞིན་པའི་ཁྲོད། ཁ་སང་རེས་གཟའ་ཉི་མའི་ཉིན་རྒྱ་གར་བྱང་ཤར་མངའ་སྡེ་ཨ་རུ་ནཱ་ཅལ་གྱི་རྒྱལ་ས་ Itanagar ནང་དུ་ཉམས་ཞིབ་དང་གསར་བཏོད་ཀྱི་སྣེ་ཁྲིད་ཅེས་པའི་བརྗོད་གཞིའི་ཐོག་ G20 ལྷན་ཚོགས་ཤིག་བསྐོང་ཚོགས་གནང་བའི་ཐོག་རྒྱ་ནག་གི་སྐུ་ཚབ་ནས་མཉམ་ཞུགས་བྱས་མི་འདུག

བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་གར་ཨ་རུ་ནཱ་ཅལ་གྱི་རྒྱལ་ས་ Itanagar ཁུལ་དུ་མངའ་སྡེའི་ science & technology department ཞེས་ཚན་རིག་དང་འཕྲུལ་རིག་སྡེ་ཚན་གྱི་གོ་སྒྲིག་འོག་ཉིན་གྲངས་གཉིས་རིང་ཚོགས་པའི་ G20 ལྷན་ཚོགས་ཐོག་ཨ་རི་གཙོས་རྒྱལ་ཁབ་མང་དག་ཅིག་གི་འཐུས་མི་ལྔ་བཅུ་ཙམ་མཉམ་ཞུགས་གནང་བར་མ་ཟད། ཚོགས་བཅར་བ་རྣམས་ཀྱིས་ཚོགས་འདུ་ཁྲོད་མངའ་སྡེའི་གྲོས་ཚོགས་སུ་འཚམས་གཟིགས་གནང་ཡོད་པ་རེད། འོན་ཀྱང་རྒྱ་ནག་གིས་ཨ་རུ་ནཱ་ཅལ་དེ་རྒྱ་གར་གྱི་ས་ཁོངས་སུ་ངོས་འཛིན་བྱེད་ཀྱི་མེད་སྟབས། ཁ་སང་གི་ལྷན་ཚོགས་ཐོག་མཉམ་ཞུགས་བྱས་མི་འདུག

གཞི་རྩའི་རྒྱ་ནག་གིས་ད་བར་རྒྱ་གར་གྱིས་ G20 ཞེས་པའི་འབྱོར་ལྡན་རྒྱལ་ཁབ་ ༢༠ ཡི་ཚོགས་གཙོ་གནང་བཞིན་པའི་འབྲེལ་ཡོད་ལས་དོན་དག་ལ་རྒྱབ་སྐྱོར་བྱས་པར་མ་ཟད། ཟླ་བ་འདིའི་མགོ་སྟོད་དུ་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ Qin Gang རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཚོགས་པའི་ G20 ལྷན་ཚོགས་ཀྱི་ཕྱི་སྲིད་བློན་ཆེན་རྣམ་པའི་ཚོགས་འདུར་མཉམ་ཞུགས་བྱས་ཡོད་པ་དང་། ད་ལྟའི་ཆར་རྒྱ་ནག་གཞུང་གི་ངོས་ནས་ཕྱོགས་གཉིས་དབར་རྩོད་རྙོག་ཡོད་པའི་ཨ་རུ་ནཱ་ཅལ་མངའ་སྡེར་ཚོགས་པའི་ལྷན་ཚོགས་དང་འབྲེལ་ནས་རྒྱ་གར་ལ་གཞུང་འབྲེལ་གྱི་འགྲེལ་བརྗོད་རིགས་ཞུ་སྐོར་གང་ཡང་ཁ་གསལ་མེད་པ་རེད།

སྤྱིར་རྒྱ་གར་གཞུང་གིས་ཕྱི་ལོ་ ༢༠༢༣ ལོ་འཁོར་མོར་ G20 ལྷན་ཚོགས་ཀྱི་ཚོགས་གཙོའི་ཐུགས་འགན་བཞེས་རིང་ལ་རྒྱ་གར་གྱི་མངའ་སྡེ་ ༢༨ དང་རྒྱ་གར་དབུས་གཞུང་ཀྱི་ཐད་ཀར་སྟངས་འཛིན་བྱ་ཡུལ་གྱི་ས་གནས་ཁག་བརྒྱད་བཅས་སུ་བརྗོད་གཞི་འདྲ་མིན་ཐོག་ས་གནས་སོ་སོར་ G20 དང་འབྲེལ་བའི་ཚོགས་འདུ་རིམ་པ་འཚོགས་འཆར་ཡོད་པ་དང་།  G20 རིག་གཞུང་དང་འབྲེལ་བའི་ལྷན་ཚོགས་དེ་ཉིད་རིང་མིན་ཕྱི་ཟླ་ ༥ ནང་ཇ་མྨུ་ཀཤྨིར་བསྐོང་ཚོགས་གནང་རྒྱུའི་གསལ་བསྒྲགས་སྤེལ་དོན་ལྟར། པ་ཀིས་ཐན་གྱིས་རྒྱ་ནག་གཙོས་ཊར་ཀྲི་དང་། Saudi Arabia རྒྱལ་ཁབ་དག་ལ་ལྷན་ཚོགས་དེ་ཇ་མྨུ་ཀཤྨི་མངའ་སྡེའི་ Srinagar དུ་འཚོགས་རྒྱུར་ངོ་རྒོལ་གྱི་ཞུ་གཏུག་བྱེད་བཞིན་ཡོད་པ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།