ཨ་རུ་ནཱ་ཅལ་གྱི་རི་རྩེ་ཞིག་ལ་༸རྒྱལ་དབང་སྐུ་ཕྲེང་དྲུག་པའི་མཚན་གསོལ་གནང་བ།

Tibetan News Headlines

  • Hokkaido Shimizu Town Delegation Visits Tibet House Japan, Presents First Harvest of the Region for His Holiness the Dalai Lama
  • Tibet Advocacy Group Calls on US to Restore Tibetan Broadcasting Services to Counter Chinese Propaganda and Censorship
  • China-Linked UK Businessman Tried to Hire Ex-Met Detective to Investigate MPs Critical of Beijing
  • Nvidia CEO Jensen Huang Admits Affair with Suspected Chinese Spy; Company Launches Investigation
  • Tibetan Representative Jigme Tsultrim Briefs India’s Minority Commission Chairperson on Tibetan Settlements in South India
  • China Expands Media Influence in Thailand Through Partnerships, Propaganda and Diplomatic Pressure, RSF Reports
  • History Feature: Tsarong Dasang Damdul

ཪེས་གཟའ་ཟླ་བ། ༢༠༢༦།༡༡།༠༩

  • ཉི་ཧོང་གྲོང་སྡེ་ཞིག་གི་སྐུ་ཚབ་ཚོ་ཁག་ནས་ས་གནས་དེའི་ལོ་ཏོག་ཐོན་སྐྱེད་ཐོག་མ་༸གོང་ས་མཆོག་ལ་འབུལ་བཞེས་གནང་འདུག
  • རྒྱ་ནག་གི་འཁྱོག་བཤད་དྲིལ་བསྒྲགས་ལ་གདོང་ལེན་སླད་ཨ་རི་གཞུང་གིས་བོད་སྐད་རླུང་འཕྲིན་ཁང་ལ་རྒྱབ་སྐྱོར་བྱེད་དགོས་གལ་ཡིན་པ་གསུངས་འདུག
  • དབྱིན་ཡུལ་ཚོང་པ་ཞིག་གིས་སོ་མྱུལ་བ་གླ་གཡར་བརྒྱུད་རྒྱ་ནག་གི་ཆེད་དུ་དབྱིན་ཡུལ་གྲོས་ཚོགས་འཐུས་མི་ཁག་གཅིག་ལ་གསང་ཉུལ་བྱས་པ་མངོན་གསལ།
  • Nvidia ཁེ་ལས་ཁང་གི་འགན་འཛིན་གྱིས་དོགས་གཞི་ཅན་གྱི་རྒྱ་རིགས་བུད་མེད་སོ་བ་ཞིག་དང་ནང་འབྲེལ་བྱུང་བའི་ཁས་ལེན་བྱས་རྗེས། ཁེ་ལས་ཁང་གིས་ཁོའི་བྱ་སྤྱོད་ལ་ཞིབ་བཤེར་འགོ་འཛུགས།
  • ལྷོ་སྤྱི་ཡིས་རྒྱ་གར་གཞུང་གི་གྲངས་ཉུང་མི་རིགས་ལྷན་ཚོགས་ཀྱི་ཚོགས་གཙོ་དང་མཇལ་འཕྲད་གནང་བ།
  • རྒྱ་གཞུང་གིས་ Thailand ནང་གི་གསར་འགོད་རང་དབང་ལ་དམ་དྲག་ཆེན་པོ་བྱེད་བཞིན་པ་གསལ་སྟོན།
  • བོད་ཀྱི་ལོ་རྒྱུས་ཁྲོད་མི་སྣ་གྲགས་ཅན་ངོ་སྤྲོད། དམག་སྤྱི་ཚ་རོང་ཟླ་བཟང་དགྲ་འདུལ་ལགས་ཀྱི་སྐོར།

ཉེ་ཆར་རྒྱ་གར་གྱི་རི་འཛེགས་པ་ཁག་གཅིག་གིས་ཨ་རུ་ན་ཅལ་མངའ་སྡེའི་ནང་ཆགས་པའི་དེ་སྔ་རྩ་བ་ནས་འཛེག་མྱོང་མེད་པའི་རི་རྩེ་མཐོ་ཚད་ཕི་ཊི་ཉི་ཁྲི་ལྷག་ཙམ་ཞིག་ལ་འཛེགས་པ་དང་འབྲེལ། དེར་རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོའི་མཚན་གསོལ་གནང་འདུག

Mountain named after 6th Dalai Lama

དེ་ཡང་ཨ་རུ་ན་ཅལ་མངའ་སྡེའི་ Dirang ཁུལ་དུ་རྟེན་གཞི་བྱས་པའི་རྒྱ་གར་གྱི་རྒྱལ་སྲུང་ལས་ཁུངས་ཁྱབ་ཁོངས་ National Institute of Mountaineering and Adventure Sports འམ་ Nimas ཞེས་རྒྱལ་ཡོངས་རི་འཛེག་དང་ཉེན་མཆོང་རྩེད་མོའི་ལྟེ་གནས་ཁང་གི་མདའ་དཔོན་Ranveer Singh Jamwal ལགས་ཀྱིས་སྣེ་ཁྲིད་པའི་མི་གྲངས་ ༡༥ འི་རུ་ཁག་ཞིག་གིས་ཟླ་བ་འདིའི་ཚེས་ ༧ ནས་དབུ་འཛུགས་ཀྱིས་འདི་ཚེས་ ༢༡ ཉིན་ནུབ་ Kameng རྫོང་གི་རྟ་དབང་ཉེ་འདབས་སུ་ཡོད་པའི་ Gorichen རི་རྒྱུད་ཀྱི་རི་རྩེ་ཞིག་ལ་འཛེགས་འདུག

རྒྱ་གར་རྒྱལ་སྲུང་དམག་གིས་རེས་གཟའ་ལྷག་པའི་ཉིན་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་ཡོད་པའི་ནང་དུ། རི་རྩེ་དེ་ནི་མངའ་ཁུལ་དེའི་ནང་གི་ཆེས་དཀའ་ཚེགས་ཆེ་ཞིང་རྒྱུས་མངའ་མེད་པའི་རི་རྩེ་གཙོ་བོ་ཞིག་ཡིན་པ་དང་རི་རྩེ་དེར་འཁྱགས་པའི་གྱང་ངོས་གཟར་པོ་དང་གཡང་ས་ཆེན་པོ།  དེ་བཞིན་སྤྱི་ལེ་གཉིས་ཀྱི་རིང་ཚད་ཡོད་པའི་འཁྱགས་རོམ་བཅས་ཀྱི་དཀའ་ངལ་ཆེན་པོ་རྣམས་ལས་བརྒལ་རྗེས་རུ་ཁག་དེས་གྲུབ་འབྲས་ཆེན་པོ་དེ་མི་ཉམས་བརྟན་པར་གནས་ཕྱིར་༸གོང་ས་སྐུ་ཕྲེང་དྲུག་པ་རིག་འཛིན་ཚངས་དབྱངས་རྒྱ་མཚོ་མཆོག་ལ་ཆེ་བསྟོད་ཞུས་ཏེ་རི་རྩེ་དེར་ཚངས་དབྱངས་རྒྱ་མཚོའི་རི་རྩེ་ཞེས་མཚན་གསོལ་ཡོད་ཅེས་གསུངས་འདུག

Mountain named after 6th Dalai Lama

མ་ཟད་རི་རྩེ་འདི་ལ་༸གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་དྲུག་པ་མཆོག་གི་མཚན་གསོལ་བརྒྱུད་རྒྱལ་དབང་གང་ཉིད་ཀྱི་མཁྱེན་ཡོན་དང་། ལྷག་པར་མོན་པ་མི་རིགས་སྤྱི་དང་དེ་ལས་བརྒལ་བའི་རྒྱ་ཆེ་མི་མང་ཁྲོད་དུ་རླབས་ཆེན་གྱི་མཛས་རྗེས་སྒྲུབ་པ་དག་ལ་གུས་བཀུར་ཞུ་རྒྱུའི་ཆེད་དུ་ཡིན་ཞེས་བཀོད་ཡོད་འདུག

རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་ད་རེས་གསར་རྙེད་རི་རྩེ་དེར་ཏཱ་ལའི་བླ་མའི་མཚན་གསོལ་པ་འདི་གལ་གནད་ཆེན་པོ་ཆགས་ཡོད་ཅིང་དེའི་རྒྱུ་མཚན་ནི་རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་རྗེས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་ ༡༩༥༩ ལོའི་ཟླ་ ༣ པའི་ནང་རྟ་དབང་བརྒྱུད་རྒྱ་གར་དུ་ཕེབས་པ་དང་། ལྷག་པར་རྒྱ་ནག་ངོས་ནས་ཨ་རུ་ནཱ་ཅལ་མངའ་སྡེ་དེ་ཉིད་བོད་ཀྱི་ལྷོ་ཕྱོགས་ས་ཁུལ་ཞིག་ཏུ་ངོས་འཛིན་གྱིས་བདག་དབང་རྩོད་བཞིན་པའི་མཚམས་སུ་རི་འཛེག་མཁན་རུ་ཁག་ཞིག་གིས་ཨ་རུ་ན་ཅལ་གྱི་རི་རྩེ་གསར་པར་༸གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་དྲུག་པའི་མཚན་གསོལ་པའི་བྱ་སྤྱོད་འདིས་རྒྱ་ནག་ལ་ཁོང་ཁྲོ་སློང་སྲིད་པའི་ཚོད་དཔག་གནང་བཞིན་འདུག

NIMAS

NIMAS ལྟེ་གནས་ཁང་ནས་ཨ་རུ་ན་ཅལ་གྱི་རི་རྩེར་འཛེགས་པའི་གནས་ཚུལ་དང་རི་རྩེ་དེར་རྒྱལ་བ་ཚེ་དབྱངས་རྒྱ་མཚོའི་མཚན་གནས་གསོལ་རྒྱུའི་ཐག་གཅོད་སྐོར་རྒྱ་གར་གྱི་རི་འཛེག་ཚོགས་པར་སྙན་སེང་ཞུས་ཟིན་པ་དང་། ད་ལྟའི་ཆར་གཞུང་འབྲེལ་ས་ཁྲའི་ནང་ངོས་འཛིན་ཡོང་ཆེད་དགོས་ངེས་ཀྱི་ལས་དོན་སྒྲུབ་བཞིན་ཡོད་སྐོར་གསུངས་བ་དང་ཆབས་གཅིག  ལོ་རྒྱུས་ཀྱི་རི་འཛེགས་འདིས་ཨ་རུ་ཎ་ཅལ་མངའ་སྡེའི་རིག་གཞུང་ཕྱུག་པོ་དེ་མཚོན་པར་གནང་བ་མ་ཟད། མངའ་སྡེ་འདི་ནི་རི་འཛེག་དང་ཉེན་མཆོང་རྩེད་མོའི་གནས་གཙོ་བོ་ཞིག་ཏུ་གྱུར་ནས་འཛམ་གླིང་ཡུལ་གྲུ་གང་ས་ནས་འཚོལ་ཞིབ་དང་ཉེན་མཆོང་ལ་སྤྲོ་སྣང་ལྡན་པའི་མི་རྣམས་འགུགས་ཐབས་གནང་གི་ཡོད་ཅེས་བརྗོད་འདུག

དེའི་བར་ན་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་པདྨ་མཁའ་འགྲོ་མཆོག་གིས་རྡི་རང་གི་རྒྱལ་ཡོངས་རི་འཛེག་དང་ཉེན་མཆོང་རྩེད་མོའི་ལྟེ་གནས་ཁང་ལ་འཚམས་འདྲི་དང་ལྷག་པར་ Gorichen རི་རྒྱུད་ཀྱི་རི་རྩེ་དེར་རྒྱལ་དབང་སྐུ་ཕྲེང་དྲུག་པའི་མཚན་གསོལ་བ་དེར་རྒྱབ་སྐྱོར་གྱི་རྣམ་པ་ཆེད་འདོན་དང་འབྲེལ། རྒྱལ་དབང་ཚངས་དབྱངས་རྒྱ་མཚོ་མཆོག་ནི་ཡུན་རིང་ནས་ཡུལ་འདིའི་མི་མང་གི་ཤེས་རབ་དང་རིག་གཞུང་གི་སྤོབས་པའི་འབྱུང་ཁུངས་ཤིག་ཡིན་པར་མ་ཟད། ༸རྒྱལ་དབང་མཆོག་གི་གསུང་དང་དགོངས་པ་རྣམས་ང་ཚོར་མུ་མཐུད་ནས་ལམ་སྟོན་གནང་མཁན་ཞིག་དང་ལྷག་པར་རི་རྩེ་འདི་ནི་༸རྒྱལ་དབང་མཆོག་གི་ཡུན་གནས་ཀྱི་མཛད་རྗེས་ཀྱི་དཔང་རྟགས་ཤིག་ཏུ་གནས་རྒྱུ་རེད་ཅེས་གསུངས་འདུག

gorichen-peak
Gorichen Peak

འབྲེལ་ཡོད་གསར་གནས།

གསར་གནས།

Monday 09/11/2026