Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: December, 2017

བཀའ་ཟུར་ས་འདུ་རིན་ཆེན་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ཀྱི་དཔེ་དེབ་དབུ་འབྱེད།   

ཁ་སང་ཕྱི་དྲོ་བཞུགས་སྒར་དུ་འདས་པའི་ལོ་ངོ་ ༣༢ རིང་གཞིས་བྱེས་གཉིས་སུ་དགའ་ལྡན་ཕོ་བྲང་གཞུང་གི་གཞུང་ཞབས་སྲི་ཞུ་བསྒྲུབས་མཁན་བཀའ་ཟུར་དམ་པ་ས་འདུ་ཚང་རིན་ཆེན་དོན་གྲུབ་ལགས་ཀྱིས་བརྩམས་པའི་བརྗོད་པར་དཀའ་བའི་མི་ཚེའི་ལོ་རྒྱུས། གཞིས་བྱེས་གཉིས་སུ་གཞུང་ས་དགའ་ལྡན་ཕོ་བྲང་གི་ཞབས་ཞུའི་ལས་སྐལ་བྱུང་བ་” ཞེས་དཔེ་དེབ་ཞིག་དབུ་འབྱེད་གནང་ཡོད་པ་དང་། དཔེ་དེབ་དེ་ནི་ཐོག་མར་དབྱིན་ཡིག་ནང་ A life unforeseen ཞེས་པ་དེ་བོད་ཀྱི་དཔེ་མཛོད་ཁང་གི་ངག་རྒྱུན་ལོ་རྒྱུས་སྡེ་ཚན་ནས་བོད་བསྒྱུར་གྱིས་དབུ་འབྱེད་འགྲེམས་སྤེལ་གནང་བ་ཞིག་ཆགས་ཀྱི་འདུག དཔེ་དེབ་དབུ་འབྱེད་ཀྱི་མཛད་སྒོའི་སྐུ་མགྲོན་གཙོ་བོར་བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དང་བཀའ་ཟུར་བློ་བཟང་དར་རྒྱས་མཆོག བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་ལགས། དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་དང་སྤྱི་འཐུས་ལས་ཐོག་དང་ལས་ཟུར་རྣམ་པ། གཞན་ཡང་གནད་ཡོད་མི་སྣ་ཁག་ཅིག་དང་འབྲེལ་ཡོད་སེར་སྐྱ་མི་མང་བཅས་ཕེབས་ཡོད་པ་རེད། སྐུ་མགྲོན་གཙོ་བོར་བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་བཀའ་ཟུར་རིན་ཆེན་དོན་གྲུབ་ལགས་ལྟ་བུ་ནི་བོད་ཀྱི་ཆབ་སྲིད་འཕོ་འགྱུར་ཆེ་བའི་སྐབས་སུ་གནད་འགག་ཆེ་བའི་ལས་དོན་མང་པོ་ནང་དུ་ཞུགས་མཁན་དཀོན་པོ་ཡིན་པ་གསུངས་སོང་བ་དང། དེ་བཞིན་ ༡༩༥༡ ནས་ད་ལྟ་བར་འདས་པའི་ལོ་ ༦༠ ལྷག་གི་རིང་བོད་ཀྱི་ལོ་རྒྱུས་ཁྲོད་སྤྱི་ཡོངས་དང་མི་འདྲ་བའི་ཁྱད་པར་ཆེན་པོ་ཞིག་བྱུང་ཡོད་པ་མ་ཟད། ལྷག་པར་དུ་བོད་རང་དབང་ཡིན་པའི་གཞུང་དང་བཙན་བྱོལ་གཞུང་ནང་སྲི་ཞུ་མི་མི་རེ་ངོ་རེའི་འཚོ་བའི་གནས་སྟངས་དེ་བོད་མི་རིགས་དང་རྒྱལ་ཁབ་ཀྱི་བྱུང་རབས་ཆ་ཤས་གལ་ཆེ་ཞིག་ཆགས་ཡོད་པ་སོགས་གསུངས་སོང། གཞི་རྩའི་བཀའ་ཟུར་ས་འདུ་རིན་ཆེན་དོན་གྲུབ་མཆོག་ནི་ཕྱི་ལོ་ ༡༩༢༩ ལོར་བོད་ཁམས་ཏྲེ་ཧོར་ས་ཁུལ་དཀར་མཛེས་རྫོང་གི་གྲོང་གསེབ་གླིང་ཚང་ཞེས་པར་འཁྲུངས་འདུག་ཅིང།  སྔར་སྲོལ་ཡིག་རྩིས་རིག་གནས་སློབ་གཉེར་བའི་རྗེས་སུ་ རྡོར་གླིང་དབྱིན་སློབ་ཏུ་སློབ་སྦྱོང་གནང།  ༡༩༤༨ ལོར་གཞུང་ཞབས་ཤོད་དྲུང་ཁོངས་སུ་གསར་མཇལ་ཞུས་ཤིང་། མི་རིང་བར་ལྷ་ལྡན་ཕྱི་རྒྱལ་ལས་ཁུངས་ཀྱི་ལས་བྱར་བསྐོ་གཞག་གནང་བ་དང།  བཀའ་ཟུར་སྐུ་གཤེགས་རིན་ཆེན་ལགས་ཀྱི་གནས་བབ་ཁྱད་པར་བ་གཅིག་ནི་ ༥༩ གོང་དུ་ཕ་བརྒྱུད་བུ་བརྒྱུད་གཞུང་ཞབས་མ་ཡིན་མཁན་ཚོང་པ་ཆེན་པོ་ཞིག་གི་མི་ཚང་ནས་གཞུང་ཞབས་ཞུས་པ་དང་པོའི་གྲས་ཆགས་ཀྱི་ཡོད་པ་རེད་འདུག ལྷག་པར་དུ་ཕྱི་ལོ་ ༡༩༥༩ ལོར་རང་ཡུལ་བོད་རྒྱལ་ཁབ་ནང་རྒྱ་དམར་དྲག་པའི་དབང་འགྱུར་བྱས་པའི་རྗེས། བཙན་བྱོལ་དུ་ཡོང་དགོས་བྱུང་སྐབས་༸རྒྱལ་བའི་བཞུགས་སྒར་མ་སུ་རིར་འཕྲལ་དུ་ངོ་བཅར་གྱིས་རྒྱ་གར་གྱི་དཔོན་རིགས་རྣམ་པར་མཇལ་འཕྲད་དང་མཉམ་འབྲེལ་རྒྱལ་ཚོགས་བཅས་སུ་བོད་དོན་ཞུ་སྐུལ་གྱི་གནད་དོན་ནམ་བྱུང་ལ་གསུང་སྒྱུར་ཞབས་ཞུ། རིམ་པས་དྷ་ས་༸སྐུ་སྒེར་ཡིག་ཚང་དང།  དེ་བཞིན་བཀའ་བློན་གྱི་མཚན་གནས་ཐོག་ལྡི་ལི་དོན་གཅོད་དུ་བསྐོ་གཞག་གནང་དོན་ཐུགས་འགན་ཞེས་པ་སོགས་མི་ལོ་ ༣༢ རིང་བོད་གཞིས་བྱེས་གཉིས་སུ་གཞུང་ཞབས་གནང་མཁན་ཞིག་ཆགས་ཀྱི་འདུག

རེས་གཟའ་ཟླ་བ། ༢༠༡༧།༡༢།༠༤

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་གིས་རྒྱ་དང་གྲོགས་སྒྲིག་ནས་དཀའ་ངལ་སེལ་གལ་ཡིན་པའི་ལམ་སྟོན་མཛད་འདུག ༸གོང་ས་མཆོག་གི་རྒྱ་གར་ལྷོ་ཕྱོགས་ནང་གི་མཛད་འཆར་ཕྲན་བུ་འགྱུར་བ་ཕྱིན་འདུག སྲིད་སྐྱོང་མཆོག་ཉིན་བཅུ་ཙམ་རིང་ཨ་རིར་ཕྱོགས་ཕེབས་གནང་པ། བཞུགས་སྒར་དུ་རྒྱལ་སྤྱིའི་དབང་པོ་སྐྱོན་ཅན་ཉིན་མོ་སྲུང་བརྩི་ཞུས་པ། བོད་ཀྱི་རྒྱལ་རབས་དང་ལོ་རྒྱུས་ངོ་སྤྲོད། རྒྱལ་མཆོག་༸སྐུ་ཕྲེང་ན་རིམ་གྱི་བྱུང་བ། Monday 04/12/2017 Look to China as friend, not as an enemy: Dalai Lama to recent arrivals from Tibet Slight change in Dalai Lama’s South India trip Sikyong leaves for North America visit International Day of Person with Disabilities marked in Dharamsala FEATURE: Introduction to Dalai Lama Institution

རྒྱ་དང་གྲོགས་སྒྲིག་ནས་དཀའ་ངལ་སེལ་དགོས་གལ་ཡིན་པ་བཀའ་བསྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་དུ་བོད་ནས་གསར་དུ་འབྱོར་བའི་བོད་མི་ཚོར་མཇལ་ཁ་དང་བཀའ་སློབ་སྩལ་སྐབས་རྒྱ་ལ་གྲོགས་པོ་སྒྲིག་ནས་དཀའ་ངལ་སེལ་ཐབས་བྱེད་དགོས་པ་ལས་དགྲ་ལ་ལྟས་ནས་དཀའ་ངལ་སེལ་ཐུབ་ཀྱི་མེད་ཅེས་བཀའ་བསྩལ་སོང། དེ་རིང་ཟླ་ ༡༢ ཚེས་ ༤ ཉིན་སྔ་དྲོ་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བའི་ནང་ཉེ་ཆར་བོད་ནས་གསར་དུ་འབྱོར་བའི་བོད་མི་ ༢༥༠ མན་གཙོ་འགྱུར་བཙན་བྱོལ་ནང་གི་བོད་མི་ཁག་ཅིག་བཅས་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཇལ་ཁ་དང་སྐར་མ་ ༤༠ ལྷག་གི་བཀའ་སློབ་བཀྲིན་བསྩལ་སོང་བ་དང། སྐབས་དེར་མགོན་པོ་༸གང་ཉིད་མཆོག་གིས་བོད་ལ་ཡོད་པའི་གཞིས་ལུས་རྒྱ་ཆེ་མང་ཚོགས་ཀྱིས་སྲོག་ལ་ཉེན་ཁ་དང་འཇིགས་སྣང་ཆེ་བའི་གནས་སྟངས་འོག་ལོ་ངོ་ ༦༠ མན་ཙམ་རིང་བོད་མི་རིགས་ལ་བཅངས་པའི་ཞུམ་པ་མེད་པའི་སྙིང་སྟོབས་དང་སེམས་ཤུགས་འཁྱེར་ནས་བཞུགས་པར་ཐུགས་རྗེ་ཆེ་ཞེས་བཀའ་གནང་བ་དང་ཆབས་ཅིག ད་བར་གཞིས་ལུས་རྒྱ་ཆེ་མང་ཚོགས་ཀྱི་སྙིང་སྟོབས་དང་སེམས་ཤུགས་ལ་བརྟེན་ནས་བཙན་བྱོལ་དུ་ཡོད་མཁན་ཚོ་ལའང་བདེན་པ་ཡོད་བསམ་པ་ཞིག་དང་། དེ་བཞིན་བོད་རྒྱ་གཉིས་ཀྱི་འཐབ་རྩོད་ནི་བདེན་པའི་སྟོབས་ཤུགས་དང་གོ་མཚོན་གྱི་སྟོབས་ཤུགས་གཉིས་འགྲན་བསྡུར་བྱེད་རྒྱུའི་དུས་ཚོད་ཞིག་ཆགས་ཡོད་ནའང། འཕྲལ་སེལ་མ་གཏོགས་ཕུགས་རྒྱང་རིང་པོའི་ཆ་ནས་བདེན་པའི་སྟོབས་ཤུགས་དེ་ཤུགས་ཆེ་བ་ཡོད་སྟབས། གཏན་གཏན་བདེན་པའི་མཐའ་སེལ་གྱི་རེད་ཅེས་བཀའ་བསྩལ་ཡོད། ཁྱད་པར་དུ་མགོན་པོ་༸གང་ཉིད་མཆོག་གིས་མུ་མཐུད་བཀའ་སྩལ་བར་བོད་རྒྱ་གཉིས་ཀྱི་དཀའ་ངལ་དེ་དག་སེལ་བར་རྒྱ་ལ་གྲོགས་པོ་སྒྲིག་ནས་དཀའ་ངལ་སེལ་ཐབས་བྱེད་དགོས་པ་ལས་དགྲ་ལ་ལྟས་ནས་དཀའ་ངལ་སེལ་ཐུབ་ཀྱི་མེད་ཅེས་བཀའ་ནན་བསྩལ་སོང། ད་དུང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་ནག་གཞུང་གིས་མུ་མཐུད་བོད་མིའི་ཐོག་དྲག་རྩུབ་ཀྱི་སྲིད་བྱུས་ལག་བསྟར་བྱས་ནས་བརྟན་ལྷིང་དང་འཆམ་མཐུན་ཡོང་ཐབས་མེད་པས་རྒྱ་ནག་རང་ཉིད་ཀྱི་ཁེ་ཕན་ལ་ལྟས་ནས་བོད་མི་ཚོར་བྱམས་ཀྱིས་སྐྱོང་དགོས་པ་མ་ཟད། ལྷག་དོན་བོད་མིའི་ཆོས་དང་རིག་གཞུང་ལ་བརྩི་བཀུར་ཞུ་ནས་ངལ་བ་དེ་དག་དགོས་ཞེས་བཀའ་སྩལ་སོང་། གསར་དུ་འབྱོར་བའི་བོད་མི་ཚོར་ད་ལྟའི་བོད་ལ་ཡོད་པའི་ནང་པ་སངས་རྒྱས་པའི་ཆོས་འདི་ནི་དེང་གི་འཛམ་གླིང་ཐོག་ཆོས་དད་ཡོད་མེད་ལྟོས་མེད་ཚང་མར་རིགས་པའི་ཐོག་ནས་འགྲེལ་བཤད་རྒྱག་ཐུབ་རྒྱུ་ཡོད་པ་ཞིག་དང་། ལྟ་གྲུབ་ལ་གཞི་བཞག་ནས་ནང་ཆོས་ཉམས་ལེན་བྱེད་རྒྱུ་དེ་བོད་མི་ཁོ་ན་མ་གཏོགས་གཞན་སུ་གང་ལ་མེད་སྟབས་དེ་ནི་སྤོབས་པ་སྐྱེས་འོས་པ་ཞིག་དང་། ལྷག་དོན་བོད་མི་རིགས་ཀྱི་སེམས་ཤུགས་སྐྱེས་གཞི་ཞིག་ཆགས་ཡོད་པ་བཀའ་སྩལ་དང་ཆབས་ཅིག བོད་མི་སེར་སྐྱ་ཁྱད་མེད་ཚོས་ནང་ཆོས་ལ་བསླབ་པ་སློབ་གཉེར་རྒྱ་གང་ཆེ་གནང་དགོས་གལ་ཡིན་པར་ལམ་སྟོན་བཀྲིན་བསྩལ་ཡོད།

༸གོང་ས་མཆོག་ནས་རྒྱ་གར་ལྷོ་ཕྱོགས་ནང་བསྐྱང་རྒྱུའི་མཛད་འཆར་ལ་འགྱུར་བ་ཕྲན་བུ་ཕྱིན་འདུག

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་མཆོག་གིས་འདི་ལོ་ཕྱི་ལོ་ ༢༠༡༧ ཕྱི་ཟླ་ ༡༢ ནང་རྒྱ་གར་ལྷོ་ཕྱོགས་ཀ་ན་ཊ་ཀ་མངའ་སྡེའི་ནང་རྟེན་གཞི་བྱས་པའི་བྱེས་ཀྱི་གདན་ས་ཆེན་པོ་སེ་འབྲས་དགེ་གསུམ་ནང་དུ་དགེ་འདུན་པར་བསྙེན་རྫོགས་ཀྱི་སྡོམ་པ་འབོག་ཆོག་གནང་རྒྱུ་མཚོན་པའི་མཛད་འཆར་སྔོན་བསྒྲིགས་ཟིན་ཁག་ཅིག་ལ་འགྱུར་བ་ཕྲན་བུ་ཕྱིན་འདུག དེའང་རྒྱ་གར་ལྷོ་ཕྱོགས་མུམ་བའེ་གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་ཝ་ན་ཐེབས་རྩ་ཁང་གི་ Vidyaloke ཞེས་པའི་ཚོགས་པ་དང་སོ་མཱེ་ཡ་མཐོ་སློབ་ཟུང་འབྲེལ་ཐོག་ཇི་ལྟར་གསོལ་བ་བཏབ་པ་ལྟར་ཟླ་ ༡༢ ཚེས་ ༡༠ ཉིན་སྔ་དྲོ་སོ་མཱ་ཡ་མཐོ་སློབ་ཏུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་རིག་གཞུང་རྙིང་པ་བསྐྱར་གསོའི་ཆེད་དུ་ Reviving Indian Wisdom in Contemporary ཞེས་པའི་བརྗོད་གཞིའི་ཐོག་མི་མང་ལ་གསུང་བཤད་གནང་རྒྱུ་དང་ཕྱི་ཚེས་ ༡༡ ཉིན་རྒྱ་གར་ལྷོ་ཕྱོགས་ཀ་ན་ཊ་ཀ་མངའ་སྡེའི་ནང་ཡོད་པའིི་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་སུ་༸ཞབས་སོར་བདེ་བར་འཁོད་གནང་སྟེ་ཕྱི་ཚེས་ ༡༧ བར་ཆོས་འབྲེལ་མཛད་འཆར་ཆེད་བཞུགས་ཞག་མཛད་རྒྱུ་རེད་འདུག་པ་ལྟར། ཕྱི་ཚེས་ ༡༡ ཉིན་མུམ་བའེ་གྲོང་ཁྱེར་ནས་མོན་གྷོ་འདོད་རྒུ་གླིང་དུ་༸ཞབས་སོར་འཁོད་གནང་རྒྱུ་མ་ཟད་ཚེས་ ༡༢ དང་ ༡༣ བཅས་ཉིན་གཉིས་རིང་འབྲས་སྤུངས་བླ་སྤྱིར་དགེ་འདུན་པར་བསྙེན་རྫོགས་ཀྱི་སྡོམ་པ་འབོག་ཆོག་གནང་རྒྱུ་དང་ཕྱི་ཚེས་ ༡༤ ཉིན་འབྲས་སྤུངས་བློ་གསལ་གླིང་གི་སྒོམ་སྒྲུབ་དང་ཚན་རིག་ལྟེ་གནས་ཁང་གསར་པ་དབུ་འབྱེད་རབ་གནས་མཛད་རྒྱུ། དེ་རྗེས་ཚེས་ ༡༥ ཉིན་མོན་གྷོ་བཙུན་དགོན་བྱང་ཆུབ་ཆོས་གླིང་དུ་ཆོས་ར་གསར་པ་དབུ་འབྱེད་རབ་གནས་མཛད་རྒྱུ་ཡིན་པ་རེད། ཕྱི་ཚེས་ ༡༦ དང་ ༡༧ བཅས་ཉིན་གཉིས་རིང་གདན་ས་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་བླ་སྤྱིར་བསྙེན་རྫོགས་ཀྱི་སྡོམ་པ་འབོག་ཆོག་གནང་གི་འདུག ཕྱི་ཚེས་ ༡༨ ཉིན་མོན་གྷོ་འདོད་རྒུ་གླིང་ནས་ཧུབ་ལི་གྲོང་ཁྱེར་བརྒྱུད་སྦེལ་ཀོབ་བོད་མིའི་གཞིས་ཆགས་ཁུལ་དུ་རྟེན་གཞི་བྱས་པའི་གདན་ས་སེ་ར་ཐེག་ཆེན་གླིིང་དུ་ཆིབས་བསྒྱུར་མཛད་ཀྱི་ཡོད་པ་རེད། ༸གོང་ས་མཆོག་གིས་སེ་ར་ཐེག་ཆེན་གླིང་དུ་དགེ་འདུན་པ་ ༦༠ ཙམ་ལ་ཉིན་གཅིག་རིང་བསྙེན་རྫོགས་སྡོམ་པ་འབོག་ཆོག་གནང་གཏན་ཁེལ་ཡོད་ཀྱང་ད་ལྟའི་ཆར་དུས་ཚེས་གཏན་འཁེལ་མེད་པ་རེད། འོན་ཀྱང་སེ་ར་བླ་སྤྱིའི་ཕྱག་མཛོད་ཁང་ནས་ཕྱི་ཚེས་ ༡༩ ཉིན་སྒྲུབ་གནང་སྲིད་པར་ཚོད་དཔག་གནང་གི་འདུག ཚེས་ ༢༠ ཉིན་མགོན་པོ་༸གང་ཉིད་མཆོག་གིས་སེར་བྱེས་གྲྭ་ཚང་དུ་རྟ་མགྲིན་ཡང་གསང་གི་བཀའ་དབང་བཀའ་དྲིན་སྩལ་རྒྱུ་དང་ཚེས་ ༢༡  ཉིན་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་གིས་གསར་བཞེངས་གནང་བའི་ཆོས་གྲྭ་དབུ་འབྱེད་དང་། ༸རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་རྟེན་འབྲེལ་བསྟོད་པའི་བཀའ་ཆོས་བཀྲིན་སྩལ་རྒྱུ་རེད་འདུག ཤེས་རྟོགས་བྱུང་བ་ལྟར་ན་ཚེས་ ༢༣ ནས་ ༢༦ བར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྦེང་ལོར་གྲོང་ཁྱེར་ནང་དུ་མཐོ་སློབ་ཁག་ཏུ་སློབ་གཉེར་གནང་བཞིན་པའི་བོད་རིགས་སློབ་མ་ཚོར་བཀའ་སློབ་བསྩལ་རྒྱུ་སོགས་ཀྱི་མཛད་འཆར་ཁག་ཅིག་ཀྱང་བང་སྒྲིག་ཡོད་པ་རེད་འདུག

བཞུགས་སྒར་དུ་རྒྱལ་སྤྱིའི་དབང་པོ་སྐྱོན་ཅན་ཉིན་མོ་ཐེངས་དང་པོ་སྲུང་བརྩི་ཞུས་པ།

ཁ་སང་ཕྱི་ཟླ་ ༡༢ ཚེས་ ༣ ཉིན་མོ་སྟེ་རྒྱལ་སྤྱིའི་དབང་པོ་སྐྱོན་ཅན་ཉིན་མོ་དང་སྟབས་བསྟུན། བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་མིའི་ནུས་གསོ་ལྟེ་གནས་ཁང་ནས་རྡ་ས་ཡོངས་གླིང་སློབ་གྲྭར་བོད་པའི་སྤྱི་ཚོགས་ཁྲོད་དུ་ཡོད་པའི་དབང་པོ་སྐྱོན་ཅན་རྣམས་ལ་མང་ཚོགས་ཀྱི་གཟིགས་ཕྱོགས་ཡར་རྒྱས་གཏོང་ཐབས་དང་ཤེས་ཡོན་སོགས་ཀྱི་གོ་སྐབས་འདྲ་མཉམ་ཐོབ་ཐབས་དང་འབྲེལ་བའི་གོ་རྟོགས་ཀྱི་གསུང་བཤད་གནང་པའི་བརྒྱུད་ཉིན་མོ་འདི་སྲུང་བརྩི་ཞུས་སོང་། མཛད་སྒོའི་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཱཙཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་དང་དམིགས་བསལ་སྐུ་མགྲོན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་དྲུང་ཆེ་ཚེ་རྒྱལ་ལགས། སྙིང་སྟོབས་གླིང་གི་གགན་འཛིན་སྤྱི་ཟུར་ངག་དབང་ལྷ་མོ་ལགས་དང་དབང་པོ་སྐྱོན་ཅན་གྱི་སློབ་མ་ཁག་ཅིག དེ་བཞིན་གཞུང་འབྲེལ་མ་ཡིན་པའི་ཚོགས་སྐྱིད་ཁག་གི་སྐུ་ཚབ་དང་ས་གནས་མི་མང་བཅས་ནས་མཉམ་ཞུགས་གནང་འདུག མཛད་སྒོའི་ཐོག་མར་བོད་མིའི་ནུས་གསོ་ལྟེ་གནས་ཁང་གི་འགན་འཛིན་བདེ་ལེགས་དབང་མོ་ལགས་ནས་ཉིན་མོ་འདི་སྲུང་བརྩི་ཞུ་དོན་གང་ཡིན་སོགས་རྒྱབ་ལྗོངས་ཞིབ་རྒྱས་ངོ་སྤྲོད་གནང་པ་དང་སྦྲགས། ང་ཚོ་བོད་པའི་སྤྱི་ཚོགས་ཁྲོད་དུ་དམིགས་བསལ་དོ་སྣང་གནང་དགོས་པའི་དབང་པོ་སྐྱོན་ཅན་མི་ཉུང་བ་ཞིག་ཡོད་པ་རྣམས་ལ་སློབ་གྲྭ་དང་ཆོས་སྡེ་ཁག དེ་བཞིན་སྨན་བཅོས་སོགས་ཀྱི་མཐུན་རྐྱེན་གཅིག་མཚུངས་གནང་རྒྱུ་དང་། མི་མང་ཁྲོད་ནས་དབང་པོ་སྐྱོན་ཅན་རྣམས་ལ་དེ་ནི་ལས་དབང་རེད་ཅེས་མཐོང་ཆུང་དང་ཁྱད་གསོད་རིགས་གནང་རྒྱུ་མེད་པ་དང་། ལྷག་དོན་སྒྲིག་འཛུགས་དང་ཚོགས་སྡེ་ཁག་ནས་ལས་ཀའི་གོ་སྐབས་མི་གཞན་དང་འདྲ་མཉམ་བསྐྲུན་རྒྱུ་གཙོས་ཡོངས་འབྲེལ་ཤེས་ཡོན་སྲིད་བྱུས་བརྒྱུད་ཤེས་ཡོན་གྱི་གོ་སྐབས་གནང་གལ་ཡིན་པ་བཅས་དོན་གནད་གཙོ་བོ་བཞིའི་ཐོག་གསུང་བཤད་གནང་ཡོད། སྐབས་དེར་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་ནས་བོད་མིའི་སྒྲིག་འཛུགས་ནས་འཕྲོད་བསྟེན་ལས་ཁུངས་བརྒྱུད་དབང་པོ་སྐྱོན་ཅན་རྣམས་ལ་སྤྱི་ཡོངས་ཀྱི་གཟིགས་རྟོག་ཞུ་ཕྱིར་ལོ་ལྟར་མ་དངུལ་ས་ཡ་བཞི་ལྷག་གནང་བཞིན་ཡོད་པ་སོགས་འགྲེལ་བརྗོད་གནང་པ་དང་འབྲེལ། བོད་པའི་སྤྱི་ཚོགས་ཁྲོད་ཀྱི་དབང་པོ་སྐྱོན་ཅན་ཚོའི་གནས་སྟངས་དང་མང་ཚོགས་ཀྱི་གཟིགས་ཕྱོགས་ཡར་རྒྱས་ཡོང་བར་དང་པོ་དབང་པོ་སྐྱོན་ཅན་དོ་བདག་སོ་སོའི་ནང་མིའི་ངོས་ནས་ཁོང་རྣམས་ལ་རྒྱབ་སྐྱོར་གནང་རྒྱུ་དང་། དེ་ནས་སྒྲོག་འཛུགས་དང་སྤྱི་ཚོགས། དེ་བཞིན་ཚོགས་སྒེར་བཅས་ཕྱོགས་ཡོངས་ནས་མཐུན་མོང་གི་ནུས་པ་མཉམ་སྤུངས་གནང་གལ་ཡིན་པར་ལམ་སྟོན་གནང་ཡོད། དེ་བཞིན་དམིགས་བསལ་སྐུ་མགྲོན་འཕྲོད་བསྟེན་དྲུང་ཆེ་ཚེ་རྒྱལ་ལགས་ཀྱིས་ཀྱང་སྤྱི་ཚོགས་ཁྲོད་ནས་དབང་པོ་སྐྱོན་ཆན་ཚོར་གཟིགས་ཕྱོགས་ལ་འགྱུར་བ་གཏོང་དགོས་པ་དང་། ལྷག་པར་དུ་ཕ་མ་ཚོས་དེ་དག་ལ་ལས་དབང་རེད་ཅེས་དབང་པོ་སྐྱོན་ཅན་ཡོད་རིགས་ནང་ལ་མ་བཞག་པར་རང་ནུས་ཀྱི་ཤེས་ཡོན་དང་སྒྱུ་རྩལ་སོགས་སྡེ་ཚན་སྤྱིའི་ནང་མཉམ་ཞུགས་གནང་རྒྱུའི་གོ་སྐབས་བསྐྲུན་རོགས་ཞེས་འབོད་སྐུལ་ནན་པོ་གནང་སོང་། རྩ་བའི་རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ནས་དབང་པོ་སྐྱོན་ཅན་རྣམས་མི་གཞན་དང་གཅིག་མཚུངས་ཀྱི་གོ་སྐབས་དང་ཐོབ་ཐང་ཁག་འདྲ་མཉམ་ཐོབ་ཐབས་སོགས་ལ་ཆེད་དམིགས་ཀྱིས་ཕྱི་ལོ་ ༡༩༩༢ ལོ་ནས་བཟུང་ལོ་ལྟར་ཕྱི་ཟླ་ ༡༢ ཕྱི་ཚེས་ ༣ ཉིན་མོ་འདི་རྒྱལ་སྤྱིའི་དབང་པོ་སྐྱོན་ཅན་ཉིན་མོ་ཞེས་སྲུང་བརྩི་ཞུ་གནང་གི་ཡོད་པ་ལྟར་འདི་ལོ་ལོ་ངོ་ ༢༥ འཁོར་ཡོད་པ་རེད། སྔ་དྲོ་གསུང་བཤད་ཀྱི་ལས་རིམ་ཁག་ལེགས་པར་གྲུབ་མ་ཐག་སྙིང་སྟོབས་གླིང་གི་བོད་རིགས་དབང་པོ་སྐྱོན་ཅན་ཁག་ཅིག་ནས་མང་ཚོགས་རྣམས་ལ་བོད་གཞས་གཙོས་གཞས་སྣ་ཁག་ཅིག་གཟིགས་འབུལ་ཞུས་སོང་།

རེས་གཟའ་ཉི་མ། ༢༠༡༧།༡༢།༠༣

ཉན་པ།: Listen ཕབ་ལེན། Download རྒྱལ་སྤྱིའི་བེུད་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པའི་ཉིན་མོ་དང་བསྟུན། བོད་ནང་གི་བེུད་ཆབ་སྲིད་བཙོན་པའི་གནས་སྟངས་གླེང་བ། གཟའ་འཁོར་བསྐྱར་ཞིབ། Sunday 03/12/2017 #OrangeTheWorld : State of Tibetan Women Political Prisoners Week review

རེས་གཟའ་སྤེན་པ། ༢༠༡༧།༡༢།༠༢

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་གིས་རྒྱ་གར་བའི་ཁྲོད་སངས་རྒྱས་ཤཱཀྱ་ཐུབ་པ་དང་གྷན་དྷི་ཇེ་མང་ཐོན་ཐུབ་པ་བྱེད་དགོས་པ་གསུངས་སོང་། རྒྱལ་གཅེས་པ་བསྟན་དགའ་ལགས་ཀྱི་ཆེད་དུ་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་ཚོགས་སོང་། ལྷོ་ཕྱོགས་སུ་འཛམ་གླིང་གཉེན་ནད་རེག་དུག་ཉིན་མོ་སྲུང་རྩི་ཞུས་འདུག སྤྱི་འཐུས་ཚོགས་གཙོ་མཆོག་གིས་ Hungary གྲོས་ཚོགས་འཐུས་མིར་ཐུགས་རྗེ་ཆེ་ཞུའི་འཚམས་འདྲི་གནང་འདུག འབྲི་གུང་ཆེ་ཚང་རིན་པོ་ཆེ་མཆོག་ནས་རྒྱ་གར་གྱི་སྲིད་འཛིན་མཆོག་ལ་འཚམས་འདྲིའི་ལེགས་སྐྱེས་ཕུལ་འདུག ༸གོང་ས་མཆོག་གི་གསུང་ཆོས་ལེ་ཚན། ༢༠༡༢ ལོར་གནད་མཆོག་རྡོ་རྗེ་གདན་དུ་བསྩལ་བའི་བཀའ་ཆོས། Saturday 02/12/2017 More Gandhis and Buddha should be created through revival of ancient Indian tradition: Dalai Lama CTA holds solidarity prayer vigil for Tibetan martyrs in Dharamsala TPiE Speaker expresses gratitude to Hungarian lawmaker for Tibet support Drikung Kyabgon Rinpoche presents traditional Tibetan painting to President of India Tibetans in South India observe World Aids Day FEATURE: Dalai Lama teaching on meaning of religion

༸གོང་ས་མཆོག་གིས་རྒྱ་གར་གྱི་གནའ་བོའི་རིག་གཞུང་དེའི་ཐོག་ནས་སངས་རྒྱས་ཤཱཀྱ་ཐུབ་པ་དང་གྷན་དྷི་ཇེ་མང་ཐོན་ཐུབ་པ་བྱེད་ཞེས་ལམ་སྟོན་མཛད་སོང་།

༸གོང་ས་མཆོག་གིས་རྒྱ་གར་གྱི་གནའ་བོའི་རིག་གཞུང་དེའི་ཐོག་ནས་སངས་རྒྱས་ཤཱཀྱ་ཐུབ་པ་དང་གྷན་དྷི་ཇེ་མང་ཐོན་ཐུབ་པ་བྱེད་ཞེས་ལམ་སྟོན་མཛད་སོང་། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་སྔ་ཐོག་རྡ་རམ་ས་ལར་རྟེན་གཞི་བྱས་པའི་ཧི་མཱ་ཅལ་མངའ་སྡེའི་གཞུང་གི་དབུས་གཙུག་ལག་སློབ་གཉེར་ཁང་དུ་ཚོགས་པའི་འཛམ་གླིང་ཞི་བདེའི་ལྷན་ཚོགས་ཐོག་གྷན་དྷིའི་རྗེས་འབྲང་པ་བརྒྱ་སྐོར་ཙམ་ཞིག་ལ་རྒྱ་གར་གྱི་ལོ་ངོ་སྟོང་ཕྲག་ལྷག་རིང་གི་གནའ་བོའི་རིག་གཞུང་ཕྱུག་པོ་ཡོད་པར་ཆེ་བསྟོད་དང་སྦྲགས། དེང་གི་རྒྱ་གར་སྤྱི་ཚོགས་ནས་སངས་རྒྱས་ཤཱཀྱ་ཐུབ་པ་དང་བདག་ཉིད་ཆེན་པོ་གྷན་དྷི་ཇེ་མང་ཐོན་ཐུབ་པ་བྱེད་དགོས་ཞེས་བཀའ་བསྩལ་མཛད་སོང་། ལྷན་ཚོགས་འདི་ནི་མངའ་སྡེའི་དབུས་གཙུག་ལག་སློབ་གཉེར་ཁང་དང་ལྡི་ལིར་རྟེན་གཞི་བྱས་པའི་ Gandhi Smriti དང་། Darshan Samiti ཟུང་འབྲེལ་གྱིས་གོ་སྒྲིག་གནང་པ་ཞིག་ཡིན་པ་རེད་འདུག་པ་དང་། ཚོགས་འདུའི་ཐོག་རྒྱ་གར་ལྷོ་ཕྱོགས་ Karnataka དང་ Maharashtra དེ་བཞིན་རྒྱལ་ས་ལྡི་ལི་སོགས་མངའ་སྡེ་ཁག་ཅིག་ནང་གི་གྷན་དྷིའི་རྗེས་འབྲང་པ་གཞོན་སྐྱེས་ ༨༠ ཐམ་པ་ཆེད་བཅར་ཞུས་འདུག དེ་རིང་ཚོགས་འདུ་དབུ་འབྱེད་ཀྱི་ཚོགས་མགོན་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་དམིགས་བསལ་སྐུ་མགྲོན་དུ་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག མངའ་སྡེའི་དབུས་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་སྐུ་ཞབས་ Kuldeep Chand ལགས་སོགས་གདན་ཞུས་ཕུལ་འདུག ཉིན་གསུམ་རིང་གི་ཞི་བདེའི་ལྷན་ཚོགས་ཀྱི་བརྗོད་གཞི་ In the path of Buddha and Gandhi འམ་སྟོན་པ་ཤཱཀྱ་ཐུབ་པ་དང་གྷན་དྷིའི་སྲོལ་གཏོད་པའི་ལམ་བུ་ཞེས་བཞག་ཡོད་པ་ལྟར་༸གོང་ས་མཆོག་གིས་སྐབས་དེར་རྒྱ་གར་གྱི་ས་གནས་གང་ས་ནས་ཕེབས་པའི་གྷན་དྷིའི་རྗེས་འབྲང་པ་གཙོ་གྱུར་འདི་གའི་ས་གནས་ཀྱི་མཐོ་རིམ་སློབ་མ་རྣམས་ལ་རྒྱ་གར་རང་ནས་བྱུང་བའི་འཚེ་མེད་ཞི་བའི་ལྟ་གྲུབ་དང་ཆོས་ལུགས་རིས་མེད་ཀྱི་ལྟ་གྲུབ། དཔལ་ནཱ་ལེནྡྲ་ནས་བརྒྱུད་པའི་ནང་པའི་སེམས་ཁམས་རིག་པ་དང་ཚད་མ་རིག་པའི་རྣམ་གཞག་སོགས་འཛམ་གླིང་རྒྱལ་ཁབ་སུ་གཅིག་ལ་མེད་པ་གནའ་བོའི་ཤེས་བྱ་དང་རིག་གཞུང་ཕྱུག་པོ་ཞིག་ཡོད་པ་དེའི་ཐོུང་མིན་པའི་ཁྱད་ཆོས་དང་། ལྷག་པར་དུ་དེང་གི་འཛམ་གླིང་འདིའི་ནང་རིག་གཞུང་དེ་དག་ཆེས་དགོས་ངེས་ཅན་ཞིག་དང་འབྲེལ་བ་ཆེན་པོ་ཞིག་ཆགས་ཡོད་པར་ལམ་སྟོན་རྒྱ་ཆེ་གནང་སོང་། སྒོས་སུ་མགོན་པོ་མཆོག་གིས་ལྷན་ཚོགས་ཀྱི་བརྗོད་གཞི་དང་འབྲེལ་རྒྱ་གར་གྱི་མེས་པོ་དམ་པ་བདག་ཉིད་ཆེན་པོ་གྷན་དྷི་མཆོག་དང་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་གསུང་སྐབས་རྒྱ་གར་གྱི་གནའ་བོའི་རིག་གཞུང་ཐོག་བསམ་བློ་འཁོར་དགོས་པ་དང་། རིག་གཞུང་དེ་དག་ལ་བརྟེན་ནས་སྐྱེས་ཆེན་དམ་པ་དེ་དག་བྱུང་ཡོད་སྟབས། ང་ཚོས་སྔོན་བྱོན་སྐྱེས་ཆེན་དམ་པ་ཚོར་གསོལ་བ་སྨོན་ལམ་འདེབས་པ་ཙམ་མ་ཡིན་པར་གཙོ་བོ་ཁོང་རྣམ་པས་དགོངས་བཞེས་དང་ཉམས་བཞེས་གང་གནང་འདུག་པ་དེ་ཤེས་པར་བྱེད་ནས་ལག་བསྟར་ཐུབ་དགོས་གལ་ཡིན་པ་གསུངས་ཡོད། ཁྱད་དུ་༸གོང་ས་མཆོག་གིས་ཚོགས་བཅར་བ་ཀུན་ལ་དྲན་སྐུལ་དུ་ལམ་སྟོན་གནང་པ་དང་འབྲེལ། ཅི་སྟེ་རྒྱ་གར་གྱི་གནའ་བོའི་རིག་གཞུང་ལ་དེ་དག་ལ་བརྟེན་ནས་གྷན་དྷི་དང་སངས་རྒྱས་སོགས་བསམ་བློ་བ་དང་ལྟ་གྲུབ་སྨྲ་བ་ཇེ་སྙེད་ཅིག་བྱུང་ཡོད་པ་བཞིན་དེ་རིང་སང་ཡང་རྒྱ་གར་གྱི་རིག་གཞུང་དེ་གནས་ཡོད་སྟབས་རྒྱ་གར་བའི་ཁྲོད་སངས་རྒྱས་ཤཱཀྱ་ཐུབ་པ་དང་བདག་ཉིད་ཆེན་པོ་གྷན་དྷི་ཇེ་མང་ཐོན་ཐུབ་པ་བྱེད་དགོས་པ་དང་། དེའང་དེང་དུས་ཀྱི་ཤེས་ཡོན་ཁོ་ན་མ་ཡིན་པར་རང་གི་གནའ་བོའི་རིག་གཞུང་ཟུང་དུ་འབྲེལ་ནས་ཡོང་དགོས་པར་བཀའ་ནན་གནང་སོང་། དབུ་འབྱེད་མཛད་སྒོའི་དེའི་ཐོག་ནས་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་༸གོང་ས་མཆོག་གི་༸སྐུའི་ཐུགས་བསྐྱེད་མཛད་འཁུར་གསུམ་དང་སྒོས་སུ་མགོན་པོ་༸གང་ཉིད་མཆོག་གིས་ཕྱི་ལོ་༡༩༦༧ ལོ་ནས་བཟུང་བོད་མིའི་རང་དབང་འཐབ་རྩོད་དེ་འཚེ་མེད་ཞི་བའི་ལམ་དུ་ལམ་སྟོན་བཀྲིན་བསྐྱངས་ཡོད་པ་སོགས་གསུང་བཤད་གནང་ཡོད་པ་རེད། ལྷན་ཚོགས་གོ་སྒྲིག་གནང་མཁན་ལྡི་ལིའི་ Gandhi Smriti འི་གྷན་དྷིའི་རྗེས་འབྲང་པ་བགྲེས་པ་སྐུ་ཞབས་ Laxmi Dass ལགས་ཀྱིས་ལྷན་ཚོགས་འདིའི་ཐོག་༸གོང་ཏཱ་ལའི་བླ་མ་མཆོག་གདན་ཞུ་གསོལ་འདེབས་ཞུ་དགོས་དོན་ནི་དེང་གི་དུས་འདིར་འཛམ་གླིང་ཞི་བདེ་གོང་འཕེལ་ཆེད་༸གོང་ས་མཆོག་ལས་ལྷག་པ་གཞན་སུ་གང་ཡང་མེད་པ་དང་། ༸གང་ཉིད་མཆོག་ནི་ཞི་བདེའི་ཕོ་ཉ་དང་ཞི་བདེའི་ངོ་བོ་མཚོན་ཐུབ་ཀྱི་ཡོད་སྟབས། འཛམ་གླིང་མང་ཚོགས་ཀུན་ཁྱབ་ལ་ཞི་བདེ་གོང་འཕེལ་གྱི་སེམས་ཤུགས་དང་སེམས་བསྐུལ། དེ་བཞིན་ལམ་སྟོན་གནང་ཐུབ་མཁན་༸གོང་ས་མཆོག་གཅིག་པུ་ཡིན་པ་གཟིགས་ཀྱི་ཡོད་ཅེས་གསུངས་སོང་། རྩ་བའི་ཉིན་གསུམ་རིང་གི་ལྷན་ཚོགས་འདིའི་ཁྲོད་རྒྱ་གར་མངའ་སྡེ་ཁག་ཅིག་ནས་ནས་ཕེབས་པའི་གྷན་དྷིའི་རྗེས་འབྲང་པ་བགྲེས་སོང་ཁག་ཅིག་དང་གྷན་དྷིའི་ལྟ་གྲུབ་ཐོག་ཞིབ་འཇུག་གནང་བཞིན་པའི་ཤེས་ཡོན་ཅན་ཁག་ཅིག་ནས་ཀྱང་གཏམ་བཤད་དང་ཚོགས་བཅར་བ་དང་ལྷན་དུ་དྲི་བ་དྲིས་ལན། དེ་བཞིན་གོ་བསྡུར་སྦྱང་བཤད་སོགས་གནང་གི་འདུག

བཞུགས་སྒར་དུ་རྒྱལ་གཅེས་པ་བསྟན་དགའ་ལགས་ཀྱི་ཆེད་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་གནང་པ།

ཉེ་ཆར་ཟླ་ ༡༡ ཚེས་ ༢༦ རེས་གཟའ་ཉི་མའི་ཉིན་བོད་ཁམས་དཀར་མཛེས་རྫོང་ཐོག་ཏུ་རང་ལོ་ ༦༣ ཙམ་ཡིན་པའི་དགེ་འདུན་པ་བསྟན་དགའ་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་སྟེ་རྒྱ་གཞུང་ལ་ཞི་རྒོལ་གནང་རྗེས་འདས་གྲོངས་སུ་གྱུར་ཡོད་སྟབས། བོད་མིའི་སྒྲིག་འཛུགས་ཀྱིས་དམ་པ་ཁོང་ལ་མྱ་ངན་གུས་འདུད་དང་གདུང་སེམས་མཉམ་བསྐྱེད་ཞུ་ཕྱིར་བཞུགས་སྒར་དུ་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་ཚོགས་གནང་སོང། དེ་རིང་ཟླ་ ༡༢ ཕྱི་ཚེས་ ༢ ཉིན་རྒྱབ་ཚོུད་ ༤།༠༠ སྟེང་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་ཀྱིས་གོ་སྒྲིག་འོག ལས་ཁུངས་ཁག་ལས་མཚམས་བཞག་སྟེ་ཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྐུ་ཕྱྭར་རྣམ་གྲྭ་ཕན་བདེ་ལེགས་བཤད་གླིང་གི་སློབ་དཔོན་ཟུར་པ་ཐུབ་བསྟན་ཆོས་འཕེལ་མཆོག་ཚོགས་མགོན་དུ་དབུ་གཞུགས་ཐོག་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དབུས་པའི་སྲི་ཞུ་བ་ད ང་དྷ་ས་བཅའ་བཞུགས་བོད་མི་སེར་སྐྱ་མང་ཚོགས་བཅས་ལྷན་འཛོམས་ཐོག་སྨོན་ལམ་གསུང་དོན་གནང་ནས་རྒྱལ་གཅེས་པ་བསྟན་དགའ་ལགས་དམ་པ་དེ་ཉིད་གཙོས་ད་བར་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་བོད་མི་སྐུ་སྲོག་ཤོར་བ་དང། ད་ལྟ་རྒྱ་གཞུང་གི་མནར་སྤྱོད་འོག་བཙོན་ཁང་སོགས་ཀྱི་ནང་སྡུག་སྦྱོང་མྱངས་དང་མྱོང་བཞིན་པ་ཡོད་པ་དེ་དག་ལ་རྗེས་དྲན་གྱི གདུང་སེམས་མཉམ་བསྐྱེད་ཞུས་སོང། སྐབས་དེར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་རྒྱལ་གཅེས་པ་བསྟན་དགའ་ལགས་ཀྱིས་གཙོས་པའི་ད་བར་བོད་དོན་ཆེད་སྐུ་སྲོག་བློས་བཏང་གནང་མཁན་ཡོངས་ལ་མྱ་ངན་གུས་འདུད་ཞུས་པ་དང་འབྲེལ། ད་ལྟའི་ཆར་ཁེ་ན་ཌ་གཙོས་པའི་མཉམ་འབྲེལ་ཚོགས་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཐོག་ཐུགས་སྣང་ཆེན་པོ་གནང་གི་འདུག་པ་དང་། རྒྱལ་སྤྱིའི་ཁྱོན་ཡོངས་ནས་བོད་མི་རང་སྲེག་གནང་མཁན་ཚོའི་ཞི་རྒོལ་དེ་དག་ནི་འཚེ་བ་མེད་པ་ཡིན་པ་དང་། ཁོང་རྣམ་པའི་མངོན་འདོད་ཁག་ལ་ངེས་པར་ཐུགས་སྣང་དང་རྟོག་ཞིབ་གནང་སྐྱོང་ཡོང་བའི་འབོད་སྐུལ་ནན་པོ་ཞུས་སོང་། དེ་བཞིན་རྒྱ་གཞུང་གི་འགོ་ཁྲིད་ཚོའི་ངོས་ནས་༸གོང་ས་མཆོག་གི་དགོངས་པ་ལྟར་དབུ་མའི་ལམ་གྱི་ཐོག་ནས་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཞིག་གནང་རྒྱུའི་དུས་བབ་ཡོད་པ་གསུངས་སོང་། རྩ་བའི་བོད་ནང་ཕྱི་ལོ་ ༢༠༠༩ ནས་བཟུང་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དྲག་པོའི་སྲིད་བྱུས་ལ་ངོ་རྒོལ་ཆེད་གྲྭ་བསྟན་དགའ་ལགས་གཙོས་པའི་ད་བར་ཁྱོན་བོད་མི་ ༡༥༠ ནས་རང་ལུས་མེར་སྲེག་གནང་ཡོད་པ་དང་། ལྷག་དོན་འདི་ལོ་གཅིག་པོའི་ནང་བོད་མི་ ༥ ཡིས་རང་སྲེག་གནང་ཡོད་པ་མ་ཟད། ད་རེས་རང་ལུས་མེར་སྲེག་གནང་མཁན་གྲྭ་བསྟན་དགའ་ལགས་དཀར་མཛེས་རྫོང་ཐོག་ནས་རང་སྲེག་གནང་མཁན་གསུམ་པ་དེ་ཆགས་ཀྱི་ཡོད་པ་རེད།

Latest news