Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: July, 2021

རེས་གཟའ་མིག་དམར། ༢༠༢༡།༠༧།༠༦

ཉན་པ།: Listen ཕབ་ལེན། Download ༸སྐུའི་འཁྲུངས་སྐར་དང་འབྲེལ་བའི་གསུང་འཕྲིན། རྒྱ་གར་གྱི་སྲིད་བློན་དབུས་པའི་ཆེས་མཐོའི་དབུ་ཁྲིད་ཆེ་ཁག་གིས་༸སྐུའི་འཁྲུངས་སྐར་ལ་འཚམས་འདྲི། ༸གོང་ས་མཆོག་གི་དགོངས་གཞི་རྟོགས་ནས་ཉམས་ལེན་ཞུ་རྒྱུ་གནད་ཀྱི་དོན་པོ་ཡིན། སྙན་མོ་གླུའི་མཆོད་སྤྲིན་དང་༸སྐུའི་འཁྲུངས་སྐར་ལ་འཚམས་འདྲི། Tuesday 06/07/2021 Dalai Lama’s 86th birthday message Modi and scores of Indian leaders greet Dalai Lama on his birthday CTA marks Dalai Lama’s 86th birthday From the Himalayas: Musical tribute to the Dalai Lama

རེས་གཟའ་ཟླ་བ། ༢༠༢༡།༠༧།༠༥

ཉན་པ།: Listen ཕབ་ལེན། Download ཉི་ཧོང་དང་ཡུ་རོབ་ཁུལ་དུ་༸སྐུའི་འཁྲུངས་སྐར་དུས་ཆེན་སྔ་སྣུར། ༸གོང་ས་མཆོག་གི་ཕྱི་ཟླ་བརྒྱད་པ་བར་གྱི་དྲྭ་རྒྱ་བརྒྱུད་མཛད་འཆར་ཁག་ཅིག་ཐུགས་གཏན་འཁེལ་བ། ༸སྐུའི་འཁྲུངས་སྐར་དང་བསྟུན་རྭ་སྟོད་གྲྭ་ཚང་གིས་བོད་མི་ཉམ་ཐག་ལ་སྐམ་ཟས་བགོ་འགྲེམས། ཡོ་རོབ་མཐུན་ཚོཊ་ཀྱི་ཕྱི་འབྲེལ་མི་སྣས་རྒྱ་གཞུང་ལ་ཕྱོཊ་ཕན་ཚུན་དབར་གུས་བཀུར་དང་བསམ་ཤེས་དགོས་པའི་རེ་སྐུལ། སྲིད་སྐྱོང་མཆོག་གིས་སྨན་རྩིས་ཁང་གིས་བོད་སྨན་དང་འབྲེལ་བའི་ལས་དོན་གཉེར་སྐབས་བོད་དོན་འགྲེལ་བརྗོད་ཐུབ་པའི་གནས་བབ་བསྐྲུན་གལ་ཡིན་པར་གསུངས། འགྲོ་བ་མིའི་ཐོབ་ཐང་གི་གནས་བས་རྐྱེན་གྱིས་རྒྱལ་སྤྱིའི་ཡར་ཐོན་ཁྲོད་རྒྱ་ནག་ལ་ཆེ་མཐོང་ཇེ་ཞན། Monday 05/07/2021 Exile Tibetans mark Dalai Lama’s 86th birthday in advance Gaden Phodrang announces series of online program by HHDL Tibetan monasteries mark HHDL’s birthday by distributing ration to needy people Europe’s diplomats to China push human rights and respect Sikyong Penpa Tsering visits Tibetan Medical and Astro Instt. Unfavourable views regarding China on the rise across developed economies: new study

༸གོང་ས་མཆོག་གི་ཕྱི་ཟླ་བརྒྱད་པ་བར་གྱི་དྲྭ་རྒྱ་བརྒྱུད་མཛད་འཆར་ཁག་ཅིག་ཐུགས་གཏན་འཁེལ་བ།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དྲྭ་རྒྱ་བརྒྱུད་ནས་ཟླ་བ་འདིའི་ཚེས་ ༧ དང་། ཚེས་ ༡༣ དང་ཚེས་ ༡༤ དེ་བཞིན་ཚེས་ ༢༨ གཞན་ཡང་ཟླ་ ༨ ཚེས་ ༤ དང་ཚེས་ ༡༡ བཅས་སོ་སོར་བཀའ་ཆོས་དང་བཀའ་སློབ་སྩལ་གཏན་འཁེལ་འདུག༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དྷ་རམ་ས་ལའི་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་གི་གཟིམ་ཆུང་ནས་དྲྭ་རྒྱ་བརྒྱུད་བཀའ་ཆོས་དང་བཀའ་སློབ་ཁག་ཅིག་བསྩལ་གཏན་ཁེལ་བའི་མཛད་འཆར་གྱི་གསལ་བསྒྲགས་ཤིག་སྤེལ་འདུག་པ་དང་། ཀུན་གྱིས་དགོངས་མངའ་བཞིན་གོ་ལ་ཁྱོན་ལ་རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནས་ཐོག་མར་མཆེད་པའི་ཏོག་དབྱིབས་གཉན་རིམས་གསར་པའི་གློ་ཚད་རིམས་ནད་ COVID-19 ཀྱི་ཁྱབ་གདལ་ཆེས་ཆེར་འགྲོ་མུས་ཀྱི་གནས་ཚུལ་ཛ་དྲག་ཆེ་བར་བརྟེན། ཕྱི་ཟླ་ ༧ ཚེས་ ༧ ཉིན་གྱི་སྔ་དྲོ་ཚོུད་ ༩ ནས་ ༡༠ བར་ཚོུད་གཅིག་གི་རིང་ཊོག་ཊར་རེ་ཌིས་ཐེབས་རྩའི་འཕྲོད་བསྟེན་ཤེས་ཡོན་ཚན་པས་གོ་སྒྲིག་ཞུས་དོན་ལྟར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཕྲོད་བསྟེན་དང་སྨན་བཅོས་ཀྱི་ནང་དུ་བྱམས་བརྩེ་ལག་ལེན་གནང་ཕྱོགས་ Compassion in Healthcare  སྐོར་ལ་ཚོགས་པ་དེ་གའི་འགན་འཛིན་དང་ལྷན་དུ་བགྲོ་གླེང་དང་འཕྲོད་བསྟེན་ལྟ་སྐྱོང་གི་ཆེད་ལས་པ་ཁག་ཅིག་གི་བཀའ་འདྲི་དགོངས་སྐོར་ཞུས་པ་ཁག་ལ་བཀའ་ལན་མཛད་རྒྱུ་རེད་འདུགདེ་བཞིན་མགོན་པོ་༸གང་ཉིད་མཆོག་གིས་ཕྱི་ཟླ་ ༧ ཚེས་ ༡༣  ཚེས་ ༡༤ ཉིན་གཉིས་རིང་ལ་དྭགས་ནང་པའི་ཚོགས་པ་དང་ལ་དྭགས་དགོན་པའི་ཚོགས་པ། ཁྲིག་སེ་རིན་པོ་ཆེ་བཅས་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན་རྒྱ་གར་སྔ་དྲོ་ཆུ་ཚོད་ ༩ ནས་ ༡༠ བར་དྲ་ལམ་བརྒྱུད་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་མཛད་པའི་བྱང་ཆུབ་ལམ་གྱི་སྒྲོན་མའི་བཀའ་ཆོས་དང་བཀའ་འདྲི་དགོངས་སྐོར་ཞུས་ཁག་ལ་བཀའ་ལན་མཛད་རྒྱུ་ཡིན་པ་མ་ཟད། ཕྱི་ཟླ་ ༧ ཚེས་ ༢༨ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་ཆུ་ཚོད་ ༩ ནས་ ༡༠ བར་ཚོུད་གཅིག་རིང་དྲྭ་ལམ་བརྒྱུད་ལོན་ཏོན་གྱི་དཔལ་འབྱོར་རིག་པའི་སློབ་གཉེར་ཁང་གི་བདེ་སྐྱིད་ལག་ལེན་ཐོབ་ཐབས་ཀྱི་ལས་འགུལ་ཚོགས་པ་ Action for Happiness ཞེས་པའི་ཚོགས་གཙོ་མཁས་དབང་ Prof. Lord Richard Layard དང་སྤྱི་ཚོགས་ནང་དུ་ལུས་སེམས་ཀྱི་བདེ་ཐང་དང་འབྲེལ་བའི་ལས་འགུལ་སྤེལ་མཁན་གྱི་ཚོགས་པའི་ངེས་སྟོན་པ་དང་ལྷན་དུ་བདེ་སྐྱིད་སྔར་ལས་ལྷག་པའི་འཛམ་གླིང་བསྐྲུན་ཚུལ་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་མཛད་གཏན་ཁེལ་འདུག གཞན་ཡང་ཕྱི་ཟླ་ ༨ ཚེས་ ༤ ཉིན་རྒྱ་གར་གྱི་སྔ་དྲོ་ཚོུད་ ༩ ནས་ ༡༠ བར་ཚོུད་གཅིག་རིང་རྒྱལ་སྤྱིའི་བུད་མེད་ཚོགས་པ་ Femmes Internationales Murs Brises (FIMB) ཞེས་པའི་གཞུང་འབྲེལ་མིན་པའི་ཚོགས་པས་གོ་སྒྲིག་དང་གསོལ་འདེབས་ཞུས་པ་ལྟར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དྲ་ལམ་ཐོག་ནས་བྱམས་བརྩེ་དང་བུད་མེད་ཅེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བསྩལ་རྒྱུ་དང་བཀའ་སློབ་གྲུབ་མཚམས་ཚོགས་པ་དེ་གའི་བཀའ་འདྲི་དགོངས་སྐོར་ཞུས་པ་ཁག་ལ་བཀའ་ལན་སྩལ་རྒྱུ་དང་། དེ་བཞིན་ཕྱི་ཚེས་ ༡༡ ཉིན་ཨིན་ཌོ་ནེ་ཤི་ཡའི་ནང་པའི་ཆོས་ཚོགས་བཀའ་གདམས་ཆོས་གླིང་གིས་ཇི་ལྟར་གསོལ་བ་བཏབ་པ་ལྟར་རྒྱ་གར་གྱི་སྔ་དྲོ་ཚོུད་ ༩ ནས་ ༡༠ བར་ཨིན་ཌོ་ནེ་ཤི་ཡའི་རྒྱལ་ཡོངས་སློབ་གྲྭ་འདྲ་མིན་གྱི་སློབ་ཕྲུག་རྣམས་ལ་བཀའ་ཆོས་དང་དེ་རྗེས་བཀའ་འདྲི་དགོངས་སྐོར་ཞུས་པ་ཁག་ལ་བཀའ་ལན་སྩལ་རྒྱུ་བཅས་ཀྱི་དྲྭ་ཐོག་མཛད་འཆར་ཐུགས་གཏན་ཁེལ་འདུགགཞི་རྩའི་དྲྭ་ལམ་ཐད་གཏོང་བརྒྱུད་བཀའ་ཆོས་དང་བཀའ་སློབ་དེ་དག་དགའ་ལྡན་ཕོ་བྲང་གི་གཞུང་འབྲེལ་བརྒྱུད་ལམ་ཁག་ནས་བོད་དབྱིན་རྒྱ་སྐད་སོགས་སྐད་རིགས་སྣ་མང་ཐོག་གསུང་བསྒྱུར་གྱིས་ཐད་གཏོང་གནང་གི་ཡོད་པ་དང་། གསན་གཟིགས་གནང་མཁན་ཚོས་ས་གནས་སོ་སོར་བཅས་པའི་སྤྱི་ཚོགས་རྒྱང་བཀྱེད་ཀྱི་བཀའ་རྒྱ་ལས་མི་འདའ་བར་གསན་གཟིགས་གནང་དགོས་པའི་གཞེན་སྐུལ་གནང་འདུག་པས་དེ་དོན་དགོངས་འཇགས་ཞུ།།

ཉི་ཧོང་དང་ཡུ་རོབ་ཁུལ་དུ་༸སྐུའི་འཁྲུངས་སྐར་དུས་ཆེན་སྔ་སྣུར།

སང་ཉིན་ཕྱི་ཟླ་ ༧ ཕྱི་ཚེས་ ༦ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༦ བདག་གིར་བཞེས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་དང་བསྟུན། ཉིན་ཧོང་དང་ཡོ་རོབ་ཁུལ་གྱི་ས་གནས་ཁག་ཅིག་ཏུ་༸སྐུའི་འཁྲུངས་སྐར་དུས་ཆེན་སྔ་སྣུར་གྱིས་སྲུང་བརྩི་ཞུས་འདུགཁ་ཉིན་རེས་གཟའ་སྤེན་པའི་ཉིན་ད་ལྟའི་ཏོག་དབྱིབས་མཉན་རིམས་ནད་ཀྱི་ཛ་དྲག་གནས་སྟངས་ལ་གཞིགས་ཏེ་ཉི་ཧོང་དང་ལྷོ་ཀོ་རི་ཡར་ཡོད་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ནས་དྲ་ཐོག་བརྒྱུད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུས་འདུག་པ་དང་། སྲུང་བརྩིའི་མཛད་རིམ་ཐོག་ཉི་ཧོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་དྲུང་ཆེ་གྲོས་ཚོགས་འཐུས་མི་སྐུ་ཞབས་ Nagao Takashi ལགས་དང་གྲོས་ཚོགས་འཐུས་མི་ཟུར་པ་སྐུ་ཞབས་ Makino Seishu ལགས། དེ་བཞིན་ཉི་ཧོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས། ལྷོ་ཀོ་རི་ཡའི་བོད་མི་རྣམ་པའི་སྐུ་ཚབ་དགེ་བཤེས་བསྟན་འཛིན་ནམ་མཁའ་ལགས་སོགས་ལྷན་ཞུགས་གནང་འདུག སྐབས་དེར་ཉི་ཧོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་དྲུང་ཆེ་གྲོས་ཚོགས་འཐུས་མི་སྐུ་ཞབས་ Nagao Takashi ལགས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༦ བདག་གིར་བཞེས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་ལ་དགའ་བསུའི་འཚམས་འདྲི་དང་སྦྲགས། ཉི་ཧོང་གི་ངོས་ནས་བོད་དོན་བདེན་མཐའ་སེལ་ཐབས་སུ་བོད་ཕྱི་ནང་གཉིས་ཀྱི་བོད་མི་དང་ལྷན་དུ་མུ་མཐུད་ཕྱག་ལས་གནང་རྒྱུའི་ཞལ་བཞེས་གནང་བ་དང་ཆབས་ཅིག་ཏུ་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་རེ་འདུན་གནང་བཞིན་པ་ལྟར་བོད་དང་ཡུ་གུར། ནང་སོག ཧོང་ཀོང་བཅས་ཀྱི་ནང་ལ་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་བཞིན་པ་རྣམས་འཕྲལ་དུ་མཚམས་འཇོག་དགོས་པར་གསུངས་འདུག དེ་བཞིན་སྐུ་ཞབས་ Makino Seishu ལགས་ཀྱིས་དེ་སྔ་ལོ་བདུན་ཙམ་གྱི་གོང་ལ་ཁོང་ཉིད་༸གོང་ས་མཆོག་དང་མཇལ་འཕྲད་ཞུ་རྒྱུའི་གོ་སྐབས་བྱུང་སྐབས་༸གོང་ས་མཆོག་ལ་དགུང་ལོ་བརྒྱ་ལྷག་བཞུགས་རོགས་ཞེས་གསོལ་འདེབས་ཞུས་ཡོད་པ་དང་སྐབས་དེར་མགོན་པོ་༸གང་ཉིད་མཆོག་ནས་དགུང་ལོ་༡༠༠ ཙམ་མིན་པར་ ༡༡༣ བཞུགས་རྒྱུ་ཡིན་ཞེས་བཀའ་ལན་མཛད་པ་དྲན་གསོ་དང་སྦྲགས། ༸སྐུའི་འཁྲུངས་སྐར་ལ་འཚམས་འདྲི་དང་མགོན་པོ་༸གང་ཉིད་མཆོག་སྐྱེ་འགྲོ་སྤྱིའི་བདེ་དོན་སླད་དུ་༸སྐུ་ཚེ་རྟག་པའི་རང་བཞིན་དུ་གཏན་པའི་སྨོན་འདུན་ཞུས་འདུག ༸གོང་ས་མཆོག་གིས་དུས་རྟག་ཏུ་འཚེ་མེད་ཞི་བ་དང་གྲོས་མོལ་ཐོག་ནས་བོད་ཀྱི་གནད་དོན་སེལ་ཐབས་མཛད་བཞིན་པར་ཡི་རང་ཞུས་ཏེ་ཁོང་དང་ཐད་ཀར་འབྲེལ་བ་ཡོད་པའི་བོད་སྐྱོབ་འབྲེལ་མཐུད་ཚོགས་པ་དང་འགྲོ་བ་མིའི་མིའི་ཐོབ་ཐང་ཚོགས་པ་ཁག་ནས་མུ་མཐུད་བོད་མིའི་རང་དབང་དང་བདེན་པའི་འཐབ་རྩོད་ལ་རྒྱབ་སྐྱོར་ཞུ་གི་ཡིན་ཞེས་གསུངས་འདུག གཞན་ཡང་སྐབས་དེར་ཉི་ཧོང་སྐུུ་ཚབ་དོན་གཅོད་ཨ་རྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་༸གོང་ས་མཆོག་ནས་བཀའ་སློབ་ཕེབས་དོན་ལྟར་༸སྐུའི་ཁྲུངས་སྐར་ཉིན་གྱི་ཕྱག་རྟགས་ཡག་ཤོས་དེ་སེམས་པ་བཟང་པོ་དང་གཞན་ཕན་བསྒྲུབ་རྒྱུ་དེ་ཡིན་སྟབས། བོད་མིས་གཙོས་པའི་ཕྱི་ནང་གི་དད་ལྡན་མང་ཚོགས་རྣམས་ནས་༸གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་ཁག་ཕྱག་བསྟར་གནང་རྒྱུ་དང་ལྷག་པར་དུ་ཐེངས་འདིའི་༸སྐུའི་འཁྲུངས་སྐར་དུས་ཆེན་ཉིན་སྤྱན་རང་གཟིགས་ཀྱི་གཟུངས་སྔགས་ཆིག་སྟོང་རེ་གསོག་སྒྲུབ་གནང་རོགས་ཞེས་གསུངས་འདུག སྐབས་དེར་དགེ་བཤེས་བསྟན་འཛིན་ནམ་མཁན་ལགས་དང་བསྟན་འཛིན་ཀུན་དགའ་ལགས་གཉིས་ནས་ལྷོ་ཀོ་རི་ཡ་དང་ཉི་ཧོང་སོ་སོ་ནང་ཡོད་པའི་བོད་མི་རྣམས་ཀྱི་སྐུ་ཚབ་གནང་ཐོག་༸སྐུའི་འཁྲུངས་སྐར་དུས་ཆེན་ལ་འཚམས་འདྲི་ཞུས་འདུགདེ་བཞིན་ཁ་ཉིན་སྐུ་མགྲོན་གཙོ་བོ་སྦེལ་ཇམ་སྐུ་ཚབ་དོན་གཅོད་བཀྲིས་ཕུན་ཚོགས་ལགས་དབུ་བཞུགས་ཐོག་སྦེལ་ཇམ་བོད་རིགས་རྣམས་ནས་༸གོང་ས་མཆོག་གི་༸སྐུའི་འཁྲུངས་སྐར་དུས་ཆེན་སྔ་སྣུར་གྱིས་སྲུང་བརྩི་ཞུས་འདུག་པ་དང་། གཉན་རིམས་ཁྱབ་གདལ་རྐྱེན་གྱིས་ས་གནས་མི་མང་ ༢༥༠ ཙམ་ལས་འདུ་འཛོམས་ཐུབ་མེད་པ་དང་སྐུ་ཚབ་དོན་གཅོད་མཆོག་ནས་༸རྒྱལ་བའི་༸སྐུའི་འཁྲུངས་སྐར་དང་འབྲེལ་༸གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་པོ་ངོ་སྤྲོད་གནང་བ་དང་། ༸གོང་ས་མཆོག་གི་དགོངས་གཞི་དེ་དག་ང་ཚོའི་ཉིན་རེའི་མི་ཚེ་ནང་ལག་བསྟར་ཐུབ་རྒྱུ་དེ་གལ་ཆེན་པོ་ཡིན་པ་སོགས་གསུངས་འདུགཡོ་རོབ་རྒྱལ་ཁབ་ཕ་རན་སིར་ཁ་སང་རེས་གཟའ་ཉི་མ་དང་བསྟུན་ས་གནས་བོད་མི་རྣམས་ནས་སྔ་ཐོག་བསང་གསོལ་དང་སྨོན་ལམ་གསུང་འདོན། དེ་བཞིན་གཞས་སྣ་འཁྲབ་སྟོན། དཀར་སྐྱོང་གནང་བ་བརྒྱུད་དེ་ཉིན་འཁྱོངས་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཁྲུངས་སྐར་དུས་ཆེན་ལ་སྲུང་བརྩི་ཞུས་འདུག གཞི་རྩའི་སང་ཉིན་ཕྱི་ཚེས་ ༦ ཉིན་༸གོང་ས་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༦ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་ཡིན་སྟབས་བོད་མིས་གཙོས་པའི་བོད་དོན་རྒྱབ་སྐྱོར་བ་དང་ཕྱི་ནང་གི་དད་ལྡན་མང་ཚོགས་རྣམས་ནས་རྣམ་པ་འདྲ་མིན་ཐོག་ནས་མགོན་པོ་༸གང་ཉིད་མཆོག་ལ་འཁྲུངས་སྐར་གྱི་འཚམས་འདྲི་ཞུ་བཞིན་ཡོད་པ་ལྟར། དེ་རིང་སྔ་དྲོ་བལ་ཡུལ་ནང་ཡོད་པའི་ཨ་རིའི་གཞུང་ཚབ་སྐུ་ཞབས་ Randy Berry ལགས་ནས་རང་ཉིད་ཀྱི་ Tweeter དྲ་གནས་ཐོག་དེ་སྔ་༸གོང་ས་མཆོག་དང་ལྷན་དུ་སྒྲོན་པའི་སྐུ་པར་ཞིག་དང་ལྷན་མགོན་པོ་༸གང་ཉིད་མཆོག་ནས་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་བཏང་ན་ཞི་བདེ་དང་རང་དབང་ལྡན་པའི་སྤྱི་ཚོགས་ཤིག་ཡོང་ཐབས་མེད་པ་མ་ཟད། གཉའ་གནོན་དང་དྲག་གནོན་ཡོད་ན་ལྷིང་འཇགས་དང་ཞི་བདེ་ཡོང་ཐབས་ཡོད་མ་རེད་ཅེས་བཀའ་སྩལ་བའི་དུམ་མཚམས་ཤིག་ཆེད་བཀོད་ཀྱིས་མགོན་པོ་༸གང་ཉིད་མཆོག་གི་༸སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་འདུག  

༸སྐུའི་འཁྲུངས་སྐར་དང་བསྟུན་རྭ་སྟོད་གྲྭ་ཚང་གིས་བོད་མི་ཉམ་ཐག་ལ་སྐམ་ཟས་བགོ་འགྲེམས།

སང་ཉིན་ཟླ་ ༧ ཚེས་ ༦ སྟེ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༦ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་ཆེད་༸རྒྱལ་བའི་བཀའ་དགོངས་བཞིན་རྭ་སྟོད་གྲྭ་ཚང་གིས་གཞིས་མི་ཉམ་ཐག་དང་ཉེ་འཁོར་གྱི་རྒྱ་གར་ཡུལ་མི་རྣམས་ལ་སྐམ་ཟས་བགོ་འགྲེམས་གནང་འདུགཕྱི་ཟླ་ ༧ ཚེས་ ༤ དང་ ༥ ཉིན་གཉིས་རིང་ལྷོ་ཕྱོགས་མོན་གྷོར་རྟེན་གཞི་བྱས་པའི་རྭ་སྟོད་གྲྭ་ཚང་གིས་ས་གནས་ཀྱི་བོད་མི་ཉམ་ཐག་ ༡༦༠ དང་མི་ཚང་རེར་སྒོར་ ༢༠༠༠ གི་བཟའ་བཅའ་དང་ཉེ་འཁོར་རྒྱ་གར་ཡུལ་མི་ ༢༡༥ དང་ཁོང་རྣམས་ལ་སྒོར་ ༡༠༠༠ གནང་བ་བཅས་ཁྱོན་མི་ཚང་ཉམ་ཐག་ ༣༧༥ ལ་སྐམ་ཟས་སྦྱིན་གཏོང་གནང་བ་བརྒྱུད་༸རྒྱལ་བའི་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་བཞིན་འདུགདེ་བཞིན་གཞན་ཕན་ཐེབས་རྩའི་ཁྱབ་ཁོངས་མཱེ་སོར་བོད་ཀྱི་སྡོད་ཁང་གིས་གོ་སྒྲིག་ཞུས་ཏེ་ཟླ་བ་འདི་ཚེས་ ༢ ནས་ ༧ བར་ཉིན་དྲུག་རིང་ས་གནས་ཀྱི་ཡུལ་མི་བཀྲེས་སྐོམ་གྱིས་མནར་བའི་མི་ ༡༠༠ ལ་ཉིན་དགུང་དང་དགོང་མོའི་ཞལ་ལག་སྟབས་བདེ་གནང་བཞིན་འདུགལས་འཆར་དེའི་དམིགས་ཡུལ་གཙོ་བོ་ནི་༸རྒྱལ་བའི་བཀྲིན་རྗེས་དྲན་དང་མགོན་པོ་༸གང་ཉིད་མཆོག་གི་༸སྐུའི་འཁྲུངས་དེའང་༸རྒྱལ་བའི་བཀའ་དགོངས་བཞིན་འགྲོ་བ་མིའི་རིན་ཐང་གོང་འཕེལ་དང་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་བཅས་པ་གོང་འཕེལ་གནང་སྟེ་སང་ཉིན་༸སྐུའི་འཁུངས་སྐར་ཉིན་སྔར་བཞིན་མང་ཚོགས་འདུ་འཛོམས་གནང་ཐབས་བྲལ་ནའང་གཞན་ཕན་གྱི་ཕྱག་ལས་གནང་རྒྱུ་རེད་འདུག

རེས་གཟའ་ཉི་མ། ༢༠༢༡།༠༧།༠༤

ཉན་པ།: Listen ཕབ་ལེན། Download བློ་གསར་གཞོན་ནུ། བོད་མིའི་སྒྲིག་འཛུགས་ཀྱི་ན་གཞོན་སྲི་ཞུ་བ་གསུམ་དང་གླེང་མོལ། Sunday 04/07/2021 Young minds: In conversation with 3 civil servants of CTA

རེས་གཟའ་སྤེན་པ། ༢༠༢༡།༠༧།༠༣

ཉན་པ།: Listen ཕབ་ལེན། Download འཛིན་སྐྱོང་གསར་པའི་འོག་བོད་མིའི་སྒྲིག་འཛུགས་ཀྱི་གཉན་རིམས་ཛ་དྲག་ལས་དོན་ཚོགས་ཆུང་གི་ལས་དོན་བྱེད་ཕྱོགས་དང་ནད་རླབས་གསུམ་པར་གྲ་སྒྲིག་སྐོར་གླེང་མོལ། Saturday 03/07/2021 CTA COVID 19 Task Force under new leadership and preparations for possible third wave

རེས་གཟའ་པ་སངས། ༢༠༢༡།༠༧།༠༢

ཉན་པ།: Listen ཕབ་ལེན། Download གཅེར་བུ་བའི་ལྷན་ཚོགས་ཐེངས་ ༢༡ པའི་ཐོག་བརྙན་ཐུང་བརྒྱུད་བཀའ་སློབ་སྩལ་བ། ཨ་རིའི་གྲོས་ཚོགས་སུ་བོད་དེ་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཏུ་ངོས་འཛིན་གནང་དགོས་པའི་ཁྲིམས་འཆར་ཆེད་འདོན། དམར་ཤོག་ཚོགས་པར་ཁ་གཏད་གཅོག་མཁན་ཚོར་ནམ་ཡང་གུ་ཡངས་མི་གཏོང་ཟེར། ༸སྐུའི་འཁྲུངས་སྐར་དང་སྟབས་བསྟུན་གྱིས་བྷང་ལོར་ཁུལ་དུ་དབུལ་ཕོངས་ལ་ཟས་གོས་སྦྱིན་གཏོང་། རྒྱ་གཞུང་གིས་བཙན་གནོན་དང་མནར་གཅོད་ཀྱི་ལོ་རྒྱུས་འཁོད་པའི་དཔེ་དེབ་འདོན་སྤེལ། Friday 02/07/2021 Dalai Lama sends video message for 21st Biennial JAINA Convention US lawmaker introduces bill calling on President Biden to declare Tibet an independent country Xi Jinping warns foreign foes not to mess with China RTYC Bangalore marks Dalai Lama birthday by helping the poor in the area 100 Atrocities of CCP in Tibet: Book release by Geneva Office of Tibet

གཅེར་བུ་བའི་ལྷན་ཚོགས་ཐེངས་ ༢༡ པའི་ཐོག་བརྙན་ཐུང་བརྒྱུད་བཀའ་སློབ་སྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་སང་ཟླ་ ༧ ཚེས་ ༡ ཉིན་དབུ་འཛུགས་ཀྱིས་དྲྭ་ཐོག་བརྒྱུད་གཅེར་བུ་བའི་ལྷན་ཚོགས་ཐེངས་ ༢༡ པའི་ཐོག་བརྙན་ཐུང་བརྒྱུད་བཀའ་སློབ་སྩལ་འདུགསྐར་མ་གསུམ་ལྷག་ཡོད་པའི་བརྙན་ཐུང་གི་བཀའ་སློབ་དེའི་ནང་དུ་མགོན་པོ་༸གང་ཉིད་མཆོག་གིས་གཅེར་བུ་བའི་ཆོས་བརྒྱུད་དེ་ནི་རྒྱ་གར་གྱི་གནའ་བོའི་རིག་གཞུང་ཞིག་ཡིན་པ་དང་ཆོས་བརྒྱུད་དེ་ནི་དངོས་གནས་ངོ་མཚར་ཅན་ཞིག་ཡིན་པར་མ་ཟད། ཆོས་བརྒྱུད་དེས་དོ་སྣང་ཆེན་པོས་འཚེ་མེད་ཞི་བའི་ལམ་ནས་མི་ཚེ་སྐྱེལ་སྟངས་གཙོ་འདོན་གནང་སྐོར་བཀའ་སྩལ་བ་དང་ཆབས་ཅིག ཚོགས་པ་དེའི་ངོས་ནས་སྤྱི་ཚོགས་ཁྲོད་དུ་འཚེ་མེད་ཞི་བ་དང་དཀར་སྐྱོང་བསྟེན་ཐབས་གོང་འཕེལ་གནང་རྒྱུར་ནུས་པ་དམིགས་བསལ་ལྡན་ཡོད་པར་བཀའ་སྩལ་འདུག དེ་བཞིན་༸གོང་ས་མཆོག་གིས་མགོན་པོ་མཆོག་ལ་གཅེར་བུ་བའི་ཆོས་བརྒྱུད་ཉམས་བཞེས་གནང་མཁན་གྱི་མཛའ་གྲོགས་མང་པོ་ཡོད་པར་བཀའ་སྩལ་དང་སྦྲགས་ཏེ། ཁྱེད་རང་གི་ངོས་ནས་ཇི་ལྟར་འཚེ་མེད་ཞི་བ་དང་དཀར་སྐྱོང་བསྟེན་པའི་ཐོག་ནས་མི་ཚེ་སྐྱེལ་སྟངས་ཀྱི་མིག་དཔེ་བཟང་པོ་ཞིག་གནང་དགོས་ཞེས་ལམ་སྟོན་སྩལ་བ་མ་ཟད། མགོན་པོ་༸གང་ཉིད་མཆོག་གིས་ཚོགས་པ་དེས་དུས་ནས་དུས་སུ་འཚེ་མེད་ཞི་བ་དང་དཀར་སྐྱོང་བསྟེན་པའི་ཐོག་ནས་མི་ཚེ་སྐྱེལ་སྟངས་ཀྱི་རིན་ཐང་སྐོར་ལ་ལམ་སྟོན་གནང་བར་ཐུགས་རེ་ཡོད་ཅེས་བཀའ་སྩལ་འདུག  གཞན་ཡང་མགོན་པོ་༸གང་ཉིད་མཆོག་གིས་དེང་དུས་ཀྱི་འཛམ་གླིང་འདིའི་སྟེང་ལ་བ་ཕྱུགས་དང་ཉ། བྱ་གསོ་ཁང་ཆེན་པོ་དེ་འདྲ་མཐོང་རྒྱུ་ཡོད་པར་བཀའ་སྩལ་དང་འབྲེལ་ནས་དོན་དམ་ཐོག་ང་ཚོ་འགྲོ་བ་མི་ཚོས་སྒོ་ཕྱུགས་དེ་དག་ལ་སྙིང་རྗེ་མེད་པར་སྤྱོད་པ་དེས་སྣོད་བཅུད་རྟེན་འབྲེལ་གྱི་ཐོག་ནས་གནོད་ཀྱི་ཡོད་སྟབས་དཀར་སྐྱོང་བསྟེན་ཐབས་ཀྱི་གོ་རྟགས་རྒྱ་གང་ཆེ་སྤེལ་གནད་ཡིན་པར་ལམ་སྟོན་བཀྲིན་ཆེ་བ་སྩལ་འདུག ༸གོང་ས་མཆོག་གིས་ད་དུང་རྒྱ་གར་དུ་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་ཁག་གི་སྤྱི་ཐབ་ཚང་མའི་ནང་དུ་དམར་ཟས་གཏོང་མཚམས་བཞག་ཡོད་པ་དང་། གང་ཟག་སྒེར་པ་སོ་སོའི་འདོད་མོས་ཡིན་སྐོར་བཀའ་སྩལ་བ་དང་ལྷན་ཅིག་ཏུ་འཚམས་འདྲི་མཛད་ཡོད་པ་རེད། གཞི་རྩའི་གཅེར་བུ་བའི་ལྷན་ཚོགས་ཐེངས་ ༢༡ པ་དེ་ཁ་སང་ཟླ་ ༧ ཚེས་ ༡ ཉིན་ནས་དབུ་འཛུགས་ཀྱིས་ཚེས་ ༦ བར་དྲྭ་ཐོག་བརྒྱུད་འཚོགས་བཞིན་ཡོད་པ་རེད།  

Latest news