Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: December, 2020

བཙན་བྱོལ་ནང་གི་རང་དབང་ཞེས་པའི་ཕྱག་དེབ་ཨ་སམ་སྐད་ཡིག་ཐོག་ཕབ་བསྒྱུར་ཞུས་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཛད་པའི་མགོན་པོ་༸གང་ཉིད་མཆོག་གི་རང་རྣམ་བཙན་བྱོལ་ནང་གི་རང་དབང་ཞེས་པའི་ཕྱག་དེབ་དེ་ཨ་སམ་སྐད་ཡིག་ཐོག་ཕབ་བསྒྱུར་ཞུས་འདུགཨ་སམ་སྐད་ཡིག་ཐོག་ཕབ་བསྒྱུར་ཞུ་མཁན་དེ་རྩོམ་པ་པོ་དང་ Padma Shri བྱ་དགའ་བཞེས་མཁན་སྐུ་ཞབས་ཡེ་ཤེས་རྡོ་རྗེ་ལགས་ཆགས་ཀྱི་ཡོད་པ་དང་། ཁོང་གིས་རྒྱ་གར་བྱང་ཤར་ཁུལ་དུ་གནས་སྡོད་མི་མང་རྣམ་པར་ཆེད་དམིགས་ཀྱིས་ཨ་སམ་སྐད་ཡིག་ཐོག་ཏུ་ཕབ་བསྒྱུར་ཞུས་ཏེ་ཨ་སམ་མང་ཚོགས་ཀློག་པ་པོ་ཚོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་འཁྲུངས་པའི་སྐོར་དང་། ཡང་སྲིད་ངོས་འཛིན། བོད་དང་རྒྱ་ནག་གི་འབྲེལ་ལམ་ཆེས་ཞེན་པོ་ཆགས་རྗེས་རྒྱ་གར་ལ་བཙན་བྱོལ་དུ་ཆིབས་སྒྱུར་བསྐྱངས་པ་སོགས་ཀྱི་གནད་དོན་ཤེས་པའི་གོ་སྐབས་ཤིག་བསྐྲུན་སླད་པར་སྐྲུན་ཞུས་འདུགརྩ་བའི་དེ་སྔ་ཕྱི་ལོ་ ༢༠༡༧ ལོར་ Assam མངའ་ཁུལ་གྱི་གྲོང་ཁྱེར་ཆེ་ཤོས་ Guwahati ནང་དུ་རྟེན་གཞི་བྱས་པའི་ IIT འཕྲུལ་རིགས་བསྟི་གནས་ཁང་དུ་མངའ་སྡེའི་སྲི་ཞུ་བ་དང་རྩོམ་པ་པོ་ Indra Laskar ལགས་ཀྱིས་ཀྱང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཛད་པའི་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་ཞེས་པའི་ཕྱག་དེབ་འདི་བཞིན་ཨ་སམ་སྐད་ཡིག་ཐོག་ཕབ་བསྒྱུར་ཆེས་ཐོག་མ་གནང་ཡོད་པ་རེད།བོད་མིའི་སྒྲིག་འཛུགས་ཀྱི་བོད་ཡིག་དྲྭ་རྒྱར་ཐེངས་འདིའི་༸གོང་ས་མཆོག་གི་རང་རྣམ་ཨ་སམ་སྐད་ཡིག་ཐོག་ཕབ་བསྒྱུར་ཞུས་པ་དང་འབྲེལ་ཏེ། ༸གོང་ས་མཆོག་གིས་བཀའ་སློབ་སྩལ་བ་ཞིག་ཆེད་བཀོད་གནང་བར་གཞིགས་ན། མགོན་པོ་༸གང་ཉིད་མཆོག་གིས་ཨ་སམ་སྐད་ཡིག་ཐོག་ཏུ་ཕབ་བསྒྱུར་ཞུས་པའི་ཕྱག་དེབ་དེ་བརྒྱུད་ཨ་སམ་སྐད་ཡིག་ཀློག་པ་པོ་རྣམས་ནས་བོད་ལ་བྱུང་བའི་རྐྱེན་ངན་དང་བོད་མིའི་ཞི་བའི་འཐབ་རྩོད་ལ་སོགས་པའི་སྐོར་ལ་གོ་རྟོགས་ཡོང་བར་ཕན་ཐོགས་ཡོང་ངེས་ཡིན་པར་ལམ་སྟོན་མཛད་ཡོད་སྐོར་བཀོད་འདུགདེ་སྔ་ཕྱི་ལོ་ ༢༠༡༧ ལོའི་ཕྱི་ཟླ་ ༥ ནང་༸སྐུའི་དབྱིན་སྐད་གསུང་སྒྱུར་བ་བསྟན་འཛིན་ཤེས་རབ་ལགས་དམ་པས་བོད་ཡིག་ནང་ཕབ་བསྒྱུར་ལེགས་གྲུབ་གནང་བ་དང་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་དཔེ་མཛོད་ཁང་གིས་པར་སྐྲུན་གནང་ཡོད་པ་ལྟར། སྐབས་དེར་འདི་ག་རླུང་འཕྲིན་ཁང་གིས་སྐུ་ཞབས་འཛིན་ཤེས་རབ་ལགས་དམ་པ་ཁོང་ལ་ཕྱག་དེབ་དེའི་གལ་གནད་དང་འབྲེལ་བའི་བཅར་འདྲི་ཞུས་སྐབས་ཁོང་གིས་ཕྱག་དེབ་དེ་བོད་ཀྱི་ཉེ་དུས་ཀྱི་ལོ་རྒྱུས་དང་༸གོང་ས་མཆོག་༸སྐུ་སྒེར་གྱི་རྣམ་ཐར་ཞིག་ཡིན་སྟབས་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་ཤེས་དགོས་གལ་ཡིན་པར་བརྟེན་བོད་བསྒྱུར་ཞུས་ཡོད་སྐོར་གསུངས་པ་ཞིག་བསྐྱར་བསྲིང་ཞུ་རྒྱུ་ཡིན།གཞི་རྩའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རང་རྣམ་ Freedom in Exile འམ་བཙན་བྱོལ་ནང་གི་རང་དབང་ཞེས་པའི་ཕྱག་དེབ་དེ་ད་ལྟའི་ཆར་འཛམ་གླིང་ནང་གི་སྐད་ཡིག་མི་འདྲ་བ་སུམ་ཅུ་སོ་གྲངས་ནང་དུ་ཕབ་བསྒྱུར་ཟིན་ཡོད་པ་དང་། འཛམ་གླིང་ནང་དཔེ་དེབ་ཆེས་སྙན་གྲགས་ཆེ་བའི་ཁོངས་སུ་ཡང་བདམས་ཐོན་བྱུང་ཡོད་པ་རེད། དཔེ་དེབ་དེ་དེ་སྔ་ཆེས་ཐོག་མར་ལྡི་ལི་བོད་ཁང་ནས་ཕྱི་ཡུལ་གྱི་རང་དབང་ཞེས་བསྒྱུར་ཡོད་པ་དང། སྐུ་ཞབས་བསྟན་འཛིན་ཤེས་རབ་ལགས་དམ་པ་ཁོང་གིས་སླར་ཡང་བཙན་བྱོལ་ནང་གི་རང་དབང་ཞེས་བོད་བསྒྱུར་གནང་བ་ཐེངས་གཉིས་པ་དེ་ཆགས་ཀྱི་ཡོད་པ་རེད།མགོན་པོ་༸གང་ཉིད་མཆོག་གི་མཛད་རྣམ་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་ཞེས་པ་ཨ་སམ་སྐད་ཡིག་ཐོག་ཕབ་བསྒྱུར་ཞུས་པའི་ཕྱག་དེབ་དེ་དཔར་སྐྲུན་གནང་མཁན་ Lawyers Book Stall གྱི་བདག་པོ་སྐུ་ཞབས་ Bhaskar Dutta ལགས་ཀྱིས་ཀྱང་མགོན་པོ་༸གང་ཉིད་མཆོག་གིས་མཛད་པའི་རྡུལ་ཕྲབ་གཅིག་ཁོ་ནའི་སྟེང་གི་འཇིག་རྟེན་དང་སེམས་ཀྱི་ཞི་བདེ་སོགས་ཕྱག་དེབ་ཁག་རིམ་བཞིན་ཕབ་བསྒྱུར་ཞུ་གཏན་འཁེལ་ཡོད་པ་རེད་འདུག

ཡར་ཀླུང་གཙང་པོར་ཆུ་མཛོད་གསར་རྒྱག་གིས་བོད་ཀྱི་ཁོར་ཡུག་ལ་གནོད་ཚབ་ཆེན་པོ་ཡོད་པར་གསུངས་སོང་།

རྒྱ་ནག་གི་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་རྒྱལ་ཡོངས་ཀྱི་ལོ་ལྔ་ཚན་གྱི་འཆར་གཞི་ཐེངས་བཅུ་བཞི་བ་སྟེ་ཕྱི་ལོ་ ༢༠༢༡ ནས་༢༠༢༥ བར་གྱི་ལས་འཆར་གྱི་ཁོངས་སུ་བོད་ཀྱི་ཡར་ཀླུང་གཙང་པོའི་ཆུ་རྒྱུན་གྱི་ཁུལ་དུ་རྒྱ་ནག་གིས་ཆུ་མཛོད་ཆེ་གྲས་གསར་བ་ཞིག་རྒྱག་རྒྱུར་གྲ་སྒྲིག་བྱེད་བཞིན་ཡོད་པ་རེད་འདུགརྒྱ་ནག་གི་ནུས་ཤུགས་འཛུགས་སྐྲུན་གྱི་ལས་གཞིའི་གཙོ་འཛིན། Yan Zhiyong ཟེར་བས་གསར་ལམ་དུ་གནས་ཚུལ་སྤེལ་བ་ལྟར་ན།  འདི་ལོ་ནི་རྒྱ་ནག་གི་ཆུ་གློག་འཛུགས་སྐྲུན་གྱི་འཕྲུལ་ལས་ཚོགས་པ་གསར་འཛུགས་བྱས་ནས་མི་ལོ་བཞི་བཅུ་འཁོར་བའི་དུས་དྲན་ལ་འཁེལ་གྱི་ཡོད་སྟབས། ཡར་ཀླུང་གཙང་བོའི་ཁུལ་གྱི་ཆུ་གློག་གསར་རྒྱག་གི་ལས་གཞི་དེ་ནི་ལོ་རྒྱུས་རང་བཞིན་ལྡན་པ་ཞིག་ཏུ་འགྱུར་རྒྱུ་ཡིན་པ་དང་ལས་གཞི་དེ་ནི་ཆུ་མཛོད་གསར་རྒྱག་ཙམ་མིན་པར་ཁོར་ཡུག་དང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཕན་ནུས་ལྡན་པ་ཞིག་ཡིན་པ་མ་ཟད། མི་མང་གི་འཚོ་གནས་ལ་ཡང་ཕན་པ་ཞིག་ཡིན་པར་འགྲེལ་བརྗོད་བྱས་འདུགསྤྱིར་ལས་གཞི་དེའི་གནད་དོན་ཞིབ་ཕྲ་འདི་ལོའི་རྒྱ་ནག་རྒྱལ་ཡོངས་ཀྱི་མི་མང་འཐུས་མི་ཚོགས་ཆེན་གྱི་དངོས་གཞིའི་བཀའ་ཁྲོལ་ཐོབ་མཚམས་སུ་ཡོངས་གྲགས་གནང་རྒྱུ་ཡིན་པ་དང་། ཆུ་མཛོད་དེ་ནི་བོད་ནང་གི་རྨ་འབྲུ་རྫ་གསུམ་ཁུལ་གྱི་ཆུ་མཛོད་དང་བསྡུར་ན་ཆུ་མཛོད་ཆེ་བ་ཞིག་ཆགས་རྒྱུ་ཡིན་པར་ཚོད་དཔག་བྱེད་བཞིན་འདུག རྒྱ་ནག་གིས་ཡར་ཀླུང་གཙང་པོར་ཆུ་མཛོད་གསར་རྒྱག་བྱེད་རྒྱུའི་ལས་གཞི་དང་འབྲེལ་ནས། རྒྱ་གར་དང་བྷང་ལ་རྡེ་ཤུ་གཉིས་ཀྱི་གཙོ་བྱས་པའི་ཡར་ཀླུང་གཙང་པོའི་ཆུ་རྒྱུན་གྱི་རྒྱལ་ཁབ་རྣམས་ཀྱིས་ལས་གཞི་དེས་མང་ཚོགས་ཀྱི་འཚོ་བར་ཤུགས་རྐྱེན་ཐེབས་ངེས་ཡིན་པར་སེམས་འཚབ་ཆེན་པོ་བྱེད་བཞིན་ཡོད་པའི་གནས་ཚུལ་གང་སར་ཐོན་འདུགརླུང་འཕྲིན་ཁང་གིས་རྒྱུན་དུ་བོད་ཀྱི་ཁོར་ཡུག་དང་འཛུགས་བསྐྲུན་གྱི་ལས་གཞིའི་ཐོག་ཐུགས་སྣང་ཆེན་པོ་ཡོད་པའི་ རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་ཁོར་ཡུག་ཉམས་ཞིབ་པ་བློ་བཟང་དབྱངས་མཚོ་ལགས་སུ་ཐེངས་འདིའི་རྒྱ་ནག་གི་ཆུ་མཛོད་གསར་རྒྱག་གི་ལས་གཞི་དང་འབྲེལ་ནས་བཀའ་འདྲི་ཞུས་པར་ཁོང་གིས། ཁོང་གིས་རྒྱ་ནག་གིས་དོན་དངོས་ཀྱི་ཐོག་ནས་ཡར་ཀླུང་གཙང་པོའི་ཁུལ་དུ་ཆུ་མཛོད་ག་ཚོད་ཅིག་བརྒྱབས་ཟིན་པ་དང་མ་འོངས་བར་རྒྱག་རྩིས་ཡོད་པའི་ཐད་ནས་ཕྱི་ལོག་གི་ཉམས་ཞིབ་པའི་ཁོངས་སུ་བརྗོད་ཚུལ་མི་འདྲ་བ་མང་པོ་ཡོད་ནའང་། ཚང་མས་གཅིག་གྱུར་གྱིས་བརྗོད་བཞིན་པ་ཞིག་ནི་བོད་མཐོ་སྒང་དུ་འཛུགས་སྐྲུན་གྱི་ལས་གཞི་ཤུགས་ཆེར་སྤེལ་བ་ཡིན་ན། ཧི་མཱ་ལ་ཡའི་ཁུལ་དུ་ཁོར་ཡུག་ཉམས་ཉེས་ཀྱི་མཚོན་པའི་རང་བྱུང་གི་གོད་ཆགས་མང་དུ་འབྱུང་ཉེན་ཡོད་པར་དཔྱད་བརྗོད་སྤེལ་མཁན་མང་པོ་ཡོད་པར་ངོ་སྤྲོད་གནང་སོང་། དེ་བཞིན་ཁོང་གིས་ཐེངས་འདིའི་འཛུགས་སྐྲིན་གྱི་ལས་གཞི་དེ་ནི་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཕན་པ་ཞིག་ཡིན་སྐོར་འཁོད་ཡོད་པ་ནི། བོད་ཁུལ་དུ་མེ་འཁོར་ལྕགས་ལམ་དང་གནམ་ཐང་། དེ་བཞིན་ཆུ་མཛོད་སོགས་གསར་རྒྱག་བྱས་ཏེ། བོད་ཀྱི་ས་ཁུལ་ཡར་རྒྱས་གོང་འཕེལ་དུ་བཏང་བ་ཡིན་ན། རང་བཞིན་གྱིས་བོད་མི་རྣམས་ཀྱིས་རྒྱ་ནག་ལ་ངོ་རྒོལ་སོགས་མི་ཡོངས་བར་སྙམ་པའི་ནོར་འཁྲུལ་གྱི་སྲིད་བྱུས་ཤིག་ལག་བསྟར་བྱེད་བཞིན་ཡོད་སྐོར་འགྲེལ་བརྗོད་གནང་སོང་།རྒྱལ་སྤྱིའི་འགྲོ་ལུགས་ལྟར་ན། འཛུགས་སྐྲུན་གྱི་ལས་གཞི་ག་རེ་སྤེལ་བ་ཡིན་ཀྱང་དང་པོ་རང་དབང་ལྡན་པའི་ཁོར་ཡུག་གི་ཉམས་ཞིབ་ཚོགས་པ་ཞིག་གིས་འཛུགས་སྐྲུན་གྱི་ལས་གཞི་དེའི་རང་བྱུང་གི་ཁོར་ཡུག་ལ་དོ་ཕོག་འགྲོ་བཞིན་ཡོད་མེད་ལ་ཉམས་ཞིབ་ཀྱིས་གྲུབ་དོན་ཕྱི་ལ་བཏོན་ན་མ་གཏོགས་གང་དྲན་གྱིས་འཛུགས་སྐྲུན་གྱི་ལས་གཞི་སྤེལ་ཆོག་གི་མེད་ནའང་། བོད་ཁུལ་དུ་རྒྱ་ནག་གིས་ས་གནས་ཀྱི་བོད་ནི་རྣམས་ཀྱི་འདོད་མོས་ཡོད་མེད་སོགས་གང་ལ་ཡང་ལྟོས་མེད་ཀྱིས་འཛུགས་སྐྲུན་གྱི་ལས་གཞི་གཉེར་བཞིན་ཡོད་པར་གསུངས་སོང་། གཞི་རྩའི་རྒྱ་ནག་དམར་ཤོག་གཞུང་གི་ Power China ཞེས་པའི་ནུས་ཤུགས་ཆེད་འདོན་ཚོགས་པས་འདི་ལོའི་ཟླ་ ༡༠ ཚེས་ ༡༦ ཉིན་རྒྱ་ནག་གི་ས་བགོས་བྱས་པའི་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེ་ཝུ་ཡིན་ཅེ་དང་གཙོ་འཛིན་ཆེ་དགྲ་ལྷ་གཉིས་དང་ལྷན་དུ་ཚོགས་འདུ་ཞིག་སྐོང་ཚོགས་ཀྱིས་རྒྱ་ནག་གི་འབྱུང་འགྱུར་གྱི་ལོ་ལྔ་ཚན་བཅུ་བཞི་བའི་ལས་འཆར་ཁྲོད་བོད་རང་སྐྱོང་ལྗོངས་ཀྱིས་མཉམ་ལས་བྱེད་རྒྱུའི་གན་ཡིག་ཅིག་ཀྱང་བཞག་འདུག  

བོད་དོན་གོམ་བགྲོད་པ་བསྟན་འཛིན་དོན་གྲུབ་ལགས་ Aligarh ནས་མུ་མཐུད་གོམ་བགྲོད་གནང་བཞིན་པ།

ཁ་སང་དགོང་མོར་རྒྱ་གར་ཨུཏྟར་མངའ་ཁོངས་རྒྱལ་ས་ལྡི་ལི་ནས་སྤྱི་ལེ་ ༡༦༠ ལྷག་གི་སར་ཆགས་པའི་ Aligarh ལ་འབྱོར་འདུག དེ་རིང་མུ་མཐུད་ Aligarh ནས་lucknow གྱི་གཞུང་ལམ་བརྒྱུད་གོམ་བགྲོད་གནང་བཞིན་པ་རེད།

ཚེ་རིང་དབང་རྒྱལ་ལགས་ཀྱི་ཕྱག་དེབ་ Another Place ཞེས་པའི་ཐད་བཅར་འདྲི།

འདས་པའི་དུས་ཡུན་ཁྲོད་བོད་པའི་སྤྱི་ཚོགས་ནང་བོད་ཡིག་གི་ལམ་ནས་རྩོམ་བྲིས་གནང་མཁན་མང་དག་ཅིག་བྱུང་ཡོད་ཀྱང་། བོད་མི་ཞིག་གིས་སྐད་ཡིག་གཞན་གྱི་ཐོག་བོད་སྒྲུང་གསུང་མཁན་ནི་ ཉུང་ཤས་ལས་མེད།  དེའི་ཁྲོད་ཉེ་ལམ་ Blackneck Books ཞེས་བོད་སྨྱུག་དཔེ་སྐྲུན་ཁང་དང་། HighAsia གཉིས་ཟུང་འབྲེལ་གྱིས་རྩོམ་པ་པོ་དམ་པ་ཚེ་རིང་དབང་རྒྱལ་ལགས་ཀྱིས་རྩོམ་སྒྲིག་གནང་བའི་ Another Place ཞེས་པའི་ཕྱག་དེབ་དེ་འདོན་སྤེལ་གནང་ཡོད་པ་རེད། གཞི་རྩའི་ཚེ་རིང་དབང་རྒྱལ་ལགས་དམ་པ་ཁོང་ལ་ཡོངས་གྲགས་སུ་ Editor ཞེས་འབོད་ཀྱི་ཡོད་པ་དང་། དམ་པ་དེ་ཉིད་ཕྱི་ལོ་ ༡༩༤༩ ལོར་རྒྱ་གར་མངའ་སྡེ་ནུབ་བྷེང་གྷལ་དུ་ཆགས་པའི་ཀ་བློན་སྦུག་གྲོང་སྡེ་ནང་འཁྲུངས་ཞིང་། གཞི་རིམ་སློབ་གྲྭ་འགྲིམ་རྗེས་དབྱིན་ཡུལ་དུ་རྟེན་གཞི་བྱས་པའི་ Bristol གཙུག་ལག་སློབ་གཉེར་ཁང་དུ་རྒྱལ་རབས་ལོ་རྒྱུས་ཐོག་ཏུ་སློབ་སྦྱོང་གནང་ཡོད་པ་དང་སློབ་མཐར་སོན་རྗེས་ཕྱི་ལོ་ ༡༩༧༠ ནང་བོད་གཞུང་ལ་ཞབས་འདེགས་ཞུས་འདུགདེ་རྗེས་ཕྱི་ལོ་ ༡༩༧༦ ནས་ ༡༩༩༦ བཅས་ལོ་ངོ་ ༢༠ མ་ཟིན་ཙམ་རིང་ Tibetan Review ཞེས་བོད་གནས་བསྐྱར་ཞིབ་དུས་དེབ་ཁང་གི་རྩོམ་སྒྲིག་པའི་འགན་ཁུར་བཞེས་ཡོད་པར་མ་ཟད་འདི་ག་རླུང་འཕྲིན་ཁང་གི་རྩོམ་སྒྲིག་པའི་འགན་ཡང་བཞེས་ཡོད་པ་རེད། འོན་ཀྱང་ཁོང་ཕྱི་ལོ་ ༢༠༠༠ ལོའི་ཟླ་ ༡༡ ཚེས་ ༢༤ ཉིན་དགུང་ལོ་ ༥༡ ཐོག་མཆིན་པའི་གཉན་ཚད་རྐྱེན་གྱིས་ཁེ་ན་ཌར་འདས་གྲོངས་སུ་གྱུར་ཡོད་པ་རེད། ཚེ་རིང་དབང་རྒྱལ་ལགས་ཀྱིས་ལོ་ཡུན་མང་པོ་ཞིག་གི་རིང་རྩོམ་སྒྲིག་པའི་འགན་འཁུར་བཞེས་གནང་བར་བརྟེན་ཁོང་ལ་ཡོངས་གྲགས་སུ་ Editor འམ་རྩོམ་སྒྲིག་པ་ཞེས་སྤྱི་མིང་དུ་འབོད་ཀྱི་ཡོད་པ་རེད། ཁོང་རང་ཉིད་རྩོམ་སོགས་སྒྱུ་རྩལ་ལ་ཧ་ཅང་དགའ་མོས་གནང་མཁན་ཞིག་ཡིན་པ་དང་། ཁོང་གིས་བོད་ཀྱི་གནད་དོན་གཙོས་སྤྱི་ཚོགས་འཕོ་འགྱུར་སོགས་ཁྱི་ཐད་དཔྱད་རྩོམ་དང་རྩོམ་ཐུང་དེ་བཞིན་བརྩམ་སྒྲུང་རིང་བ་སོགས་རྩོམ་བྲིས་གནང་ཡོད་པ་རེད།

Latest news