Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: September, 2021

བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་ལས་བྱེད་ས་མིག་གཏན་འབེབས་ཀྱི་རྩ་འཛིན་བཀོད་ཁྱབ།

བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་བཀའ་ཤག་གིས་ཁ་སང་ཚེས་ ༦ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་ལས་བྱེད་ས་མིག་གཏན་འབེབས་དང་འབྲེལ་བའི་རྩ་འཛིན་བཀོད་ཁྱབ་ཅིག་ཡོངས་གྲགས་གནང་འདུག་པ་དང་དེའི་ནང་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་སྒྲིག་གཞི་དོན་ཚན་ ༡༡ པའི་ནང་གསེས་ ༢ པའི་ནང་ལ་ལོ་གཉིས་རེའི་མཚམས་སུ་བཀའ་ཤག་གིས་ལས་འབོར་ཉམས་ཞིབ་ཚོགས་ཆུང་རེ་བཙུགས་ཏེ་ལས་ཁུངས་མ་ལག་དང་བཅས་པའི་ལས་བྱེད་ས་མིག་གསར་གཏོད་དང་ཕྱིར་བསྡུ། བརྗེ་སྒྱུར་བཅས་གང་དགོས་བྱ་རྒྱུ་སོགས་གསལ་ཡོད་ཀྱང་། ཕྱི་ལོ་ ༢༠༠༩ དང་ ༢༠༡༨ ལོའི་ལས་འབོར་ཉམས་ཞིབ་ཚོགས་ཆུང་གི་སྙན་ཐོར་བཀའ་ཤག་གིས་ངོས་བཞེས་གནང་མེད་སྟབས། སྒྲིག་གཞི་ནང་གསལ་ལས་འབོར་ཉམས་ཞིབ་ཀྱི་དུས་ཚད་ལོ་གཉིས་དེ་ལོ་བཅུ་རེ་ཆགས་པ་ལྟ་བུ་ཆགས་པའི་དབང་གིས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་ལས་བྱེད་ས་མིག་ཆགས་དབྱིབས་བཀོད་རིས་དེ་སྒྲིག་འཛུགས་སྤྱི་འགྲེ་ལྟར་རྩེ་སྐེད་ཞབས་གསུམ་གྱི་རིམ་པ་ཡང་ལྕི་ཏག་ཏག་ཅིག་ཡོང་མ་ཐུབ་པར་ལས་བྱེད་འདེམས་སྒྲུག་དང་བསྐོ་གཞག གནས་སྤོ། ལས་འགན་བཀོད་སྒྲིག གནས་སྤར། བགྲེས་ཡོལ་བཅས་པའི་རིམ་པ་ཡོངས་རྫོགས་ལ་དོ་ཕོག་བྱུང་འདུག་པ་རྣམས་ལམ་འཕྲལ་བཅོས་སྒྲིག་ཐུབ་ཐབས་མེད་ཀྱང་། འཛིན་སྐྱོང་རིག་པའི་འགྲོ་ལུགས་དང་། སྒྲིག་གཞིའི་ཆ་རྐྱེན་དང་མཐུན་པར་བཟོ་གང་ཐུབ་བྱ་རྒྱུ་གལ་ཆེར་མཐོང་སྟེ། ད་ལྟའི་འཛིན་སྐྱོང་གི་ངོས་ནས་ཉེ་ལམ་ཕྱི་ཟླ་ ༧ ཕྱི་ཚེས་ ༨ ཉིན་ལས་འབོར་ཉམས་ཞིབ་ཚོགས་ཆུང་ཞིག་ཆེད་འཛུགས་ཐོག་གནད་དོན་དེ་དག་ཐོག་ལ་བསྐྱར་ཞིབ་གནང་འགོ་བཙུགས་ཡོད་པ་མ་ཟད། ཉེ་ལམ་ཕྱི་ཚེས་ ༣༠ ཉིན་ཚོགས་ཆུང་གི་རྒྱབ་གཉེར་སྙན་ཐོ་ཁག་འཛིན་སྐྱོང་བཀའ་ཤག་ལ་འབྱོར་དོན་ལྟར་འཛིན་སྐྱོང་ནས་རྟོག་ཞིབ་དང་ཞིབ་འཇུག་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་ལས་བྱེད་ས་མིག་ཁག་གཏན་འབེབས་གནང་བ་ཞིག་ཡིན་སྐོར་བཀོད་འདུག འཛིན་སྐྱོང་བཀའ་ཤག་གིས་ད་རེས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་ལས་བྱེད་ས་མིག་གཏན་འབེབས་གནང་བ་དེ་དག་རྩ་འཛིན་བཀོད་ཁྱབ་གནང་བའི་ཉིན་མོ་ནས་ཕྱག་བསྟར་གནང་རྒྱུ་དང་། གཏན་འབེབས་ཟིན་པའི་ས་མིག་དེ་དག་ལས་བྱེད་འདེམས་ལྷན་གྱི་སྒྲིག་གཞི་དོན་ཚན་ ༡༡ གི་ཆ་རྐྱེན་འོག་ནས་མ་གཏོགས་གསར་གཏོད་དང་ཕྱིར་བསྡུ་གནང་མི་ཆོག་པ་མ་ཟད། གལ་སྲིད་བོད་མིའི་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་སུ་ལས་ཁུངས་གསར་འཛུགས་དང་ལས་དོན་གསར་གཏོད་སོགས་ལ་དམིགས་ཏེ་ས་མིག་གསར་གཏོད་དང་ལས་ཁུངས་ཕན་ཚུན་དབར་ལ་ལས་བྱེད་བརྗེ་སྒྱུར་སོགས་གནང་དགོས་ཆགས་ཚེ་བཀའ་ཤག་ལ་སྙན་སེང་རྒྱབ་གཉེར་ཞུས་ཏེ་ངོ་བཤུས་ལས་བྱེད་འདེམས་བསྐོ་ལྷན་ཁང་ལ་ཕུལ་དགོས་ཀྱི་ཡོད་པ་རེད།འཛིན་སྐྱོང་བཀའ་ཤག་གིས་ད་དུང་ཟླ་ ༩ ཚེས་ ༤ ཉིན་བོད་མིའི་སྒྲིག་འཛུགས་ཀྱིས་བོད་མི་ཉམ་ཐག་རྣམས་ལ་ལྟ་སྐྱོང་བྱེད་ཕྱོགས་ཀྱི་སྲིད་བྱུས་དང་ལམ་སྟོན་གཏན་འབེབས་གནང་དོན་བཞིན་ཕྱི་ལོ་ ༡༩༩༧ ལོ་ནས་ད་བར་ལོ་ ༢༥ ལྷག་གི་རིང་ལ་དབུས་ཉམ་ཐག་ཞིབ་འཇུག་ཚོགས་ཆུང་ནས་རྟོག་ཞིབ་ཐོག་དགོས་ངེས་ཚོ་ལ་འཚོ་སྣོན་དང་སློབ་ཡོན། སྨན་གྲོན་བཅས་ཀྱི་རོགས་རམ་གང་ཐུབ་གནང་མུས་ཡིན་ཀྱང་། ཉམ་ཐག་རེ་ཟུང་ནས་སྤྱི་ཚོགས་དྲ་ལམ་བརྒྱུད་ཞལ་འདེབས་སྡུད་སློང་གི་གནས་ཚུལ་བྱུང་བའི་ཐོག་སྤྱི་ཚོགས་ནང་བསམ་ཚུལ་ཇི་སྙེད་ཅིག་བྱུང་ཡོད་སྟབས་ཚད་དང་ལྡན་པའི་གནང་ཕྱོགས་གཅིག་གྱུར་ཞིག་དགོས་རྒྱུ་གལ་ཆེན་པོ་ཡིན་པར་འགྲེལ་བརྗོད་དང་སྦྲགས། ཉམ་ཐག་རེ་ཟུང་ལ་དངུལ་འབོར་འདང་མིན་བྱུང་བ་དང་། གློ་བུར་གོད་ཆག་འཕྲད་པ་སོགས་ཀྱི་རྐྱེན་གྱིས་བོད་མིའི་སྤྱི་ཚོགས་ནང་ཁུལ་དུ་ཞལ་འདེབས་སྡུད་སློང་གནང་དགོས་གལ་ཆགས་ཚེ། དང་ཐོག་འབྲེལ་ཡོད་ས་གནས་འགོ་འཛིན་དང་སྐུ་ཚབ་དོན་གཅོད་སོ་སོར་དགོངས་སྐོར་ལམ་སྟོན་ཞུས་ཏེ་གནང་དགོས་པའི་ལམ་སྟོན་བཀོད་ཁྱབ་ཅིག་ཡོངས་གྲགས་གནང་ཡོད།

༸གོང་ས་མཆོག་གི་དྲྭ་རྒྱའི་མཛད་འཆར་ཁག་ཅིག་བསྐྱང་གཏན་ཁེལ་བ།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དྲྭ་རྒྱ་བརྒྱུད་ནས་ཟླ་བ་འདིའི་ཚེས་ ༨ དང་ཚེས་ ༩ དེ་བཞིན་ཚེས་ ༢༢ གཞན་ཡང་ཕྱི་ཟླ་བཅུ་པ་དང་བཅུ་གཅིག བཅུ་གཉིས་བཅས་སོ་སོར་བཀའ་ཆོས་དང་བཀའ་སློབ་ཀྱི་མཛད་འཆར་ཁག་ཅིག་བསྐྱང་གཏན་འཁེལ་འདུག༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དྷ་རམ་ས་ལའི་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་གི་གཟིམ་ཆུང་ནས་དྲྭ་རྒྱ་བརྒྱུད་བཀའ་ཆོས་དང་བཀའ་སློབ་ཁག་ཅིག་སྩལ་གཏན་ཁེལ་དོན་ལྟར་བསྐྱང་རྒྱུའི་མཛད་འཆར་ཁག་ཅིག་ཡོངས་བསྒྲགས་གནང་འདུགཟླ་བ་འདིའི་ཕྱི་ཚེས་ ༨ དང་ཚེས་ ༩ ཉིན་གཉིས་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སིངྒ་པོར་ནང་པའི་ཆོས་ཚོགས་ TBC གཙོས་ལྷོ་ཤར་ཨེ་ཤ་ཡའི་ནང་པའི་ཆོས་ཚོགས་ཁག་བཅུས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་རྒྱ་གར་གྱི་སྔ་དྲོ་ཆུ་ཚོད་ ༩ ནས་ ༡༠ བར་སློབ་དཔོན་ཟླ་བ་གྲགས་པས་མཛད་པའི་དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་བཀའ་ཆོས་དང་། དེ་རྗེས་བཀའ་འདྲི་དགོངས་སྐོར་ཞུས་པ་ཁག་ལ་བཀའ་ལན་སྩལ་རྒྱུ་བཅས་ཀྱི་དྲྭ་ཐོག་མཛད་འཆར་ཐུགས་གཏན་ཁེལ་འདུག དེ་བཞིན་ཚེས་ ༢༢ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིིའི་མོན་མའོ་ཐི་གཙུག་ལག་སློབ་ཆེན་གྱིས་ཇི་ལྟར་གསོལ་བ་བཏབ་པ་བཞིན་རྒྱ་གར་གྱི་སྔ་དྲོའི་ཆུ་ཚོད་ ༩ ནས་ ༡༠ བར་བཀའ་སློབ་བསྩལ་རྒྱུ་དང་ཚོགས་པའི་བཀའ་འདྲི་དགོངས་སྐོར་ཞུས་ཁག་ལ་བཀའ་ལན་སྩལ་རྒྱུ་ཡིན་པ་རེད།གཞན་ཡང་ཕྱི་ཟླ་ ༡༠ ཚེས་ ༩ དང་ཚེས་ ༡༠ བཅས་ཉིན་གཉིས་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐེ་ཝན་གྱི་དད་ལྡན་ཆོས་ཞུ་བ་རྣམས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར་རྒྱ་གར་གྱི་སྔ་དྲོའི་ཆུ་ཚོད་ ༩ ནས་ ༡༠ བར་བཀའ་ཆོས་སྩལ་རྒྱུ་དང་ཆོས་ཞུ་བའི་བཀའ་འདྲི་དགོངས་སྐོར་ཞུས་ཁག་ལ་བཀའ་ལན་སྩལ་རྒྱུ་མ་ཟད། ཕྱི་ཚེས་ ༢༦  ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བྷོལ་ཌར་ས་གནས་ཀྱི་ཀོ་ལོ་ར་ཌོ་གཙུག་ལག་སློབ་ཆེན་གྱི་རི་ནི་ཁཱརོན་བདེ་གནས་སློབ་གྲྭ་དང་སེན་ཌིའེ་གོའི་ཁ་ལི་ཕོ་ཉའི་གཙུག་ལག་སློབ་ཆེན་གྱི་བྱམས་བརྩེའི་སློབ་ཁང་གཉིས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་བཞིན་རྒྱ་གར་གྱི་སྔ་དྲོའི་ཆུ་ཚོད་ ༩ ནས་ ༡༠ བར་བྱམས་བརྩེའི་སྐོར་ལ་བཀའ་སློབ་སྩལ་རྒྱུ་དང་དེ་རྗེས་བཀའ་འདྲི་དགོངས་སྐོར་ཞུས་པ་ཁག་ལ་བཀའ་ལན་སྩལ་རྒྱུ་བཅས་ཀྱི་དྲྭ་ཐོག་མཛད་འཆར་ཐུགས་གཏན་ཁེལ་ཡོད།དེ་བཞིན་ཕྱི་ཟླ་ ༡༡ ཚེས་ ༤ དང་ཚེས་ ༥ ཉིན་གཉིས་རིང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨུ་རུ་སུའི་ནང་པའི་རྗེས་འཇུག་པ་རྣམས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་ རྒྱ་གར་གྱི་སྔ་དྲོ་ཆུ་ཚོད་ ༩ ནས་ ༡༠ བར་༸རྗེ་བཙུན་བྱམས་པ་མགོན་པོས་མཛད་པའི་མདོ་སྡེ་རྒྱན་གྱི་བཀའ་ཆོས་དང་བཀའ་འདྲི་ཁག་ལ་བཀབའ་ལན་སྩལ་རྒྱུ་དང་། ཕྱི་ཟླ་ ༡༢ ཚེས་ ༡ ཉིན་༸གོང་ས་མཆོག་གིས་འཛམ་གླིང་ཡེ་ཤུའི་སྒོམ་སྒྲུབ་ཚོགས་སྡེ་ World Community of Christian Meditation ཞེས་པ་དབུ་བརྙེས་ནས་ལོ་ངོ་ ༣༠ འཁོར་བའི་དུས་དྲན་དང་བསྟུན་རྒྱ་གར་སྔ་དྲོ་ཆུ་ཚོད་ ༩ ནས་ ༡༠ བར་དྲ་ལམ་བརྒྱུད་ཚོགས་པ་གསར་འཛུགས་གནང་མཁན་དང་དགེ་རྒན་ཡེ་ཤུའི་རབ་བྱུང་བ། Father Laurence Freeman ལགས་དང་ལྷན་དུ་བགྲོ་གླེང་མཛད་གཏན་ཁེལ་འདུག་པ་མ་ཟད། དེ་བཞིན་ཚེས་ ༨ ཉིན་རྒྱ་གར་གྱི་སྔ་དྲོ་ཚོུད་ ༩ ནས་ ༡༠ བར་ཚོུད་གཅིག་རིང་ The Mind and Life Institute ཞེས་པའི་སེམས་དང་སྲོག་གི་ཚོགས་པས་གོ་སྒྲིག་དང་གསོལ་འདེབས་ཞུས་པ་ལྟར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དྲ་ལམ་ཐོག་ནས་བགྲོ་གླེང་དང་དེ་རྗེས་བཀའ་འདྲི་དགོངས་སྐོར་ཞུས་ཁག་ལ་བཀའ་ལན་སྩལ་རྒྱུ་བཅས་ཀྱི་དྲྭ་ཐོག་མཛད་འཆར་ཁག་ཅིག་ཐུགས་གཏན་ཁེལ་ཡོད་པ་རེད།གཞི་རྩའི་དྲྭ་ལམ་ཐད་གཏོང་བརྒྱུད་བཀའ་ཆོས་དང་བཀའ་སློབ་དེ་དག་དགའ་ལྡན་ཕོ་བྲང་གི་གཞུང་འབྲེལ་བརྒྱུད་ལམ་ཁག་ནས་བོད་དབྱིན་རྒྱ་སྐད་སོགས་སྐད་རིགས་སྣ་མང་ཐོག་གསུང་བསྒྱུར་གྱིས་ཐད་གཏོང་གནང་གི་ཡོད་པ་དང་། ཏོག་དབྱིབས་གཉན་རིམས་ ༡༩ དེ་ཉིད་རྒྱ་ནག་ནས་ཆེས་ཐོག་མར་ཁྱབ་གདལ་བྱུང་བ་ནས་བཟུང་སྟེ་གསན་གཟིགས་གནང་མཁན་ཚོས་རང་ཉིད་ཀྱི་གནས་ཡུལ་རྒྱལ་ཁབ་དང་དེའི་ས་གནས་སོ་སོར་བཅས་པའི་སྤྱི་ཚོགས་རྒྱང་བཀྱེད་ཀྱི་བཀའ་རྒྱ་ལས་མི་འདའ་བར་གསན་གཟིགས་གནང་དགོས་པའི་གཞེན་སྐུལ་གནང་ཡོད་སྟབས། མང་ཚོགས་ནས་དེ་དོན་དགོངས་འཇགས་ཞུ།།

༸གོང་ས་མཆོག་གིས་དབུས་པའི་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་ཁག་གིས་གཉན་རིམས་སྔོན་ཁབ་ཀྱི་མཐུན་འགྱུར་ཐོག་དམིགས་བསལ་འགན་བཞེས་གནང་བར་ཆེ་བསྟོད།

རྒྱ་གར་གྱི་སྲིད་བློན་སྐུ་ཞབས་མོ་དྷི་མཆོག་གིས་ཧི་མཱ་ཅལ་མངའ་སྡེའི་འཕྲོད་ལས་ཞབས་ཞུ་པ་དང་གྲོང་ཚོའི་འགོ་དཔོན་ཁག་ཅིག་དང་ལྷན་དྲྭ་ཐོག་གླེང་མོལ་ལས་རིམ་ཞིག་གི་བརྒྱུད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་བོད་ཀྱི་དགོན་སྡེ་ཁག་གིས་མང་ཚོགས་ཁྲོད་ཏོག་དབྱིབས་རིམས་ནད་ཀྱི་སྔོན་ཁབ་རྒྱག་རྒྱུ་ཐད་དམིགས་བསལ་འགན་བཞེས་ཀྱིས་ཕྱག་ལས་གནང་བར་ཆེ་བསྟོད་གནང་ཡོད།  ཁ་སང་རྒྱ་གར་ཧི་མཱ་ཅལ་མངའ་སྡེའི་རྒྱལ་ས་སིམ་ལ་ནང་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ JAI RAM THAKUR མཆོག་གིས་གཙོས་པའི་ཨུ་ནཱ་དང་ཀུ་ལུ། མན་ཌི་བཅས་རྫོང་གསུམ་དང་མངའ་སྡེའི་གྲོང་ཁྱེར་ HAMIRPUR དང་ LAHAUL གྲོང་སྡེ་སོགས་ཀྱི་འགོ་དཔོན། ལྷག་པར་དུ་སྨན་པ་དང་འཕྲོད་ལས་པ་སོགས་མདུན་ཐོན་ཞབས་ཞུ་བའི་ཚོགས་སྒེར་ཁག་ཅིག་གི་སྐུ་ཚབ་དང་ལྷན་འཛོམས་ཀྱིས་དྲྭ་ཐོག་གླེང་མོལ་གྱི་ལས་རིམ་ཞིག་གནང་ཡོད་པ་ལྟར་རྒྱ་གར་གྱི་སྲིད་བློན་སྐུ་ཞབས་ Narendra Modi  མཆོག་མཉམ་ཞུགས་གནང་སྟེ་རིམས་ནད་ཀྱི་ཛ་དྲག་གནས་སྟངས་ཁྲོད་ནད་པའི་ཆེད་ཞབས་ཞུ་བསྒྲུབ་མཁན་སྨན་པ་དང་སྨན་ཞབས་པ། དེ་བཞིན་འཕྲོད་ལས་པ་གཙོས་མདུན་ཐོན་ཞབས་ཞུ་བ་ཡོངས་ལ་ཡི་རང་བསྔགས་བརྗོད་གནང་བ་དང་འབྲེལ་ཏེ་མདུན་ཐོན་ཞབས་ཞུ་བ་རྣམས་ཀྱི་བཀྲིན་ལ་བརྟེན་ནས་ད་ཆ་ཧི་མཱ་ཅལ་ནང་གཉན་རིམས་ཀྱི་སྔོན་ཁབ་རིམ་པ་དང་པོ་དེ་མང་ཚོགས་ཀུན་ལ་བརྒྱབ་ཟིན་པའི་མངའ་སྡེ་ཆེས་ཐོག་མ་ཆགས་ཀྱི་ཡོད་པ་དང་དེས་རྒྱ་གར་རྒྱལ་ཁབ་འདི་རང་ཁ་རང་གསོའི་ཕྱོགས་སུ་མདུན་སྐྱོད་གནང་བར་གདེང་སྤོབས་འཕེལ་ངེས་ཡིན་ཅེས་གསུངས་འདུག སྐབས་དེར་ཧི་མཱ་ཅལ་མངའ་སྡེའི་ LAHAUL གྲོང་སྡེ་ནང་བཅའ་བཞུགས་སྐུ་ཞབས་ངག་དབང་ཨུ་པཱ་སི་ཀ་ལགས་ཀྱིས་སྲིད་བློན་མོ་དྷི་མཆོག་ལ་ལཱ་ཧུལ་ནང་ནད་ཡམས་དེ་ཐོག་མར་ཁྱབ་གདལ་བྱུང་སྐབས་མང་ཚོགས་ཁྲོད་ཆེས་དངངས་འཚབ་ཀྱི་ཛ་དྲག་གནས་སྟངས་གྱུར་སྐབས་ཁུལ་དེར་རྟེན་གཞི་བྱས་པའི་བོད་ཀྱི་དགོན་སྡེ་ཁག་གིས་གཙོ་འགན་བཞེས་ཏེ་ཡུལ་མི་གཙོས་པའི་གྲྭ་ཞུགས་རྣམས་ལ་སྔོན་ཁབ་ངེས་པར་དུ་བཞེས་དགོས་པའི་གཞེན་སྐུལ་དང་ལྷག་དོན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་འབྲེལ་སྔོན་ཁབ་རིམ་པ་དང་པོ་དེ་བསྒྲོན་གནང་མཛད་པ་དེས་མང་ཚོགས་དུ་མར་སྔོན་ཁབ་དེ་རྒྱག་རྒྱུའི་སྙིང་སྟོབས་འཕེལ་ཡོད་ཅེས་སྙན་གསེང་ཞུས་པར་རྒྱ་གར་གྱི་སྲིད་བློན་སྐུ་ཞབས་ནཱ་རེནྡྲ་མོ་དྷི་མཆོག་གིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་བོད་ཀྱི་དགོན་སྡེ་ཁག་གིས་མང་ཚོགས་ཁྲོད་ཏོག་དབྱིབས་རིམས་ནད་ཀྱི་སྔོན་ཁབ་རྒྱག་རྒྱུ་ཐད་དམིགས་བསལ་འགན་བཞེས་ཀྱིས་ཕྱག་ལས་གནང་བར་ཆེ་བསྟོད་གནང་ཡོད། དྲྭ་ཐོག་གླེང་མོལ་གྱི་ལས་རིམ་ཐོག་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཇཡ་རཱམ་ཊཱཀུར་ མཆོག་གིས་ཀྱང་སྲིད་བློན་མོ་དྷི་མཆོག་ལ་དེ་འབྲེལ་མངའ་སྡེ་ནང་མུ་མཐུད་ཏོག་དབྱིབས་གཉན་རིམས་ཀྱི་སྔོན་ཁབ་མཁོ་སྤྲོད་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག ཁོང་གིས་ཧི་མཱ་ཅལ་ནང་འདི་ལོའི་ཕྱི་ཟླ་ ༡༡ ཀྱི་ཟླ་མཇུག་བར་ཏོག་དབྱིབས་རིམས་ནད་ཀྱི་སྔོན་ཁབ་རིམ་པ་གཉིས་པ་དེ་ཆ་ཚང་རྒྱག་ཐུབ་རྒྱུར་ཚོད་དཔག་གནང་བཞིན་ཡོད་ཅེས་ཞུས་ཡོད།

  རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གིས་ཁོར་ཡུག་ལ་གནོད་སྐྱོན་གཏོང་རྒྱུའི་ཉེན་བརྡ།

རྒྱལ་སྤྱིའི IFFRAS ཞེས་པའི་ཐོབ་ཐང་དང་བདེ་འཇགས་གླེང་སྟེགས་ཁང་གིས་ཉེ་ཆར་གསར་དུ་བཏོན་པའི་སྙན་ཐོའི་ནང་དུ། རྒྱ་ནག་གི་བརྒྱུད་གཅིག་ལམ་གཅིག་གིས་ཁོར་ཡུག་ལ་གནོན་སྐྱོན་ཚབས་ཆེན་གཏོང་གི་ཡོད་པར་བསྒྲགས་འདུགགླེང་སྟེགས་ཁང་གིས་བཏོན་པའི་སྙན་ཐོའི་ནང་དུ། རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་ལས་གཞི་དེ་ཡིས་གནམ་གཤིས་འགྱུར་ལྡོག་ལ་ཤུགས་ཆེ་བའི་ཉེན་ཁ་ཞིག་ཆགས་ཡོད་པ་མ་ཟད། རང་བྱུང་ཁོར་ཡུག་ཉམས་ཉེས་ལ་ཚད་བརྒལ་རང་བཞིན་གྱི་གནོད་སྐྱོན་ཐེབས་ཀྱི་ཡོད་ལུགས་དང་འབྲེལ། རྒྱ་ནག་གིས་ཀར་བོན་འཚོ་རླུང་མེར་སྲེག་ཆེས་ཆེར་གཏོང་བཞིན་པ་དེ་ཡིས་གནམ་གཤིས་འགྱུར་ལྡོག་དང་ཁོར་ཡུག་ཉམས་ཉེས་ལ་སྔར་ལྷག་གནོད་སྐྱོན་ཐེབས་རྒྱུ་ཡིན་པར་མངོན་གསལ་གནང་འདུག དེ་བཞིན་རྒྱ་ནག་གིས་ད་དུང་རྡོ་སོལ་མང་དུ་སྲེག་བཞིན་པ་དེ་ཡིས་རྒྱལ་སྤྱིའི་ཐོག་གི་དུག་རླངས་སྐྱེད་ཚད་ཀྱི་བརྒྱ་ཆ ༤༦ ལྷག་ཟིན་ཡོད་པ་དང་། གཞན་ཡང་གློག་ཤུགས་འདོན་ཚད་ཀྱིས་དྲོད་ཁང་གི་དུག་རླངས་བརྒྱ་ཆ ༧༢ ལྷག་རྒྱ་བསྐྱེད་བྱེད་བཞིན་ཡོད་པ་དང་སྦྲགས། རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་ལས་གཞི་དེ་ཡིས་རྒྱལ་སྤྱིའི་ཁོར་ཡུག་ལ་ཤུགས་རྐྱེན་ངན་པ་ཐེབས་བཞིན་ཡོད་པར་འགྲེལ་བརྗོད་གནང་འདུག མ་ཟད་རྒྱ་ནག་གི་ནང་དུ་ཁོར་ཡུག་བདག་གཅེས་དང་འབྲེལ་བའི་རྩ་འཛིན་གྱི་སྒྲོམ་གཞི་དག་ལག་བསྟར་བྱེད་ཀྱི་མེད་པ་དང་། རྒྱ་ནག་གི་འཆར་ཅན་གྱི་ལས་གཞི་ཡོད་ཚད་ fossil fuels ཞེས་པའི་རང་བྱུང་གི་ཐོན་རྫས་སྤྱོད་ཀྱི་ཡོད་པར་མངོན་གསལ་གྱིས། རྒྱ་ནག་གིས་རྒྱུད་གཅིག་ལམ་གཅིག་གི་འཛུགས་སྐྲུན་ལས་གཞི་དེ་ནི་ཁོར་ཡུག་དང་འོས་འཚམས་ཡིན་ཞིང་ལྗང་མདོག་གི་ལས་གཞི་ཞིག་ཡིན་པར་བསྒྲགས་བཞིན་ཡོད་པར་བརྗོད་བཞིན་ཡོད་ནའང། རང་བྱུང་ཁོར་ཡུག་ལ་གནོད་སྐྱོན་བཟོ་གཞིའི་གནད་དོན་ཞིག་ཡིན་པར་བསྒྲགས་འདུག འབྱུང་འགྱུར་གྱི་ཁྲོད་དུ་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་འཛུགས་སྐྲུན་ལས་གཞི་དེ་ཡིས་རྒྱལ་སྤྱིའི་གླིང་ཕྲན་ལྔ་ཡི་ཁོར་ཡུག་ལ་ཉམས་ཉེས་ཚད་ལས་བརྒལ་བ་གཏོང་རྒྱུ་ཡིན་པར་འགྲེལ་བརྗོད་ཀྱིས། རྒྱལ་སྤྱིའི་འབྲེལ་ཡོད་ཀྱི་སློབ་སྟོན་ལྟེ་གནས་ཁང་གི་ཆེད་མཁས་བས་བརྗོད་པ་ལྟར་ན། རྒྱ་ནག་གི་ནུས་ཤུགས་སྐྱེ་འཕེལ་གྱི་འཛུགས་སྐྲུན་ལས་གཞིའི་བརྒྱ་ཆ་ ༩༠ ལྷག་རང་བྱུང་གི་ཐོན་རྫས་སྤྱད་ནས་དུག་རླངས་ཀར་བོན་ carbon  ཕྱིར་འདོན་བྱེད་ཀྱི་ཡོད་པར་བསྒྲགས་ཏེ། WRI ཞེས་པའི་རྒྱལ་སྤྱིའི་ཐོན་ཁུངས་ལྟེ་གནས་ཁང་གིས་རྒྱ་ནག་གི་འཛུགས་སྐྲུན་ལས་གཞི་ཡོད་ཚད་བསྐྱར་སྤེལ་བྱེད་ཐབས་བྲལ་བའི་རང་བྱུང་གི་ཐོན་རྫས་ལ་གཞི་བཞག་པ་ཤ་སྟག་ཡིན་ལུགས་མངོན་གསལ་གྱིས། བྱེད་བབས་དེ་ཡིས་དུག་རླངས་ཉུང་འཕྲུའི་ཐབས་ལམ་བརྟེན་གྱི་མེད་པར་བརྗོད་པ་ལུང་འདྲེན་གནང་ཡོད་པ་མ་ཟད།  རྒྱ་ནག་གི་ནང་དུ་ནུས་ཤུགས་སྐྱེ་འཕེལ་གྱི་དངུལ་བུན་བརྒྱ་ཆ་ ༦༡ ལྷག་རང་བྱུང་ཁོར་ཡུག་གི་ཐོན་སྐྱེད་ལ་གཞི་བྱས་པའི་རྒྱ་ནག་གི་ Development Bank ཞེས་པའི་འཕེལ་རྒྱས་དངུལ་ཁང་གིས་མཁོ་འདོན་བྱེད་བཞིན་ཡོད་པར་བསྒྲགས་འདུགགཞི་རྩའི་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་ལས་གཞི་ནི་ཕྱི་ལོ་ ༢༠༡༣ ལོའི་མཇུག་ཏུ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་ཐོག་མར་བཀོད་འདོམས་བྱས་ཏེ་གཏན་ལ་ཕབ་ཡོད་པ་དང་། ཕྱི་ལོ་ ༢༠༡༧ ལོའི་རྒྱལ་སྤྱིའི་རྒྱུད་གཅིག་ལམ་གཅིག་གི་མཉམ་འབྲེལ་གླེང་སྟེགས་ཐོག་རྒྱལ་ཁབ་ཁག་ ༡༣༠ ཙམ་གྱི་སྐུ་ཚབ་དང་། མཉམ་འབྲེལ་རྒྱལ་ཚོགས་དང་འཛམ་གླིང་དངུལ་ཁང་། རྒྱལ་སྤྱིའི་དངུལ་གྱི་ཐེབས་རྩ་སོགས་ཀྱི་གཙོའི་རྒྱལ་སྤྱིའི་ཚོགས་པ་ཁག་ ༧༠ ཙམ་གྱི་མགོ་ཁྲིད་ཚོར་ཆེད་བཅར་གྱིས་ལས་གཞི་དེ་ཡིས་འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་ལ་རོགས་འདེགས་ཆེན་པོ་བྱེད་ངེས་ཡིན་པར་བརྗོད་ཡོད་ནའང་། འདས་བའི་ལོ་འགའི་རིང་རྒྱ་ནག་གི་ལས་གཞི་དེའི་ཁྲོད་ནས་ས་གནས་ཀྱི་ཡུལ་མི་མང་པོ་གནས་སྤོར་བྱེད་དགོས་བ་དང་། དེ་བཞིན་རྒྱ་ནག་གི་རྒྱལ་ཁབ་གཞན་ལ་དངུལ་བུན་གཡར་བ་སྤྲོད་མ་ཐུབ་པའི་རྒྱལ་ཁོངས་སུ་བཙན་གྱིས་རྒྱུད་གཅིག་ལམ་གཅིག་གི་ལས་གཞི་ལག་བསྟར་བྱས་པ་སོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཁྲོད་གླེང་གཞི་ཆེན་པོ་བྱུང་ཡོད་ལྟར། ད་ཆ་རྒྱལ་སྤྱིའི་ཐོག་རྒྱ་ནག་གི་འཛུགས་སྐྲུན་ལས་གཞི་དེ་ཡིས་རྒྱལ་སྤྱིའི་གནམ་གཤིས་འགྱུར་ལྡོག་དང་རང་བྱུང་ཁོར་ཡུག་ལ་གནོད་སྐྱོན་ཐེབས་བཞིན་ཡོད་པའི་ཐད་ནས་སྐྱོན་བརྗོད་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་པ་རེད།

རེས་གཟའ་ཟླ་བ། ༢༠༢༡།༠༩།༠༦

ཉན་པ།: Listen ཕབ་ལེན། Download སྲིད་སྐྱོང་མཆོག་དབུས་བོད་སློབ་འཛིན་ཚོགས་ཀྱི་ཁྱབ་ཁོངས་སློབ་ཁག་ལ་འཚམས་གཟིགས། ཕ་རན་སིར་ཧི་མཱ་ལ་ཡ་བོད་ཀྱི་རིག་གཞུང་དུས་སྟོན་ཚོགས་པ། ༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་སྤོལ་རྩེད་འགྲན་ཟླ་བ་རྗེས་མར་གནང་རྒྱུ། སླེ་ལུང་དགེ་རྩས་བོད་ཀྱི་འབྲས་ནད་ཚོགས་པར་ནད་པ་འདྲེན་འཁོར་ཞིག་གནང་བ། རྒྱ་གར་མཐོ་སློབ་ནས་བོད་པའི་བེུད་ཅིག་ལ་གསེར་གྱི་རྟགས་མ་ཐོབ་འདུག གཅེན་གཅུང་གཉིས་ཀྱི་ Beyond Fitness Studio ཞེས་པའི་སྐོར། Monday 06/09/2021 Sikyong leaves for official tour to CTSA schools 20th Cultural Festival of Tibet and Himalayan people in Paris TNSA to host 26th edition of GCM football tournament next month Lelung Dharma Trust donates advance life support ambulance to TCS KLE Academy felicitates Tibetan girl with gold medal Tibetan sister duo and their fitness studio

སྲིད་སྐྱོང་མཆོག་དབུས་བོད་སློབ་འཛིན་ཚོགས་ཀྱི་ཁྱབ་ཁོངས་སློབ་ཁག་ཅིག་ལ་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་པ།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་རྒྱ་གར་གཞུང་གི་ཤེས་རིག་བློན་ཆེན་ལས་ཁུངས་ནས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་སཾ་བྷོ་ཊ་བོད་སློབ་ཚོགས་པའི་ཁོངས་སུ་རྩིས་སྤྲོད་གནང་འདས་ཡོད་པའི་དབུས་བོད་སློབ་འཛིན་ཚོགས་ཀྱི་ཁྱབ་ཁོངས་སུ་ཡོད་པའི་སློབ་གྲྭ་ཆེ་ཁག་ལྔ་ནང་ལ་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་འདུགསྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དེ་རིང་ཕྱི་ཟླ་ ༩ ཚེས་ ༦ ཉིན་རྒྱབ་བཞུགས་སྒར་དྷརྨ་ས་ལ་ནས་སིམ་ལར་ཕེབས་ཐོན་གནང་སྟེ་སང་ཉིན་སིམ་ལ་གཏན་སློབ་ཏུ་སློབ་གྲྭའི་སློབ་སྤྱི་གཙོས་དགེ་ལས་སློབ་གཉེར་བ་ཚོ་དང་ལྷན་དུ་ཚོགས་འདུ་འཚོགས་རྒྱུ་དང་། ས་གནས་དེའི་ཉེ་འཁྲིས་སུ་ཡོད་པའི་བོན་གཞིས་ཌོ་ལན་ཇི་ལ་འཚམས་གཟིགས་གནང་གྲུབ་མཚམས་སུ་ཧར་སྤུར་དང་མ་སུ་རི་གཏན་སློབ་ཏུ་ཕེབས་ཏེ་ཚོགས་འདུ་ཁག་ཅིག་བསྐྱང་རྒྱུ་ཡིན་པ་རེད། ཁུལ་དེའི་ཚོགས་འདུ་ཁག་གྲུབ་མཚམས་སུ་ཕྱི་ཚེས་ ༡༠ ཉིན་སྲིད་སྐྱོང་མཆོག་རྒྱ་གར་ནུབ་བྷེང་གྷལ་མངའ་སྡེ་ནང་ཡོད་པའི་ཀ་སྦུག་བཅས་ཀྱི་གཏན་སློབ་དང་རྡོར་རྗེ་གླིང་གཏན་སློབ་གཉིས་སུ་འཚམས་གཟིགས་དང་སྦྲགས་སློབ་སྤྱི་དང་དགེ་ལས་སློབ་གཉེར་བ་ཚོ་དང་ལྷན་དུ་ཚོགས་འདུ་འཚོགས་རྒྱུ་ཡིན་པ་ཙམ་མ་ཟད་ས་གནས་ཀྱི་བོད་མི་ཚོ་དང་མཇལ་འཕྲད་ཀྱང་གནང་འཆར་ཡོད་པ་རེད། ཐེངས་འདིའི་སྲིད་སྐྱོང་མཆོག་གི་འཚམས་གཟིགས་ནི་རྒྱ་གར་དབུས་གཞུང་གི་ངོས་ནས་བོད་མིའི་སྒྲིག་འཛུགས་ལ་རྩིས་སྤྲོད་རྩིས་ལེན་གནང་འདས་ཡོད་པའི་དབུས་བོད་སློབ་འཛིན་ཚོགས་ཀྱི་ཁྱབ་ཁོངས་སུ་ཡོད་པའི་སློབ་གྲྭ་ཁག་དང་ཐད་ཀར་འབྲེལ་བ་ཆགས་ཀྱི་ཡོད་པ་དང་། སྲིད་སྐྱོང་མཆོག་ནས་སློབ་གྲྭ་དེ་དག་ནང་འཚམས་གཟིགས་དང་སྦྲགས་ཚོགས་འདུ་ཁག་ཚོགས་གྲུབ་པའི་རྗེས་ཏེ་ཟླ་ ༩ ཚེས་ ༡༢ དང་ ༡༣ བཅས་སུ་རྒྱལ་ས་ལྡི་ལིར་རྒྱ་གར་དབུས་གཞུང་གི་གནད་ཡོད་མི་སྣ་ཁག་དང་མཇལ་འཕྲད་གནང་སྟེ་དེ་འབྲེལ་ཚོགས་འདུ་ཁག་ཅིག་ལེགས་གྲུབ་མཚམས་སུ་བཞུགས་སྒར་དུ་ཕྱིར་ཕེབས་ཀྱི་ཡོད་པ་རེད། གཞི་རྩའི་དེ་སྔ་རྒྱ་གར་དབུས་གཞུང་ནས་བོད་སློབ་འཛིན་ཚོགས་ཀྱི་ཁྱབ་ཁོངས་སློབ་གྲྭ་ཁག་རིམ་བཞིན་བོད་མིའི་སྒྲིག་འཛུགས་ལ་རྩིས་སྤྲོད་གནང་གཏན་འཁེལ་བ་ནས་བཟུང་ཕྱི་ལོ་ ༢༠༡༣ ལོར་སྔོན་འགྲོ་དང་གཞི་རིམ་འོག་མ་ཅན་གྱི་སློབ་གྲྭ་ ༣༧ རྩིས་སྤྲོད་དང་། ཕྱི་ལོ་ ༢༠༡༦ ལོར་གཞི་རིམ་འོག་མ་དང་གཞི་རིམ་བར་མ་ཅན་གྱི་སློབ་གྲྭ་ ༡༠ རྩིས་སྤྲོད། དེ་བཞིན་ ༢༠༡༨ ལོར་གཞི་རིམ་གོང་མ་ཅན་གྱི་སློབ་གྲྭ་ ༨ བཅས་རྩིས་སྤྲོད་གནང་ཟིན་ཡོད་པ་དང་། ད་ལྟའི་ཆར་སིམ་ལ་དང་ཧར་སྤུར། མ་སུ་རི། རྡོར་གླིང་། ཀ་སྦུག དེ་བཞིན་དྷ་ལ་ཧའུ་སི་བཅས་གཏན་སློབ་ཁག་དྲུག་གི་རྩིས་སྤྲོད་རྩིས་ལེན་གྱི་ལས་རིམ་འགྲོ་བཞིན་པ་རེད།

ཕ་རན་སིར་ཧི་མཱ་ལ་ཡ་བོད་ཀྱི་རིག་གཞུང་དུས་སྟོན་ཚོགས་པ།

ལོ་ལྟར་དབྱར་དུས་སྐབས་ཡོ་རོབ་རྒྱལ་ཁབ་ཕ་རན་སིའི་རྒྱལ་ས་པེ་རིས་ནང་དུ་ཚོགས་སྲོལ་ཡོད་པའི་བོད་དང་ཧི་མཱ་ལ་ཡའི་རིག་གཞུང་དུས་སྟོན་དེ་ད་ཆ་ས་གནས་ཡུལ་མི་སྟོང་ཕྲག་ལྷག་གི་ཡིད་དབང་འཕྲོག་པའི་བོད་ཀྱི་རིག་གཞུང་འདུ་འཛོམས་ཆེ་ཤོས་ཤིག་ཏུ་གྱུར་ཡོད་པ་མ་ཟད། པེ་རིས་ཁུལ་དུ་ལོ་རེའི་ནང་ཚོགས་སྲོལ་ཡོད་པའི་ཡོངས་གྲགས་ཅན་གྱི་དུས་སྟོན་ལེ་ཐོའི་ཁོངས་སུ་ཚུད་ཐུབ་པ་བྱུང་ཡོད་པ་རེད།སྦེལ་ཇམ་བོད་ཀྱི་སྐུ་ཚབ་དོན་གཅོད་བཀྲིས་ཕུན་ཚོགས་ལགས་ཀྱིས་རླུང་འཕྲིན་ཁང་གི་གསར་འགོད་པར་དུས་སྟོན་གྱི་དམིགས་ཡུལ་གཙོ་བོ་ནི་ས་གནས་ཡུལ་མིའི་ཁྲོད་ལ་བོད་ཀྱི་ཆོས་དང་རིག་གཞུང་། ཡུལ་སྲོལ་གོམས་གཤིས། ཆབ་སྲིད་དང་འབྲེལ་བོད་ནང་གི་དངོས་ཡོད་གནས་སྟངས་ངོ་སྤྲོད་ཞུ་ཆེད་ཡིན་པར་ངོ་སྤྲོད་གནང་ཡོད།འདི་ལོའི་བོད་དང་ཧི་མཱ་ལ་ཡའི་དུས་སྟོན་ཐེངས་ ༢༠ པ་དེ་ཟླ་ ༩ ཚེས་ ༣ ནས་ ༥ བར་ཉིན་གྲངས་གསུམ་རིང་ཚོགས་ཡོད་ཅིང། དུས་སྟོན་དེའི་ཐོག་གཙོ་བོ་བོད་ཀྱི་རིག་གཞུང་དང་འབྲེལ་བའི་གླུ་གར་འཁྲབ་སྟོན་དང་མཚན་ཚོགས། བོད་དང་ཧི་མཱ་ཡའི་བཟོ་རིག་དངོས་རྫས། བོད་ཀྱི་ཟས་རིགས་འདྲ་མིན། བོད་དོན་དང་འབྲེལ་བའི་གློག་བརྙན་གཟིགས་འབུལ། བོད་ཀྱི་སྒྱུ་རྩལ་འགྲེམས་སྟོན། བོད་ཀྱི་ཆོས་ཕྱོགས་དང་འབྲེལ་བའི་དཀྱིལ་འཁོར་བཞེངས་སྐྲུན། སྒོམ་སྒྲུབ་ཉམས་བཞེས་ངོ་སྤྲོད་དང། ཆེད་ལས་མི་སྣ་གདན་ཞུའི་ཐོག་ནས་བོད་དོན་ བགྲོ་གླེང་གི་ལས་རིམ་སོགས་གནང་ཡོད་པ་རེད།ས་གནས་ཀྱི་བོད་མིའི་གཞུང་འབྲེལ་མིན་པའི་ཚོགས་པ་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་ལས་དོན་གཉེར་སྒོ་ཁག་གནས་ཡུལ་མི་ཚོར་ངོ་སྤྲོད་དང་ཚོགས་དངུལ་གསོག་གྲུབ། དེ་མིན་བོད་མི་དང་ཧི་མཱ་ཡའི་མི་རིགས་ཚོའི་ལག་ཤེེས་ཚོང་འགྲེམ་བྱ་རྒྱུའི་སྡིངས་ཆ་ཞིག་ཆགས་ཀྱི་ཡོད་པ་རེད། དུས་སྟོན་དབུ་འབྱེད་ཀྱི་མཛད་སྒོ་དེ་ཕ་རན་སི་གྲོས་ཚོགས་འཐུས་མི་ལྕམ་ Elizabeth Toutut-Picard ལགས་དང་ས་གནས་གྲོང་སྡེའི་སྤྱི་ཁྱབ་པ་སྐུ་ཞབས་ Emmanuelle Pierre ལགས་གཉིས་དབུ་བཞུགས་ཐོག་སྦེལ་ཇམ་བོད་ཀྱི་སྐུ་ཚབ་དོན་གཅོད་བཀྲིས་ཕུན་ཚོགས་ལགས་དང་བོད་མིའི་སྒྲིག་འཛུགས་ཀྱི་ཕ་རན་སི་འབྲེལ་མཐུད་པ་རྣམ་རྒྱལ་བསམ་གྲུབ་ལགས། ཕ་རན་སི་བོད་རིག་ཚོགས་པའི་ཚོགས་གཙོ་ལས་ཟུར་རྣམ་པ། དེ་བཞིན་ས་གནས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་སོགས་འདུ་འཛོམས་བྱུང་འདུག

༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་སྤོལ་རྩེད་འགྲན་ཟླ་བ་རྗེས་མར་གནང་རྒྱུ།

བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ཁྱབ་ཁོངས་སུ་དེབ་སྐྱེལ་བྱས་ཡོད་པའི་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པས་གསལ་བསྒྲགས་ཤིག་སྤེལ་བའི་ནང་དུ། འདི་ལོའི་༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཐེངས་ ༢༦ པ་དེ་རྒྱ་གར་བྱང་ཕྱོགས་ལྡེ་ར་ལྡུན་ཁུལ་དུ་ཟླ་བ་རྗེས་མའི་ཚེས་ ༡ ནས་༡༢ བར་སྐོང་འཚོགས་གནང་རྒྱུ་ཡིན་པར་བསྒྲགས་འདུགཁ་སང་རྩེད་རིགས་ཚོགས་པས་སྤེལ་བའི་གསལ་བསྒྲགས་ནང་དུ། རྐང་སྤོལ་འགྲན་བསྡུར་ནང་འཛུལ་ཞུགས་བྱེད་མཁན་གྱི་རྩེད་འགྲན་པ་ཡོངས་ཀྱིས་ཏོག་དབྱིབས་གཉན་རིམས་ཀྱི་འགོག་ཁབ་དང་པོ་ངེས་བར་དུ་སྐྱོན་ཟིན་པ་ཞིག་དགོས་པ་མ་ཟད། རྩེད་འགྲན་ལ་ཞུགས་སྐབས་ཀྱང་རིམས་ནད་བརྟད་དཔྱད་ཀྱི་དཔང་ཡིག   RT-PCR ཞེས་པ་དེ་ངེས་བར་དུ་བསྣམས་ནས་ཕེབས་དགོས་བའི་རེ་འདུན་ཞུས་འདུག འདི་གའི་གསར་འགོད་པས་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་འགན་འཛིན་བསྟན་འཛིན་རིན་ཆེན་ལགས་སུ་འདི་ལོའི་རྐང་སྤོལ་འགྲན་བསྡུར་དུ་འགྲན་ཞུགས་རུ་ཁག་དང་རིམས་ནད་སྔོན་འགོག་གི་གྲ་སྒྲིག་སོགས་ཀྱི་ཐད་ནས་བཀའ་འདྲི་ཁག་ཅིག་ཞུས་པར་ཁོང་གིས། གཞི་རྩའི་རིམས་ནད་ཀྱི་རྐྱེན་གྱིས་སྔར་ལོའི་ ༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཐེངས་ ༢༦ པ་དེ་དུས་བསྟུན་གྱིས་སྐོང་འཚོགས་མ་ཐུབ་པར་ཕྱིར་འགྱངས་བྱེད་དགོས་འཁེལ་བ་དང་འབྲེལ། ད་ཆ་རྒྱལ་སྤྱིའི་སྤྱི་ཚོགས་གང་སར་རྩེད་འགྲན་རིགས་ཡོངས་སུ་བསྐྱར་དུ་སྒོ་འབྱེད་བྱེད་བཞིན་པ་དང་འབྲེལ་ནས་འདི་ལོའི་རྩེད་འགྲན་དེ་རིམས་ནད་བརྟག་དཔྱད་ཀྱི་སྔོན་འགོག་ཆ་རྐྱེན་དུ་བཞག་པའི་ཐོག་ནས་སྐོང་འཚོགས་གནང་རྒྱུ་ཡིན་པར་འགྲེལ་བརྗོད་གནང་སོང་། དེ་བཞིན་རིན་ཆེན་ལགས་ཀྱིས་ངོ་སྤྲོད་གནང་བའི་ནང་དུ། ད་ལྟའི་ཆར་འདི་ལོའི་རྩེད་འགྲན་ལ་འཛུལ་ཞུགས་གནང་མཁན་གྱི་ཁོངས་སུ་རྒྱ་གར་ལྷོ་བྱང་གཉིས་དང་ལ་དྭགས། དེ་བཞིན་བལ་ཡུལ་ནས་རུ་ཁག་གཅིག་བཅས་ཀྱི་ཁྱོན་སྡོམ་རུ་ཁག་བཅུ་ཡོད་པ་དང་། སྔོན་ཆད་རྩེད་འགྲན་ལ་འཛུལ་ཞུགས་བྱེད་མ་མྱོང་བའི་ཇཱ་ལན་ཌ་བོད་རང་བཙན་སློབ་ཕྲུག་ཚོགས་པའི་རུ་ཁག་གསར་བ་ཞིག་ཀྱང་ཡོད་པར་འགྲེལ་བརྗོད་གནང་སོང་། གཞན་ཡང་ཁོང་གིས་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པ་དེ་འཕྲོད་བསྟེན་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་དེབ་སྐྱེལ་བྱས་པ་ནས་བཟུང་སྤྱི་ཡོངས་ཀྱི་རྩེད་རིགས་ཀྱི་རྣམ་གྲངས་དང་ལས་གཞི་མང་དུ་བཏང་ཡོད་ནའང་། རིམས་ནད་ཀྱི་རྐྱེན་གྱིས་གནས་སྐབས་སུ་ལག་བསྟར་བྱེད་ཐུབ་མེད་ཀྱང་། འདི་ལོའི་རྐང་སྤོལ་རྩེད་འགྲན་གྱི་སྐབས་སུ་ཡོངས་གྲགས་ཀྱིས་ལས་འཆར་ཁག་གསལ་བསྒྲགས་གནང་རྒྱུ་ཡིན་པར་གསུངས་སོང་།གཞི་རྩ གཞི་རྩའི་༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ནི་ཐོག་མར་ཕྱི་ལོ་ ༡༩༨༡ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་༸རྒྱལ་ཡུམ་ཆེན་མོ་བདེ་སྐྱོད་ཚེ་རིང་མཆོག་དམ་པའི་བཀའ་དྲིན་རྗེས་དྲན་ཞུ་ཕྱིར་དབུ་འཛུགས་གནང་དོན་ལྟར་ད་བར་ཁྱོན་རྩེད་འགྲན་ཐེངས་ ༢༥ གོ་སྒྲིག་གནང་ཡོད་རེད།

སླེ་ལུང་དགེ་རྩ་ཚོགས་པས་བོད་ཀྱི་འབྲས་ནད་ཚོགས་པར་ནད་པ་འདྲེན་འཁོར་ཞིག་མཐུན་འགྱུར་གནང་བ།

ཁ་སང་རེས་གཟའ་ཉི་མའི་ཉིན་སླེ་ལུང་དགེ་རྩ་ཚོགས་པའི་༸སྐྱབས་རྗེ་སླེ་ལུང་རིན་པོ་ཆེ་མཆོག་གིས་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་བོད་ཀྱི་འབྲས་ནད་ཚོགས་པར་ཛ་དྲག་ནད་པ་འོར་འདྲེན་གྱི་སྣུམ་འཁོར་ Ambulance ཞིག་མཐུན་འགྱུར་གནང་ཡོད་པ་རེད།ཛ་དྲག་གི་ནད་པ་སྲོག་སྐྱོབ་གནང་ཕྱིར་དེང་དུས་ཀྱི་དགོས་མཁོ་ཆ་ཚང་འཛོམས་པའི་ཚད་ལྡན་མྱུར་སྐྱོབ་སྣུམ་འཁོར་དེ་ནི་རིན་པོ་མཆོག་གིས་རྒྱ་ནག་ནས་ཆེས་ཐོག་མར་ཁྱབ་གདལ་བྱུང་བའི་ཏོག་དབྱིབས་གཉན་རིམས་ཀྱི་ནད་རླབས་གཉིས་པའི་སྐབས་འདིར་རྒྱ་གར་ནང་ནད་མནར་རྐྱེན་པས་འདས་གྲོངས་སུ་གྱུར་བའི་མིའི་ཕུང་པོ་བསྲེག་པར་ཤིང་མི་འདང་བ་ལ་སོགས་པའི་ངལ་བ་ཆེས་ཆེར་འཕྲད་པའི་ཛ་དྲག་གི་གནས་སྟངས་ལ་ཐུགས་འཚབ་ཆེན་པོ་བྱུང་དོན་ལྟར་སླད་མར་མི་ཤི་སྐྱོན་ཆགས་ཀྱི་ཛ་དྲག་གནས་སྟངས་དེ་དག་ལ་ཐུགས་ཕན་ཕྲན་བུ་སོས་ཆེད་བོད་ཀྱི་འབྲས་ནད་ཚོགས་པར་ཛ་དྲག་ནད་པ་འོར་འདྲེན་གྱི་སྣུམ་འཁོར་ Ambulance ཞིག་མཐུན་འགྱུར་གནང་ཡོད།ལྡི་ལི་བོད་སྒར་བསམ་ཡས་གླིང་གི་བོད་ཁྱིམ་སློབ་གྲྭར་མྱུར་སྐྱོབ་སྣུམ་འཁོར་གསོལ་སྩལ་གྱི་མཛད་སྒོའི་ཐོག་སླེ་ལུང་རིན་པོ་ཆེ་མཆོག་གིས་སླེ་ལུང་དགེ་རྩའི་ངོས་ནས་རྒྱལ་ས་ལྡི་ལི་ནང་བོད་རིགས་གཞོན་སྐྱེས་ཁང་པ་མེད་མཁན་ཚོར་སོ་སོའི་ཆོས་རིག་དང་ལེགས་བྱང་སོགས་མི་ཉམས་རྒྱུན་འཛིན་དང་། ལྷག་པར་དུ་མི་རིགས་ཁ་འཐོར་མི་འགྲོ་བའི་ཀུན་སློང་བཅངས་ཏེ་འཛུགས་སྐྲུན་གྱི་ལས་གཞི་རྒྱ་ཆེ་ཞིག་ཡོང་བའི་འདུན་པ་ཡོད་ཀྱང་། ད་བར་དངོས་སུ་ལག་བསྟར་ཐུབ་མེད་པ་དེ་སླད་མར་ཐུབ་པའི་ཐུགས་སྨོན་གནང་གི་ཡོད་སྐོར་བཀའ་གནང་བ་མ་ཟད། བོད་ཀྱི་འབྲས་ནད་ཚོགས་པས་ད་བར་སྤྱི་ཚོགས་ལ་གང་ཐུབ་ཐུབ་ཀྱིས་ཞབས་འདེགས་ཞུས་པར་བསྔགས་བརྗོད་གནང་བ་དང་སྦྲགས། རྣམ་ཀུན་ནས་བོད་མི་ཚོས་སེམས་ཅན་ལ་ཉེ་རིང་གང་ཡང་མེད་པར་ངོས་འཛིན་གནང་གི་ཡོད་སྟབས། རིགས་རུས་དབྱེ་མེད་ཀྱི་ཐོག་ནས་གཅིག་ཕན་གཅིག་གྲོགས་གནང་དགོས་གལ་ཡིན་པར་ལམ་སྟོན་གནང་ཡོད། ལྡི་ལི་བོད་སྒར་བསམ་ཡས་གླིང་གི་བརྒྱ་འཐུས་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་བཅས་ཕེབས་ཡོད་པའི་མཛད་སྒོའི་ཐོག་བོད་ཀྱི་འབྲས་ནད་ཚོགས་པའི་ཚོགས་གཙོ་ཚུལ་ཁྲིམས་རྡོ་རྗེ་ལགས་ནས་སླེ་ལུང་དགེ་རྩ་ཚོགས་པ་དང་༸སྐྱབས་རྗེ་སླེ་ལུང་མཆོག་སྤྲུལ་རིན་པོ་ཆེ་མཆོག་བཅས་ལ་ཁོང་ཚོའི་ཚོགས་པ་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ཐུགས་རྗེ་ཆེ་ཞུས་པ་མ་ཟད། ཛ་དྲག་གི་གནས་སྟངས་སྐབས་འདིར་མྱུར་སྐྱོབ་སྣུམ་འཁོར་ Ambulance གྱི་དགོས་མཁོ་དང་ཕན་ཡོན་ཇི་ཡོད་སྐོར་ངོ་སྤྲོད་གནང་བ་དང་ཆབས་ཅིག ད་ཆ་བོད་ཀྱི་འབྲས་ནད་ཚོགས་པར་མྱུར་སྐྱོབ་སྣུམ་འཁོར་གཉིས་ཡོད་པ་ལས་གཅིག་ད་སྐབས་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཁག་བཞིར་ཐུགས་ཕན་སོས་ཆེད་མེ་སོར་གྲོང་ཁྱེར་ནང་བཞག་ཡོད་སྐོར་དང་། ༸སྐྱབས་རྗེ་སླེ་ལུང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་མཐུན་འགྱུར་གནང་བའི་སྣུམ་འཁོར་དེ་ལྡི་ལི་རང་དུ་གཏན་འཇགས་འཇོག་རྒྱུ་ཡིན་པ་སོགས་འགྲེལ་བརྗོད་གནང་སོང་།  ཁ་སང་གི་མཛད་སྒོའི་ཐོག་དམིགས་བསལ་སྐུ་མགྲོན་དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་ཟུར་པ་ཨཱཙཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་ཀྱང་ཆེད་ཕེབས་གནང་ཡོད་པ་དང་། བོད་ཀྱི་འབྲས་ནད་ཚོགས་པའི་ངོས་ནས་དེ་སྔོན་ཏོག་དབྱིབས་གཉན་རིམས་ཀྱི་ནད་རླབས་གཉིས་པའི་གནས་སྟངས་ཁྲོད་མཐུན་འགྱུར་གནང་མཁན་དང་སྤྱི་ཚོགས་ཞབས་ཞུའི་དང་བླངས་པ་ཚོར་ཕྱག་འཁྱེར་སོགས་གནང་ཡོད།

Latest news