Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: September, 2020

ཚོགས་གཙོ་སྦྲེལ་པོ་གཙོས་པའི་སྤྱི་འཐུས་རྒྱུན་ལས་༡༡ གྱི་འོས་བསྡུའི་འདེམས་བྱེད་ཀྱི་ཐོབ་ཐང་བཀག་བསྐྱིལ་གནང་འདུག

བོད་མིའི་སྒྲིག་འཛུགས་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་དེ་རིང་ཕྱི་ཚེས་ ༢༥ ཉིན་སྤྱི་འཐུས་རྒྱུན་ལས་ལྷན་ཚོགས་ཀྱི་ཚོགས་མི་གྲངས་ ༡༡ ནས་བསམ་བཞིན་དུ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་བརྩི་མེད་བྱས་པའི་བྱེད་འཛོལ་ལ་ཆད་འགེལ་གྱི་ཐོག དེ་རིང་ནས་བཟུང་ཕྱི་ལོ་ ༢༠༢༡ ཕྱི་ཟླ་ ༣ ཚེས་༡༡ ཉིན་བར་ཚོགས་གཙོ་སྦྲེལ་པོས་གཙོས་པའི་སྤྱི་འཐུས་རྒྱུན་ལས་རྣམ་པའི་འོས་བསྡུའི་འདེམས་བྱེད་ཀྱི་ཐོབ་ཐང་བཀག་བསྐྱིལ་གནང་འདུག དེ་ཡང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་དེ་སྔོན་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༠ པ་དེ་བཞིན་འདི་ལོའི་ཕྱི་ཟླ་ ༩ ཚེས་ ༡༦ ནས་ཚེས་ ༢༤ བར་ལས་དུས་ཉིན་གྲངས་བརྒྱད་རིང་འཚོགས་རྒྱུའི་གསལ་བསྒྲགས་བྱས་ཡོད་ཀྱང་། སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྦྲེལ་པོ་མཆོག་གིས་འདི་ལོའི་ཕྱི་ཟླ་ ༨པའི་ཚེས་ ༡༧ ཉིན་གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་དང་འབྲེལ། གྲོས་ཚོགས་ཚོགས་དུས་ ༡༠ པ་དེ་བཞིན་དེ་ཕྱི་ལོ་ ༢༠༢༡ ཟླ་ ༣ པའི་བར་ཕར་འགྱང་གནང་ཡོད་པར་ཡོངས་གྲགས་གནང་ཡོད་པ་རེད།  སྐབས་དེར་ཚོགས་གཙོ་སྤྲེལ་པོས་ཐག་གཅོད་དེ་ལྟར་གནང་དགོས་པའི་རྒྱུ་མཚན་དུ་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་ཏོག་དབྱིབས་གཉན་རིམས་ཁྱབ་བརྡལ་སོང་བའི་རྐྱེན་གྱིས་འཛམ་གླིང་ཁྱོན་གྱི་གནས་སྟངས་ཛ་དྲག་ཆེས་ཆེར་འགྱུར་བཞིན་པ་དང་། ལྷག་དོན་དྷ་རྨ་ས་ལ་ནི་༸རྒྱལ་བའི་བཞུགས་སྒར་ཡིན་སྟབས་ང་ཚོས་གང་ཅིའི་ཐད་འགན་ཁུར་བྱ་དགོས་པ་དང་། གྲོས་ཚོགས་འཚོགས་རྒྱུའི་དབང་དུ་བཏང་ཡང་རྒྱལ་སྤྱིའི་འགྲུལ་བཞུད་སྒོ་རྒྱ་བསྡམས་རྐྱེན་རྒྱ་གར་ལས་གཞན་པའི་ཕྱི་རྒྱལ་དུ་ཡོད་པའི་སྤྱི་འཐུས་མང་ཆེ་བ་ཕེབས་མི་ཐུབ་པ་དང་། རྒྱ་གར་ནང་ནས་ཀྱང་སྤྱི་འཐུས་ཇི་ཙམ་ཕེབས་ཀྱི་ཡོད་མེད་རྟོགས་དཀའ་སྟབས་ཐག་གཅོད་དེ་ལྟར་གནང་ཡོད་སྐོར་གསུངས་ཡོད་པ་རེད། འོན་ཀྱང་དེ་རིང་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་གནད་དོན་དེའི་ཐོག་ཤོག་གྲངས་ ༡༣ ཅན་གྱི་ཐག་གཅོད་བཀའ་ཁྱབ་ཅིག་ཡོངས་གྲགས་གནང་བའི་ནང། སྤྱི་འཐུས་རྒྱུན་ལས་ལྷན་ཚོགས་ཀྱི་ཚོགས་མི་མི་གྲངས་ ༡༡ གིས་བསམ་བཞིན་དུ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་བརྩི་མེད་བྱས་པར་འགྲེལ་བརྗོད་གནང་ཡོད་པ་དང་། བཀོད་ཁྱབ་འདིའི་ནང་གསལ་ལྟར་ན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གྲོས་ཚོགས་ཚོགས་དུས་བཅུ་པ་ཕྱི་ཟླ་ ༣ བར་ཕྱིར་འགྱངས་བྱ་རྒྱུའི་ཐག་གཅོད་ཡོངས་གྲགས་གནང་འཕྲལ། ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཕྱི་ཟླ་ ༨ པའི་ཚེས་ ༢༡་ཉིན་ཚོགས་གཙོ་སྦྲེལ་པོ་བརྒྱུད་སྤྱི་འཐུས་ལྷན་ཚོགས་ལ་བཀའ་ཁྱབ་གནང་སྟེ། སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུ་ཕྱི་ཟླ་ ༣ པའི་བར་ཕྱིར་འགྱངས་གནང་བ་དེ་ནི་བཅའ་ཁྲིམས་དོན་ཚན་ ༤༠ པར་འགལ་འཛོལ་བྱུང་ཡོད་སྟབས། ཐག་གཅོད་དེ་ཁྲིམས་འགལ་ཡིན་པར་ངོས་འཛིན་གྱིས་ནུས་མེད་དུ་བཏང་ཡོད་པ་མ་ཟད། སྤྱི་འཐུས་རྒྱུན་ལས་ལྷན་ཚོགས་ནས་འཕྲལ་དུ་ཁྲིམས་འགལ་ཆགས་པའི་གསལ་བསྒྲགས་དེ་ཕྱིར་འཐེན་དང་། འདི་ལོའི་ཕྱི་ཟླ་ ༩ ཚེས་ ༤ འགྱངས་མེད་བཅའ་ཁྲིམས་ཀྱི་བཀའ་རྒྱ་ལག་བསྟར་ཐུབ་པའི་ཐབས་ལམ་མ་བསྟེན་ཚེ། ཁྲིམས་ཡིག་གི་ཆ་རྐྱེན་གཞིར་བཟུང་བཅའ་ཁྲིམས་ཀྱིས་བསྐུར་བའི་ལས་འགན་མ་བསྒྲུབ་པ་དང་བོད་ཀྱི་ཡུལ་མིའི་ལས་འགན་མ་བླངས་བའི་བྱེད་འཛོལ་ལ་དམིགས་པའི་ཆད་འགེལ་བྱེད་དགོས་ཆགས་རྒྱུ་ཡིན་པ་གསུངས་ཡོད་པ་རེད་འདུག འོན་ཀྱང་སྤྱི་འཐུས་རྒྱུན་ལས་ལྷན་ཚོགས་ཀྱིས་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་རྒྱུན་ལས་ལྷན་ཚོགས་ཀྱིས་ཁྲིམས་འགལ་གང་ཡང་བྱས་མེད་པའི་གསལ་འདེབས་དང་། ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་གསལ་འདེབས་ཡི་གེ་དེ་ཕྱིར་སློག་གིས་བརྡ་ཐོ་གཏང་ཡོད་པ་དེ་ལྟར་ཡང་། སྤྱི་འཐུས་རྒྱུན་ལས་ལྷན་ཚོགས་ནས་བསྐྱར་དུ་གསལ་འདེབས་དེ་འབུལ་བསྐུར་གནང་བ་མ་ཟད། ཁྲིམས་ཞིབ་ཁང་གི་བཀའ་ཁྱབ་དང་། བརྡ་ཐོ་བཅས་ཕྱིར་སློག་གནང་ཡོད།  ཁྲིམས་ཞིབ་ཁང་གིས་དེའི་རྗེས་སླར་ཡང་ཕྱི་ཟླ་ ༨ ཚེས་ ༣༡་ཉིན་སྤྱི་འཐུས་རྒྱུན་ལས་ལ་ཁྲིམས་ཞིབ་ཁང་གི་བཀའ་ཁྱབ་ཉམས་ལེན་དགོས་པའི་བརྡ་ཐོ་གཉིས་པ་བཏང་ཡོད་ཀྱང་། སྤྱི་འཐུས་རྒྱུན་ལས་ནས་ཁྲིམས་ཀྱི་བྱ་རིམ་བརྩི་མེད་ཡོང་བའི་ཞུ་སྐུལ་གནང་རྗེས། ཁྲིམས་ཞིབ་ཁང་གིས་ཕྱི་ཟླ་ ༩ ཚེས་༤ ཉིན་ཞུ་སྐུལ་ངོ་བཞེས་གནང་ཐབས་མེད་པ་དང་། ཆད་འགེལ་ཕོག་རྒྱུའི་བཀའ་ཁྱབ་བཏང་འདུག ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་དེ་རིང་གི་བཀའ་ཁྱབ་ནང་སྤྱི་འཐུས་རྒྱུན་ལས་ཀྱི་ཐག་གཅོད་དེ་ནི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་༤༠ ནང་གསལ།ཚོགས་འདུ་སྔོན་མ་གྲོལ་བ་ནས་ཟླ་དྲུག་ནང་ཚུན་ཚོགས་འདུ་རྗེས་མ་དབུ་ཚུགས་ཟིན་པ་དགོས་རྒྱུ་ཞེས་གསལ་བའི་དགོངས་དོན་བརྡལ་བཤིག་བྱས་པ་ཞིག་ཡིན་པ་དང་། སྤྱི་འཐུས་རྒྱུན་ལས་ལྷན་ཚོགས་ཀྱིས་བཅའ་ཁྲིམས་དོན་ཚན་ ༤༠ པའི་དགོངས་དོན་ལག་བསྟར་མ་བྱས་པའི་རྒྱུ་མཚན་གང་བཀོད་པ་དེ་བཅའ་ཁྲིམས་འགྲེལ་ལོག་བྱས་པ་ཞིག་དང་། ཏོག་དབྱིབས་གཉན་རིམས་ལ་ཁ་བཏགས་པ་དེ་ནི་གཞི་རྩ་མེད་པའི་སྐད་ཆ་ཞིག་ཡིན་པར་གསུངས་འདུག ལྷག་པར་རྒྱ་གར་དབུས་དང་མངའ་སྡེའི་གྲོས་ཚོགས་ཙམ་མ་ཟད། འཛམ་གླིང་ཁྱོན་དུ་རྒྱལ་ཁབ་བརྒྱ་ཁྲག་ལྷག་གིས་གཉན་རིམས་སྔོན་འགོག་གི་ཐབས་ཤེས་བསྟེན་པའི་ཐོག་ནས་ངོ་འཛོམས་སམ། དྲ་ལམ་སོགས་རྣམ་པ་ཅི་རིགས་ཀྱི་སྒོ་ནས་གྲོས་ཚོགས་བསྡུ་སྐོང་བྱས་ཡོད་པའི་ཁྲོད། སྤྱི་འཐུས་ལྷན་ཚོགས་ཀྱིས་ཚོགས་འདུ་བསྐོང་ན་རྒྱལ་སྤྱིའི་ཁྲིམས་ལུགས་དང་ཡུལ་ཁྲིམས་ལ་འགལ་གྱི་ཡོད་ལུགས་བསྒྲགས་པ་དེ་ནི་གཞི་རྩ་མེད་པའི་སྐད་ཆ་ཡིན་པ་དང་། སྤྱི་འཐུས་ལྷན་ཚོགས་ནས་ཐོག་མར་ཚོགས་འདུ་བསྡུ་སྐོང་བྱས་ཏེ་ཉུང་མཐའི་གྲངས་ཚད་ལོངས་མིན་ལྟ་དགོས་པ་ལས། ཁྲིམས་འགལ་གྱི་ཐོག་ནས་ཚོགས་འདུ་ཕྱིར་འགྱངས་ཀྱི་ཐག་གཅོད་བྱས་ཟིན་པ་ཞིག་ལ་ཉུང་མཐའི་གྲངས་ཚད་ལོངས་མིན་བརྩི་ས་མེད་པ་དང་། དབང་ཚད་དེ་ལག་བསྟར་བྱེད་སའང་མེད་པར་གསུངས་འདུག མ་ཟད་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུ་ཕྱི་ལོ་ ༢༠༢༡ ཕྱི་ཟླ་ ༣ པའི་བར་ཕྱིར་འགྱངས་བྱས་པ་དེ་དོན་ལ་དུས་ཡུན་ངེས་ཅན་ཞིག་ཏུ་ཕྱིར་འགྱངས་བྱས་པ་མ་ཡིན་པར། སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུ་ཕྱིར་བསྡུ་བྱས་པའམ་མེད་པར་བཟོས་པ་ལྟ་བུ་ཞིག་ཆགས་ཡོད་པ་དང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་སུ་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུ་ཕྱིར་བསྡུ་འམ། མེད་པ་བཟོ་ཆོག་པའི་དབང་ཚད་སྤྱི་འཐུས་ལྷན་ཚོགས་ལ་བསྐུར་མེད་པ་སོགས་རྒྱུ་མཚན་ཁག ༢༠ བཀོད་གནང་སྟེ། སྤྱི་འཐུས་རྒྱུན་ལས་ལྷན་ཚོགས་ནས་བཅའ་ཁྲིམས་སུ་ཐབས་ཤེས་དང་ལམ་ཁ་བསྟེན་ཕྱོགས་ཡོད་བཞིན་དུ། བཅའ་ཁྲིམས་ཀྱིས་བསྐུར་བའི་ལས་འགན་མ་བསྒྲུབ་པ་དང་བོད་ཀྱི་ཡུལ་མིའི་ལས་འགན་མ་བླང་འགྲེལ་བརྗོད་གནང་ཡོད་པ་རེད། བཀའ་ཁྱབ་ནང་ཚོགས་གཙོ་སྦྲེལ་པོ་དབུས་པའི་སྤྱི་འཐུས་རྒྱུན་ལས་ ༡༡ ནས་བསམ་བཞིན་དུ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་བརྩི་མེད་བྱས་པའི་བྱེད་འཛོལ་ཆད་འགེལ་དང་སྦྲགས། སྤྱི་འཐུས་རྒྱུན་ལས་ཀྱི་ཚོགས་མི་མི་གྲངས་ ༡༡ ལ་དེ་རིང་བཀའ་ཁྱབ་བཏང་ཚེས་ནས་བཟུང་ཕྱི་ལོ་ ༢༠༢༡ ཕྱི་ཟླ་ ༣ ཚེས་ ༡༡ ཉིན་བར་ སྲིད་སྐྱོང་དང་། བོད་མི་མང་སྤྱི་འཐུས་རྣམས་དང་ཚོགས་གཙོ་ཚོགས་གཞོན། ས་གནས་འཐུས་ཚོགས་ཀྱི་ཚོགས་མི་རྣམས་དང་ཚོགས་གཙོ་ཚོགས་གཞོན། ས་གནས་འོས་བསྡུའི་ཚོགས་མི་དང་ཟུར་དཔང་ལ་སོགས་པའི་ལས་དོན་གལ་ཆེ་མང་མོས་འོས་བསྡུ་བཅས་ཀྱི་གཞུང་འབྲེལ་འོས་བསྡུའི་འདེམས་བྱེད་ཀྱི་ཐོབ་དབང་བཀག་བསྐྱིལ་གནང་རྒྱུའི་བཀའ་ཁྱབ་གནང་ཡོད་པ་རེད། སྤྱིར་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་དེ་རིང་གི་བཀའ་ཁྱབ་འདིའི་ནང་སྤྱིར་བཅའ་ཁྲིམས་ནང་སྤྱི་འཐུས་སུ་རུང་ནས་སྤྱི་འཐུས་ལྷན་ཚོགས་སམ་དེའི་ཚོགས་ཆུང་གང་རུང་ནང་གྲོས་མོལ་གླེང་ཕྱོགས་དང་། འོས་བསྡུ་བྱེད་སྟངས་འགྲིག་མིན་གྱི་སྐོར་ལ་སུས་ཀྱང་ཁྲིམས་ཞིབ་ཁང་དུ་ཞུ་གཏུགས་མི་ཆོག་ཅེས་པ་དང་། སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་གང་ཞིག་ཚད་ལྡན་ཡིན་མིན་དང་ཐག་གཅོད་བྱེད་ཕྱོགས་ལྷན་ཚོགས་ཀྱི་སྒྲིག་གཞི་དང་མཐུན་མིན་ལ་བསྙད་དེ་ཁྲིམས་ཞིབ་ཁང་ནས་རྩད་གཅོད་མི་ཆོག་ཅེས་གསལ་བ་ལུང་དྲངས་ཏེ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྱབ་ཚད་ལ་རྩོད་སློང་བྱེད་པ་ནི་ཁྲིམས་ཀྱི་འགན་ཁུར་གཡོལ་ཐབས་སུ་བཅའ་ཁྲིམས་ཀྱི་གོ་དོན་ལ་འགྲེལ་ལོག་བརྒྱབས་པ་ཞིག་ཡིན་སྐོར་གསུངས་འདུག

སྤྱི་འཐུས་རྒྱུན་ལས་ལྷན་ཚོགས་ཀྱི་ཚོགས་མི་གྲངས་ ༡༡ ནས་བསམ་བཞིན་དུ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་རྩིས་མེད་བྱས་པའི་བྱེད་འཛོལ་ལ་ཆད་འགེལ་གྱི་ཐག་གཅོད་བཀའ་ཁྱབ་ཅིག་གནང་འདུག

བོད་མིའི་སྒྲིག་འཛུགས་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་དེ་རིང་ཕྱི་ཚེས་ ༢༥ ཉིན་སྤྱི་འཐུས་རྒྱུན་ལས་ལྷན་ཚོགས་ཀྱི་ཚོགས་མི་གྲངས་ ༡༡ ནས་བསམ་བཞིན་དུ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་རྩིས་མེད་བྱས་པའི་བྱེད་འཛོལ་ལ་ཆད་འགེལ་གྱི་ཐག་གཅོད་བཀའ་ཁྱབ་ཅིག་གནང་འདུག དེའང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོས་གཙོས་པའི་སྤྱི་འཐུས་རྒྱུན་ལས་བཅས་ཁྱོན་མི་གྲངས་ ༡༡ ལ་བཀའ་ཁྱབ་འདི་བཏང་ཚེས་ནས་བཟུང་ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༡༡ ཉིན་བར་སྲིད་སྐྱོང་དང་།་བོད་མི་མང་སྤྱི་འཐུས་རྣམས་དང་ཚོགས་གཙོ་ཚོགས་གཞོན། ས་གནས་འཐུས་ཚོགས་ཀྱི་ཚོགས་མི་རྣམས་དང་ཚོགས་གཙོ་ཚོགས་གཞོན། ས་གནས་འོས་བསྡུའི་ཚོགས་མི་དང་ཟུར་དཔང་ལ་སོགས་པའི་ལས་དོན་གལ་ཆེ་མང་མོས་འོས་བསྡུ་བཅས་ཀྱི་གཞུང་འབྲེལ་འོས་བསྡུའི་འདེམས་བྱེད་ཀྱི་ཐོབ་དབང་བཀག་བསྐྱིལ་གནང་རྒྱུའི་བཀོད་ཁྱབ་གནང་འདུག ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཆད་འགེལ་གྱི་ཐག་གཅོད་གནང་བའི་བཀའ་ཁྱབ་སྤེལ་བའི་དྲྭ་སྣེ་གཤམ་གསལ། ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་སྤྱི་འཐུས་རྒྱུན་ལས་ཀྱི་ཚོགས་མི་གྲངས་༡༡ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་བརྩི་མེད་བྱས་པའི་བྱེད་འཛོལ་ལ་ཆད་འགེལ་གྱི་ཐག་གཅོད་བཀའ་ཁྱབ།

༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་སྤྱི་རིམ་གསལ་བསྒྲགས་ཤིག་གནང་འདུག

དེ་རིང་༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་༸སྐུ་སྒེར་བོད་ཡིག་དྲྭ་རྒྱའི་ཐོག་སྐྱེ་འགྲོའི་སྤྱི་མཐུན་ལས་ཀྱིས་སྨིན་པའི་འཛམ་གླིང་འདིའི་ནད་ཡམས་འཁྲུག་རྩོད་ཞི་བ་དང་སྐྱེ་འགྲོའི་བསོད་ནམས་གསོག་ཕྱིར་བླ་ལྷའི་ཐུགས་དམ་དགོངས་དོན་བཞིན་གཟུངས་སྔགས་ཁག་ཅིག་གསོག་སྒྲུབ་གནང་དགོས་གལ་ཡིན་པའི་གསལ་བསྒྲགས་ཤིག་གནང་འདུགསྤྱི་རིམ་གསལ་བསྒྲགས་གནང་བ་དེའི་ནང་དུ་དེང་གི་ཆར་ཡང་སྐྱེ་འགྲོའི་སྤྱི་མཐུན་ལས་ཀྱིས་སྨིན་པའི་འཛམ་གླིང་འདིའི་ནད་ཡམས་འཁྲུག་རྩོད་ཞི་བ་དང་སྐྱེ་འགྲོའི་བསོད་ནམས་གསོག་ཕྱིར། བླ་ལྷའི་ཐུགས་དམ་དགོངས་དོན། མང་ཚོགས་སྤྱི་བྱིངས་ནས་རྒྱུན་དུ་འཕགས་མཆོག་ཐུགས་རྗེ་ཆེན་པོའི་གཟུངས་སྔགས་ཡིག་དྲུག་དང། ཏཱ་རེའི་བསྟོད་པ། འཕགས་མ་སྒྲོལ་མའི་གཟུངས་སྔགས། འཕགས་པ་ཡངས་པའི་གྲོང་ཁྱེར་དུ་འཇུག་པའི་མདོ་ཆེན་པོ་རྒྱུན་བསྲིངས་བསྒྲུབ་དགོས་ཕེབས་བྱུང་ན། གཟུངས་སྔགས་ཁག་མང་ཚོགས་རང་རང་སོ་སོ་ནས་དང། དེ་བཞིན་གཞན་དགོན་སྡེ་ཁག་ནས་རང་དོན་རང་གཅེས་ཀྱིས་བསྒྲུབ་གལ་ཆེ་བའི་འབོད་སྐུལ་དུ་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༢༥ ལ་ཞེས་ཡོངས་ཁྱབ་གནང་འདུག

མང་གཙོའི་རྒྱལ་ཁབ་འདྲ་མིན་གྱི་རྩ་ཁྲིམས་ཕྱོགས་བསྡུས་ཀྱི་དཔེ་དེབ་དབུ་འབྱེད།

དེ་རིང་ཕྱི་དྲོ་ཕྱག་ཚོད་གསུམ་པའི་ཐོག་བཞུགས་སྒར་གྱི་ནོར་བུ་མགྲོན་ཁང་གི་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་ཕྱོགས་བསྒྲིགས་གནང་བའི་དཔེ་དེབ་མང་གཙོའི་རྒྱལ་ཁབ་འདྲ་མིན་གྱི་རྩ་ཁྲིམས་ཕྱོགས་བསྡུས་ཞེས་པ་དེ་དབུ་འབྱེད་གནང་སོང་།དེ་རིང་གི་དཔེ་དེབ་དབུ་འབྱེད་ཀྱི་མཛད་སྒོའི་སྟེང་དུ་སྐུ་མགྲོན་གྱི་གཙོ་བོར་མཁས་དབང་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་གཙོ་བྱས་པའི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཨརྱ་ཚེ་དབང་རྒྱལ་པོ་ལགས་དང་སྤྱི་འཐུས་ལས་ཐོག་ཁག་ཅིག དེ་བཞིན་བཞུགས་སྒར་ཁུལ་གྱི་ཚོགས་སྐྱིད་རྣམས་ཀྱི་སྐུ་ཚབ་སོགས་ཀྱི་མཚོན་པའི་མང་ཚོགས་ལྔ་བཅུ་ལྷག་ཅིག་འདུ་འཛོགས་གནང་སྟེ་ཚོགས་གཞོན་མཆོག་གི་དཔེ་དེབ་དེ་དབུ་འབྱེད་དང་ངོ་སྤྲོད་གནང་ཡོད།དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་ཐོག་མར་དཔེ་དེབ་དབུ་འབྱེད་དང་འབྲེལ་བའི་གཏམ་བཤད་སྤེལ་ཏེ། སྤྱི་ཡོངས་ཀྱི་ཆ་ནས་རྒྱལ་ཁབ་ཙམ་དུ་མ་ཟད་ཚོགས་པ་སྒྲིག་འཛུགས་ཚུན་ཆད་དུ་ཡང་ཞི་མཐུན་མཉམ་གནས་བྱེད་པར་ཁྲིམས་ཀྱི་དབང་བསྒྱུར་དེ་གལ་ཆེན་ཡིན་སྐོར་དང་འབྲེལ་ནས་ཁྲིམས་ལུགས་ཡོད་ཚད་ཀྱི་མ་དཔེ་ལྟ་བུ་དེ་རྒྱལ་ཁབ་ཀྱི་རྩ་་ཁྲིམས་ཆགས་ཀྱི་ཡོད་ལུགས་འགྲེལ་བརྗོད་ཀྱིས། ཐེངས་འདིར་ཚོགས་གཞོན་མཆོག་གིས་ཕྱོགས་བསྒྲིགས་གནང་བའི་ཕྱག་དེབ་འདིའི་ནང་དུ་རྒྱལ་ཁབ་འདྲ་མིན་ཉིས་བརྒྱ་ལྷག་གི་མང་གཙོ་དང་རྩ་ཁྲིམས་ཀྱི་སྐོར་ནས་ཞིབ་འབྲི་གནང་ཡོད་པ་དེ་ཀློག་བདེ་ཞིང་གོ་སླ་བ་སོགས་ཀྱི་ཁྱད་ཆོས་ལྡན་ཡོད་ལུགས་ངོ་སྤྲོད་ཀྱིས་ཆབ་སྲིད་དང་གྲོས་ཚོགས་སོགས་ཀྱི་སྐོར་ལ་དོ་སྣང་ཡོད་མཁན་རྣམས་ཀྱིས་དཔེ་དེབ་དེར་གཟིགས་ན་དགེ་ཕན་ཆེན་པོ་ཡོད་ལུགས་ངོ་སྤྲོད་གནང་སོང་།དེ་བཞིན་ཚོགས་གཞོན་མཆོག་གིས་རྒྱབ་ཁབ་ཀྱི་ངོ་བོ་དང་མང་གཙོའི་བྱུང་བ། དེ་བཞིན་མང་གཙོའིརྒྱལ་ཁབ་ནང་གི་རྩ་ཁྲིམས་རང་བཞིན་སྣ་ཚོགས་སོགས་ཀྱི་ལེའུ་བཅོ་ལྔ་ཡི་བདག་ཉིད་དུ་གྱུར་བའི་དཔེ་དེབ་ཀྱི་ས་བཅད་རེ་རེ་རགས་བསྡུས་སུ་ངོ་སྤྲོད་གནང་བ་དང་སྦྲགས། སྤྱི་ཡོངས་ཀྱི་ཆ་ནས་དཔེ་དེབ་དུ་གཞུང་ལུགས་དང་དཔེ་མཚོན་གཉིས་མཉམ་སྦྱར་གྱིས་བྲིས་པ་ཞིག་ཡིན་ལུགས་དང་སྦྲགས། ཐེངས་འདིར་དཔེ་དེབ་པར་སྐྲུན་གྱི་འགྲོ་སོང་གི་མ་དངུལ་ཡོད་ཚད་ཁོང་གི་སློབ་ཕྲུག་རྣམས་ཀྱིས་སྦྱིན་བདག་གནང་བར་ཐུགས་རྗེ་ཆེ་ཞུས་སོང་། མཐའ་མར་དེ་རིང་གི་དཔེ་དེབ་དབུ་འབྱེད་ཀྱི་སྐུ་མགྲོན་གཙོ་བོ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཚོགས་གཞོན་མཆོག་གིས་མང་ཚོགས་རང་གིས་གོ་བདེ་བའི་མང་གཙོའི་བྱུང་རབས་དང་རྩ་ཁྲིམས་འདྲ་མིན་གཤིབ་བསྡུར་གྱིས་དཔེ་དེབ་ཅིག་བྲིས་གནང་བར་བསྔགས་བརྗོད་གནང་བ་དང་སྦྲགས། དེང་གི་ཆ་འདིར་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་དབུ་འཛུགས་གནང་བ་དང་བསྟུན་ནས་བོད་པའི་སྤྱི་ཚོགས་ཀྱི་ནང་དུ་རྒྱ་ནག་གིས་ནང་དཀྲུག་བྱེད་འགོ་བཙུགས་ཡོད་པར་བརྟེན། མང་ཚོགས་ཀྱིས་ཐུགས་གཟབ་བྱེད་དགོས་གལ་ཡིན་པའི་རེ་སྐུལ་དང་ལྷན་དུ། བོད་མི་རྣམས་ཀྱིས་སྤྱི་ཚོགས་དྲ་ལམ་ནས་ནང་ཁུལ་གྱི་རྙོག་གླེང་རིགས་ཁོ་ན་ཁྱབ་སྤེལ་བྱེད་རྒྱུ་མཚམས་འཇོག་གིས། བོད་མིའི་རྩ་དོན་གྱི་སྒང་ལ་རྡོག་རྩ་གཅིག་སྒྲིལ་གྱིས་ནུས་ཤུགས་འདོན་རྒྱུ་གལ་ཆེན་ཡིན་པའི་འབོད་སྐུལ་གནང་སོང་། གཞི་རྩའི་ཐེངས་འདིའི་ཚོགས་གཞོན་མཆོག་གི་མང་གཙོའི་རྒྱལ་ཁབ་འདྲ་མིན་གྱི་རྩ་ཁྲིམས་ཕྱོགས་བསྡུས་ཀྱི་དཔེ་དེབ་འདིར་ཤོག་གྲངས་ ༨༨ དང་ས་བཅད་བཅོ་ལྔ་ཡིས་གྲུབ་ཡོད་པ་ཞིག་རེད་འདུག

རྒྱ་བལ་འབྲུག་གསུམ་གྱི་ཕྱི་ལོགས་སུ་གནས་པའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་སྐོར་གྱི་གཞི་རིམ་ཉམས་ཞིབ་དེབ་ཞིག་དབུ་འབྱེད་གནང་བ།

དེ་རིང་སྔ་དྲོ་ཆུ་ཚོད་ ༡༡་༣༠ ཐོག་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་རྣམ་གཉིས་ལྷན་ཞུགས་ཐོག་གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་གནང་བ་དང་སྦྲགས་ཏེ་སྲིད་སྐྱོང་མཆོག་ནས་རྒྱ་བལ་འབྲུག་གསུམ་གྱི་ཕྱི་ལོགས་སུ་གནས་པའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་སྐོར་གྱི་གཞི་རིམ་ཉམས་ཞིབ་དེབ་ཞིག་དབུ་འབྱེད་གནང་སོང་། གཞི་རིམ་ཉམས་ཞིབ་དེབ་འདི་ནི་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་ཁྱབ་ཁོངས་སྤྱི་ཚོགས་ཡར་རྒྱས་ཐེབས་རྩས་རྐང་འགན་བཞེས་ཐོག་ཨ་རི་ནང་གནས་བཞུགས་བསྟན་འཛིན་སྒྲོལ་དཀར་ལགས་དང་དབྱིན་ཡུལ་ནང་གནས་བཞུགས་བློ་བཟང་ཆོས་སྒྲོན་བསམ་གཏན་ལགས་གཉིས་ཀྱིས་ཉམས་ཞིབ་གནང་སྟེ་ཕྱོགས་སྒྲིག་གནང་བ་ཞིག་ཡིན་པ་དང་། དེབ་འདིའི་ནང་རྒྱ་བལ་འབྲུག་གསུམ་ཕུད་པའི་བཙན་བྱོལ་བོད་མིའི་གནས་ཡུལ་ཡོ་རོབ་ཁུལ་གྱི་རྒྱལ་ཁབ་ཉི་ཤུ་ལྷག་དང་བྱང་ཨ་རི་ཁུལ་གྱི་ས་གནས་ཁག དེ་བཞིན་ཤར་ཨེ་ཤ་ཡའི་མངའ་ཁུལ་གྱི་རྒྱལ་ཁབ་བཅས་སུ་ཡོད་པའི་བོད་པའི་མི་འབོར་གྱི་གནས་སྟངས་དང་། ས་གནས་དེ་དག་ནང་ཡོད་པའི་བོད་རིགས་ཚོགས་པ། བོད་རིགས་སྤྱི་མཐུན་ཚོགས་པ། དེ་བཞིན་བོད་རིགས་མི་མང་ཚོགས་པ་སོགས་ཀྱི་ད་ལྟའི་གནས་སྟངས་དང་མ་འོངས་ཡར་རྒྱས་གཏོང་ཕྱོགས། ས་གནས་དེ་དག་ནང་གི་བོད་མི་རྣམས་བོད་མིའི་སྒྲིག་འཛུགས་དང་འབྲེལ་བ་ཇེ་བཟང་གཏོང་ཐབས་དང་། སློབ་མ་དང་གཞོན་སྐྱེས་ཚོར་དམིགས་པའི་ས་གནས་སོ་སོའི་གཟའ་མཇུག་སློབ་གྲྭ་དགོས་གལ་སོགས་ཀྱི་ཐོག་ཞིབ་འཇུག་གནང་བའི་སྙན་ཐོ་ཁག་ཁ་གསལ་འཁོད་ཡོད་པ་རེད། སྲིད་སྐྱོང་མཆོག་གིས་དབུ་འབྱེད་གནང་བའི་རྒྱ་བལ་འབྲུག་གསུམ་གྱི་ཕྱི་ལོགས་སུ་གནས་པའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་སྐོར་གྱི་གཞི་རིམ་ཉམས་ཞིབ་སྙན་ཐོ་ནང་གསལ་ལྟར་བྱས་ན་ད་ལྟའི་ཆར་ཡོ་རོབ་ཁུལ་གྱི་རྒྱལ་ཁབ་ ༢༠ ནང་ཁྱོན་བོད་མི་ ༢༤༡༧༢ དང་ནིའུ་ཛི་ལཊ་དང་ཨོ་སི་ཊོ་ལི་ཡ། དེ་བཞིན་ཉི་ཧོང་། ལྷོ་ཀོ་རི་ཡ། ཐེ་ཝན་བཅས་སུ་ཁྱོན་བོད་མི་ ༢༢༠༧ ཨ་རི་དང་ཁེ་ན་ཊ་གཉིས་ཀྱི་ནང་ཁྱོན་བོད་མི་ ༣༦༠༩༨ ཡོད་པ་གསལ་ཡོད་པ་དང་། གྲངས་འབོར་འདི་ནི་དེ་སྔ་ཕྱི་ལོ་ ༢༠༠༩ ལོར་འགྲེམས་སྤེལ་གནང་བའི་བཙན་བྱོལ་བོད་མིའི་མི་འབོར་ཞིབ་གཤེར་གྱི་གྲངས་འབོར་དང་བསྡུར་ན་འདས་པའི་ལོ་དུས་ནང་ལ་ཕྱི་རྒྱལ་ཁག་ཏུ་བོད་མི་གཞིས་སྤོས་གནང་མཁན་གྱི་གྲངས་འབོར་ལ་འཕར་ཆ་ཆེན་པོ་བྱུང་འདུག དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་ནས་དཔེ་དེབ་འདིའི་ཐོག་ཕྱག་ལས་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། དེབ་འདི་འདི་ལོའི་ཕྱི་ཟླ་བཞི་པའི་ནང་འཚོགས་གཏན་འཁེལ་བའི་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་གི་ཚོགས་འདུའི་ཐོག་འགྲེམས་སྤེལ་གནང་སྟེ་གྲོས་བསྡུར་གནང་གཏན་འཁེལ་ཡོད་ཀྱང་། ཏོག་དབྱིབས་རིམས་ནད་རྐྱེན་གྱིས་དེ་ལྟར་གནང་ཐུབ་མེད་སྟབས། དེབ་འདི་རིམ་པས་སྐུ་ཚབ་དོན་གཅོད་དང་བོད་རིགས་ཚོགས་པ་ཁག་ལ་འབུལ་ལམ་ཞུ་རྒྱུ་ཡིན་པ་སོགས་འགྲེལ་བརྗོད་གནང་སོང་། དེབ་འདིའི་ནང་བཙན་བྱོལ་བོད་མིའི་དཔྱ་དངུལ་བསྡུ་ཕྱོགས་ཚགས་ཚུད་ཡོང་ཐབས་དང་ཚོགས་པའི་ལས་གཞི་རྒྱ་སྐྱེད་གཏོང་ཕྱོགས། གཟའ་མཇུག་སློབ་གྲྭའི་གནས་བབ། སྤྱི་ཁང་གི་དགོས་གལ་སོགས་ཁྱོན་དགོངས་ཚུལ་རྒྱབ་གཉེར་བཅུ་ཆེད་བཀོད་གནང་ཡོད་སྐོར་གསུངས་ཡོད། དེ་བཞིན་སྐབས་དེར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཉམས་ཞིབ་སྙན་ཐོ་འདི་ནི་ད་བར་རྒྱ་བལ་འབྲུག་གསུམ་གྱི་ཕྱི་ལོགས་སུ་གནས་པའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་སྐོར་གྱི་སྙན་ཐོ་ཐོག་མ་དེ་ཆགས་ཀྱི་ཡོད་པ་དང་། སྙན་ཐོ་ནང་གསལ་བའི་ཉམས་ཞིབ་ཀྱི་སྒྲུབ་དོན་དང་ལྷག་པར་དུ་དགོངས་ཚུལ་རྒྱབ་གཉེར་དེ་དག་ད་ལྟའི་འཛིན་སྐྱོང་བཀའ་ཤག་ཙམ་མ་ཟད་མ་འོངས་པའི་བཀའ་ཤག་ལ་ཡང་ཐུགས་ཕན་གསོས་ངེས་ཡིན་པ་གསུངས་སོང་། རྒྱ་བལ་འབྲུག་གསུམ་གྱི་ཕྱི་ལོགས་སུ་གནས་པའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་སྐོར་གྱི་གཞི་རིམ་ཉམས་ཞིབ་སྙན་ཐོའི་མཇུག་སྡོམ་གྱི་ས་བཅད་ཁོངས་སུ་དེང་སྐབས་བོད་མི་མང་པོ་ཞིག་བྱང་ཨ་རི་དང་ཡོ་རོབ་ཁུལ་དུ་གཞིས་སྤོས་གནང་བཞིན་པའི་ཁྲོད་བོད་མི་ཚོར་སྤྱི་ཡོངས་ནས་མཐུན་རྐྱེན་དང་སྒེར་གྱི་འཚོ་ཐབས་སོགས་ཀྱི་ཐད་ལ་ཡར་རྒྱས་འགྲོ་བཞིན་ཡོད་ཀྱང་རྒྱ་བལ་འབྲུག་གསུམ་ཕུད་པའི་ཕྱིའི་རྒྱལ་ཁབ་ཁག་ཏུ་ཡོད་པའི་བོད་མི་རྣམས་སོ་སོའི་སྤྱི་ཚོགས་ལ་ཞབས་འདེགས་ཞུ་རྒྱུའི་འདུན་པ་ཉམས་རྒུད་ཕྱིན་པ་དང་། ལྷག་པར་དུ་བོད་ཀྱི་སྐད་ཡིག་དང་རིག་གཞུང་མི་ཉམས་རྒྱུན་འཛིན་སོགས་ཀྱི་གནས་བབ་ཉམས་ཉེས་སུ་འགྲོ་བཞིན་པ་མངོན་གསལ་གནང་བ་དང་ཆབས་ཅིག ས་གནས་ས་སོའི་བོད་རིགས་ཚོགས་པ་དང་བོད་མིའི་སྒྲིག་འཛུགས་གཉིས་མཉམ་རུབ་ཀྱིས་ཤུགས་སྣོན་འཕར་མ་གནང་གལ་ཡིན་པ་སོགས་ཆེད་བཀོད་གནང་འདུག

ཨོན་ཊ་རི་ཡོ་མངའ་སྡེར་བོད་ཀྱི་རིག་གནས་གཅེས་ནོར་གྱི་ཟླ་བར་སྲུང་བརྩི་ཞུ་རྒྱུའི་ཁྲིམས་འཆར་གཏན་འབེབས།

ཁེ་ན་ཌའི་རྒྱལ་ས་ཨོ་ཊ་ཝར་རྟེན་གཞི་བྱས་པའི་ཨོན་ཊ་རི་ཡོ་མངའ་སྡེའི་གྲོས་ཚོགས་ཀྱི་ངོས་ནས་ལོ་ལྟར་ཕྱི་ཟླ་བདུན་པ་དེ་བོད་ཀྱི་ཕ་མེས་ནས་བརྒྱུད་པའི་རིག་གནས་གཅེས་ནོར་གྱི་ཟླ་བར་ངོས་འཛིན་གནང་རྒྱུའི་ཁྲིམས་འཆར་ལ་སྤྱི་མོས་ཀྱི་ཐོག་ནས་གཏན་བེབས་གནང་འདུག ཁྲིམས་འཆར་དེ་ཨོན་ཊ་རི་ཡོ་མངའ་སྡེའི་ Parkdale - High Park མང་གཙོ་ཡར་ཐོན་ཚོགས་པའི་གྲོས་ཚོགས་འཐུས་མི་བོད་ཀྱི་སྐྱེས་མ་བུ་འཁྲིད་དཀར་པོ་ཆེ་ལགས་ཀྱིས་གྲོས་ཚོགས་སུ་འདོན་སྤེལ་གནང་བ་བཞིན་གྲོས་ཚོགས་ཀྱི་ངོས་ནས་དེར་སྤྱི་མོས་ཀྱིས་རྒྱབ་སྐྱོར་གནང་སྟེ་ཁྲིམས་གཞིར་གཏན་འབེབས་གནང་བ་དང་འབྲེལ། ཁ་སང་བོད་ཀྱི་སྐྱེས་མ་བུ་འཁྲིད་དཀར་པོ་ཆེ་ལགས་ཀྱིས་སྒེར་གི་དྲ་གནས་དང་ངོ་དེབ་སོགས་ཀྱི་བརྒྱུད་ནས་གཏམ་བཟང་གི་གནས་ཚུལ་དེ་ཡོངས་གྲགས་གནང་བ་དང་སྦྲགས། ཕྱི་ཟླ་བདུན་པའི་ནང་དུ་ཁེ་ན་ཌའི་ཆེས་མཐོའི་མེར་སེར་ཡིན་པ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་འཁྲུངས་སྐར་དང་བསྟུན། ཟླ་བ་དེ་འཛམ་གླིང་ས་ཕྱོགས་གང་སར་གནས་པའི་བོད་མི་ཡོད་དོ་ཅོག་ལ་ཆེས་གལ་འགངས་ཆེན་པོ་ཆགས་ཡོད་པ་མ་ཟད་བོད་མི་རིགས་ཀྱི་སོར་ཆུད་ཀྱི་མཚོན་རྟགས་ཤིག་ཀྱང་ཆགས་ཀྱི་ཡོད་པ་གསུངས་འདུག ལྷག་པར་དུ་ཁྲིམས་འཆར་དེ་བརྒྱུད་ནས་བོད་དོན་གོ་རྟོགས་དང་ཨོན་ཊ་རི་ཡོ་བོད་མི་རྣམས་ཀྱིས་སྤྱི་ཚོགས་ལ་ཞབས་འདེགས་ཇི་ཙམ་ཞུ་བཞིན་ཡོད་པ་མངོན་གསལ་གནང་རྒྱུར་ཆེད་དམིགས་ཀྱིས་ཁྲིམས་འཆར་དེ་གྲོས་ཚོགས་སུ་ངོ་སྤྲོད་གནང་ཡོད་སྐོར་ཞིབ་རྒྱས་གསུངས་འདུག ཁོང་བྱང་ཨ་རིར་སྤྱི་ཚོགས་ཀྱི་ལས་གནས་ཐོག་འདེམས་ཐོན་བྱུང་བའི་བོད་མི་ཐོག་མ་དེ་ཆགས་དོན་ལྟར་དགའ་སྤོབས་ཧ་ཅང་ཆེན་པོ་བྱུང་ཞེས་དང་ས་ཁུལ་དེར་བོད་མིའི་སྤྱི་ཚོགས་ཀྱི་ཆེད་དུ་འཐབ་རྩོད་གནང་ཐུབ་པར་བརྟེན་དེ་བས་ཀྱང་དགའ་སྤོབས་ཆེན་པོ་བྱུང་སྐོར་གསུངས་ཡོད། ཐེངས་འདིའི་རྒྱལ་ཁ་ནི་བོད་མི་གཅིག་པོའི་རྒྱལ་ཁ་མ་ཡིན་པར་སྤྱི་ཚོགས་ཡོངས་ཀྱི་རྒྱལ་ཁ་ཡང་ཡིན་པ་གསུངས་འདུག ལྕམ་བུ་འཁྲིད་དཀར་པོ་ཆེ་ལགས་ནི། བྱང་ཨ་མི་རི་ཀའི་ནང་གྲོས་ཚོགས་སུ་འདེམས་ཐོན་བྱུང་བའི་བོད་རིགས་ཐོག་མ་དེ་ཡིན་པ་དང་། ཨོན་ཊ་རི་ཡོ་མངའ་སྡེ་དེ་ཡང་འཛམ་གླིང་ནང་དུ་བོད་ཀྱི་རིག་གནས་གཅེས་ནོར་གྱི་ཟླ་བ་ཞེས་གཏན་འབེབས་གནང་མཁན་ཆེས་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད། ལྕམ་དཀར་པོ་ཆེ་ལགས་ཀྱིས་ཁྲིམས་འཆར་དེར་ Ontario བོད་རིགས་ཚོགས་པ་དང་ས་གནས་བོད་ཀྱི་གཞོན་ནུ་དང་བེུད། ཆུ་བཞི་སྒང་དྲུག བོད་རང་བཙན་སློབ་ཕྲུག་ཚོགས་པ་སོགས་ས་གནས་བོད་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཡོངས་ནས་རྒྱབ་སྐྱོར་གནང་ཡོད་པ་གསུངས་འདུག དེ་རིང་དྲ་ཐོག་ཏུ་འཛམ་གླིང་ས་ཕྱོགས་གང་སར་གནས་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ནས་བོད་ཀྱི་སྐྱེས་མ་བུ་འཁྲིད་དཀར་པོ་ཆེ་ལགས་ཀྱི་ཕྱག་ལས་ལ་ཡི་རངས་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞེས་གསུང་མཁན་མང་དག་ཅིག་འདུག

འཕགས་བོད་ས་མཚམས་ཀྱི་རྩོད་རྙོག་ཁྲོད་བལ་ཡུལ་གྱིས་བོད་མིར་ལྟ་རྟོག་ནན་བྱེད།

དེ་རིང་རྒྱ་གར་གྱི་IANS གསར་སྤེལ་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་བྱང་ཕྱོགས་ལ་དྭགས་ཁུལ་གྱི་འཕགས་བོད་ས་མཚམས་སུ་རྒྱ་དཀར་ནག་གི་དམག་མིའི་བར་གདོང་ཐུག་རིམ་པ་བྱུང་བཞིན་པའི་དུས་སྐབས་འདིར། བལ་ཡུལ་གཞུང་ངོས་ནས་རྒྱ་ནག་གི་གནོན་ཤུགས་འོག ཁུལ་དེའི་དམག་མི་དང་གསང་བའི་ལས་ཁུངས་ལ་དམིགས་བསལ་བཀོད་ཁྱབ་བཏང་སྟེ། བོད་མི་དག་གི་འགྲོ་འདུག་ལ་ལྟ་རྟོག་བྱེད་ཤུགས་ཆེ་རུ་གཏོང་དགོས་པའི་ཞུ་སྐུལ་བྱས་འདུག

ངོ་དེབ་ཚོང་ལས་ཁང་གིས་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་ཀྱི་ངོ་དེབ་བཀག་སྡོམ།

རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་བཞུགས་པའི་བོད་ཀྱི་བུད་མེད་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་ཀྱིས་ཁ་ནུབ་གློ་བུར་དུ་ཁོང་གི་ངོ་དེབ་དང་ངོ་ཤོག་གཉིས་པོ་ཁ་འབྱེད་རྒྱུ་མེད་པར་གྱུར་འདུག་ཅེས་གསུངས་འདུག ཚེ་རིང་འོད་ཟེར་ལགས་ཀྱིས་རང་ཉིད་ཀྱི་ངོ་དེབ་དེ་བཞིན་ཕྱི་ལོ་ ༢༠༠༨ ལོར་གསར་བཟོ་ཞུ་བ་ནས་བཟུང་དེའི་ཐོག་བོད་གནད་དང་འབྲེལ་བའི་འདྲ་པར་དང་བརྙན་པར་སོགས་གྲངས་ལས་འདས་པ་བཞག་ཡོད་པ་དང་། ངོ་དེབ་ལས་ཁང་གིས་དེ་སྔ་ཡང་བོད་དོན་དང་འབྲེལ་བའི་གནས་ཚུལ་ཙམ་མ་ཟད་། ༧གོང་ས་མཆོག་གི་༧སྐུའི་འཁྲུངས་སྐར་དུས་ཆེན་དང་འབྲེལ་ནས་ཁོང་གི་ངོ་དེབ་བཀག་མྱོང་ཡོད་པ་རེད། ཁོང་གིས་ཁ་སང་རང་ཉིད་ཀྱི་སྤྱི་ཚོགས་བརྒྱུད་ལམ་ Tweeter དང་། instagram གཉིས་ཀྱི་ཐོག་ཏུ་གནས་ཚུལ་སྤེལ་བར་གཞིགས་ན། ཕྱི་ཚེས་ ༢༤ དགོང་མོར་ངོ་དེབ་ཚོང་ལས་ཁང་གིས་སླར་ཡང་ཁོང་གི་ངོ་བདེ་དང་ངོ་ཤོག་གཉིས་པོ་གློ་བུར་དུ་ཁ་འབྱེད་རྒྱུ་མེད་པར་བཟོས་འདུག་ཅེས་འགྲེལ་བརྗོད་གནང་བ་དང་འབྲེལ། ཆོང་ལས་ཁང་གིས་དེ་ལྟར་བྱེད་དོན་རྒྱུ་མཚན་ངོ་མ་དེ་གང་ཡིན་ནམ་ཞེས་དྲི་བའི་ཚུལ་དུ་ཆེད་བཀོད་གནང་འདུག ཁོང་གིས་ད་དུང་སྨྲ་བརྗོད་རང་དབང་སྲུང་སྐྱོབ་བྱེད་མཁན་ཡིན་ཚུལ་བརྗོད་པའི་ངོ་དེབ་ཚོང་ལས་ཁང་གིས་མིང་མེད་ངོ་དེབ་རྫུན་མ་རྣམས་བཀག་འགོག་བྱ་རྒྱུའི་ཚབ་ཏུ་འདས་པའི་ལོ་ ༡༢ ནས་ཉེན་ཁར་འཛེམས་མེད་ཀྱིས་བོད་ནང་གི་དངོས་ཡོད་གནས་ཚུལ་བཀོད་མཁན་ཁོང་ལ་དམ་དྲག་འདི་ལྟར་གནང་དོན་གང་ཡིན་པའི་ལན་གསལ་དགོས་པའི་དགོས་འདུན་ཆེད་བཏོན་གནང་བ་མ་ཟད། གང་ཟག་སུས་ངལ་བ་དེ་ལས་གྲོལ་བར་རོགས་རམ་གནང་ཐུབ་བམ་ཞེས་དང་ངོ་དེབ་ཀྱིས་ཐ་ན་འཕྲིན་ཐུང་བཀོད་སྤྱོད་གནང་བར་སྒོ་བརྒྱབ་ཡོད་སྐོར་ཡང་གསུངས་འདུག གནད་དོན་དེ་དང་འབྲེལ་ནས་དེ་རིང་ Tweeter དྲྭ་གནས་ཐོག་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཁག་ཅིག་གིས་ངོ་དེབ་ཚོང་ལས་ཁང་ལ་ངོ་རྒོལ་དང་འདྲི་རྩད་སོགས་གནང་བཞིན་འདུག་པ་དང་། དེའི་ཁྲོད་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་གཞོན་པ་བུ་ཆུང་ཚེ་རིང་ལགས་ཀྱིས་ངོ་དབེ་ཚོང་བདག་ Mark Zuckerberg ལ་ཁོ་པའི་ལས་བྱེད་ཚོས་སྒྲིག་ཁྲིམས་ཇི་ལྟར་ལྟོག་པར་སྤྱོད་པར་གཟིགས་ཞིབ་གནང་རོགས་ཞེས་དང་། འོད་ཟེར་ལགས་ཀྱིས་སྡེ་དགེ་བའི་མཚན་བྱང་འོག་རྒྱ་གཞུང་གི་འོག་ཏུ་བོད་མིའི་བདེན་པའི་འབོད་སྒྲ་སྒྲོག་བཞིན་ཡོད་སྐོར་འགྲེལ་བརྗོད་དང་འབྲེལ། རྒྱལ་མཚམས་མེད་པའི་གསར་འགོད་པའི་ཚོགས་པའི་ངོས་ནས་འོད་ཟེར་ལགས་ཀྱི་གནད་དོན་ཐོག་ཐེ་གཏོགས་གནང་དགོས་པའི་སྐུལ་མ་གནང་འདུགངོ་དེབ་བཟོ་ཚོང་ཁང་གིས་གཟའ་འཁོར་འདིའི་ནང་དུ་དངོས་སུ་རྒྱ་ནག་གི་མཉེན་ཆས་ ༡༥༥ བཀག་སྡོམ་བྱས་ཡོད་པ་དང་དེ་དག་གི་ཁོངས་སུ་ཚེ་རིང་འོད་ཟེར་ལགས་ཀྱི་ངོ་དེབ་ཀྱང་ཚུད་ཡོད་པ་རེད། འོན་ཀྱང་ངོ་དེབ་ཚོང་གཉེར་ཁང་གི་ངོས་ནས་རྩོམ་པ་པོ་འོད་ཟེར་ལགས་ཀྱི་ངོ་དེབ་དང་ངོ་ཤོག་གཉིས་པོ་བཀག་སྡོམ་གནང་དོན་གང་ཡིན་མངོན་གསལ་གང་ཡང་གནང་མེད་པ་རེད། བོད་ནང་གི་བེུད་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་ནི་དུས་དང་རྣམ་པ་ཀུན་ཏུ་རྒྱལ་སྤྱིའི་སྡེངས་ཆིའི་ཐོག་བོད་ནང་གི་གཞིས་ལུས་རྒྱ་ཆེ་མང་ཚོགས་ལ་རྒྱ་གཞུང་གིས་དྲག་པོའི་སྲིད་བྱུས་འོག་མི་སྤྱོད་ལས་འདས་པའི་དྲག་གནོན་དང་སྨྲ་བརྗོད་རང་དབང་གིས་གཙོས་པའི་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་གང་ཡང་མེད་པར་ཉམ་ང་བའི་གནས་སྟངས་འོག་ཏུ་བཞུགས་ཡོད་པར་མངོན་གསལ་དང་། བོད་ནང་ལ་ཉིན་རེ་ནས་ཉིན་རེ་བཞིན་རྒྱ་གཞུང་གིས་སྲིད་བྱུས་གསར་པ་གང་དང་གང་ལག་བསྟར་བྱེད་ཀྱི་ཡོད་པ་དུས་ཐོག་ཏུ་རྒྱལ་སྤྱིར་ཁྱབ་སྤེལ་གནང་དང་གནང་མུས་ཡིན་པ་མ་ཟད། རྒྱ་ནག་གིས་བོད་མིར་འཛིན་པའི་སྲིད་བྱུས་དག་ལ་དངོས་ཤུགས་བརྒྱུད་གསུམ་གྱི་ཐོག་ནས་མི་འདོད་པའི་རྣམ་པ་ཆེད་བཏོད་གནང་མཁན་གཙོ་གྲས་ཤིག་ཀྱང་ཡིན་པ་རེད།

རེས་གཟའ་ཕུར་བུ། ༢༠༢༠།༠༩།༢༤

ཉན་པ།: Listen ཕབ་ལེན། Download མཚོ་སྔོན་བྲག་དཀར་རྫོང་ཁོངས་ཀྱི་འབྲོག་པ་མང་ཚོགས་ཀྱི་རྩྭ་སའི་བདག་དབང་ལ་དཀའ་ངལ། ཨ་རིའི་གྲོས་ཚོག་སུ་ཡུ་གུར་ངལ་རྩོལ་འགོག་ཐབས་ཀྱི་ཁྲིམས་འཆར་གཏན་འབེབས། རྒྱ་གཞུང་གིས་བོད་མིར་གསང་ཉུལ་ཇི་ལྟར་སྤེལ་བཞིན་པ་མངོན་གསལ། འབྲེལ་གཏུག་རྩད་གཅོད་ཐད་མང་ཚོགས་ཀྱིས་འཕྱར་གྲུ་མཉམ་འདེགས་ཀྱི་ཞུ་སྐུལ། འཕྲོད་བསྟེན་ཤེས་བྱ་ངོ་སྤྲོད། གསོ་བ་རིག་པ་ལས་གཉན་རིམས་སྐོར། Thursday 24/09/2020 Tibetan nomads in Drakkar facing acute hardship over grazing land US House passes China forced labor bill NYPD arrest reveals hidden dimensions of China’s efforts against Tibetans abroad Covid-19: Tibetans urged to participate and cooperate in contact tracing HEALTH and WELLNESS: Epidemic treatment in Tibetan medicine

Latest news