Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: September, 2021

རྒྱ་གར་མཐོ་སློབ་ནས་བོད་པའི་བེུད་ཅིག་ལ་གསེར་གྱི་རྟགས་མ་ཐོབ་འདུག

རྒྱ་གར་ལྷོ་ཕྱོགས་སྦེང་ལོར་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་ KLE Academy of Higher Education and Research ཞེས་པའི་མཐོ་རིམ་ཤེས་ཡོན་དང་ཉམས་ཞིབ་བསྟི་གནས་ཁང་གི་སློབ་མ་བསྟན་འཛིན་ནོར་གཡང་ལགས་ལ་གསེར་གྱི་རྟགས་མ་ཞིག་ཐོབ་འདུག ཁོ་མོ་ཕྱི་ལོ་ ༢༠༡༦ ནས་མཐོ་སློབ་དེར་སློབ་ཞུགས་གནང་བ་ནས་བཟུང་ད་བར་སྨན་ཞབས་པའི་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་པའི་སློབ་སྦྱོང་གནང་བའི་ཁྲོད་ལོ་ལྟར་ཡིག་རྒྱུགས་ནང་ཨང་དང་པོ་བསྟུད་མར་བཞེས་པ་ལྟར། ད་རེས་སློབ་གཉེར་ཁང་གི་བསླབ་པ་མཐར་སོན་གྱི་མཛད་སྒོའི་ཐོག་ཁོང་གིས་ཚན་རིག་དང་འབྲེལ་སྨན་ཞབས་པའི་ཐོག་ལོ་བཞིའི་རིང་སློབ་སྦྱོང་གནང་མཐར་ཡིག་རྒྱུགས་གྲུབ་འབྲས་རྩེ་ཕུད་སོན་པར་བརྟེན་ཁོང་ལ་བསྔགས་བརྗོད་དང་ཆེ་མཐོང་མཚོན་ཕྱིར་གསེར་གྱི་གཟེངས་རྟགས་ཤིག་ཐོབ་ཡོད།གསར་འགོད་པས་བསྟན་འཛིན་ནོར་གཡང་ལགས་སུ་དུས་དང་རྣམ་པ་ཀུན་ཏུ་སློབ་གཉེར་གནང་སྟངས་དང་། ད་རེས་མཐོ་སློབ་ནས་གཟེངས་རྟགས་གནང་སྐབས་ཚོར་བ་ཇི་བྱུང་སྐོར་ལ་བཅར་འདྲི་ཞུས་པར་ཁོང་གིས་གཙོ་བོ་ཕ་མ་གཉིས་ཀྱི་ལམ་སྟོན་དང་འཛིན་གྲྭའི་སྐབས་སུ་སློབ་སྦྱོང་ཐད་ལ་ཐུགས་སྣང་ཆེན་པོ་གནང་སྐོར་དང་། ལྷག་དོན་འཛིན་གྲྭ་གྲོལ་བའི་རྗེས་སུ་ཟུར་དུ་སློབ་གཉེར་གནང་བ་སོགས་ངོ་སྤྲོད་གནང་བ་དང་ཆབས་ཅིག རང་ཉིད་ཀྱིས་དུས་ཚོད་ཆུད་ཟོས་སུ་མི་འགྲོ་བར་འབད་པ་ལྷོད་མྱོང་མེད་པར་གྲུབ་འབྲས་བཟང་པོ་ཞིག་སྨིན་སྟབས་སེམས་ནང་དགའ་སྤོབས་དང་ཕ་མ་གཉིས་ཀྱི་དྲིན་ལན་འཇལ་ཐུབ་པ་ལྟ་བུའི་ཚོར་སྣང་ཞིག་བྱུང་ཞེས་གསུངས་ཡོད།བསྟན་འཛིན་ནོར་གཡང་ལགས་ནི་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་ནས་ཡིན་པ་དང་ཕྱི་ལོ་ ༢༠༡༦ ལོར་འཛིན་རིམ་བཅུ་གཉིས་ཐོན་རྗེས་ KLE སློབ་གཉེར་ཁང་དུ་ B.SC Nursing འམ་སྨན་ཞབས་པའི་སློབ་སྦྱོང་གནང་ཡོད་པརེད།

རེས་གཟའ་ཉི་མ། ༢༠༢༡།༠༩།༠༥

ཉན་པ།: Listen ཕབ་ལེན། Download དབང་འདུས་ཀྱི་ཉིན་དེབ། བོད་ནང་གི་ཤེས་ཡོན་སྡེ་ཁག་གི་གནས་བབ་རྒྱུས་ལོན་གྱི་གཟིགས་ཞིབ་ཐེངས་གསུམ་པའི་སྐོར། Sunday 05/09/2021 Wangdu’s Diary: a personal account of a member of the 3rd fact-finding delegation to Tibet

རེས་གཟའ་སྤེན་པ། ༢༠༢༡།༠༩།༠༤

ཉན་པ།: Listen ཕབ་ལེན། Download སྲིད་སྐྱོང་མཆོག་གི་འདས་པའི་ཉིན་གྲངས་ ༡༠༠ ལས་དོན་སྐོར་གླེང་བ། Saturday 04/09/2021 Sikyong Penpa Tsering: An Interview on his first 100 days in office

རེས་གཟའ་པ་སངས། ༢༠༢༡།༠༩།༠༣

ཉན་པ།: Listen ཕབ་ལེན། Download རྒྱ་ནག་ཕྱོགས་ནས་བརྡ་ལན་རེ་གཉིས་འབྱོར་བཞིན་འདུག་ཅེས་གསུངས་སོང་། Waltham Forest གྲོང་སྡེ་ལས་ཁང་གིས་བོད་མིའི་མང་གཙོའི་ལམ་སྲོལ་ལ་ཆེ་བསྟོད་གནང་བ། གཞོན་སྐྱེས་ཚོས་གཞུང་ལ་བཅངས་པའི་ཡིད་ཆེས་བརླག་ཉེན་ཡོད་པར་གསུངས་སོང་། གསོ་རིག་འབུམ་བཞིའི་མཐོ་སློབ་སྨན་རིའི་གླིང་གི་སྨན་པ་དཀའ་བཅུ་པའི་སློབ་ཐོན། རྒྱ་གར་གྱི་གསོ་བ་རིག་པའི་སྡེ་ཚན་གྱིས་བཞུགས་སྒར་ཁུལ་དུ་སྔོ་སྨན་བགོ་འགྲེམས། Friday 03/09/2021 Few messages reaching us from China: Sikyong Penpa Tsering on 100 days in office Waltham Forest raises Tibet flag for the 4th consecutive year, lauds Tibetan democracy We are losing our faith, Tibetan youth express concern over TPiE stalemate BSRMS Tibetan medical college at Menri Monastery sees first batch of ‘Menpa Kachupas’ graduate Azadi Ka Amrit Mahotsav: Medicinal plant saplings distributed to masses

Waltham Forest གྲོང་སྡེ་ལས་ཁང་གིས་བོད་མིའི་མང་གཙོའི་ལམ་སྲོལ་ལ་ཆེ་བསྟོད་གནང་བ།  

དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་གྱི་བྱང་ནུབ་ཏུ་ཆགས་པའི་ Waltham Forest གྲོང་སྡེ་ལས་ཁང་གིས་གཞུང་འབྲེལ་ཐོག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་བོད་མིའི་མང་གཙོའི་ལམ་བཟང་གསོལ་སྩལ་མཛད་པའི་བཙན་འབྱོལ་བོད་མིའི་མང་གཙོའི་ལམ་ལུགས་ལ་ཆེ་བསྟོད་གནང་སྟེ་གྲོང་སྡེ་ལས་ཁང་གི་མདུན་དུ་བོད་ཀྱི་རྒྱལ་དར་བསྒྲེངས་ཏེ་བོད་མིའི་མང་གཙོའི་དུས་ཆེན་ཐེངས་ ༦༡ པ་སྲུང་བརྩི་ཞུས་འདུགདབྱིན་ཡུལ་གྱི་ Waltham Forest གྲོང་སྡེ་ལས་ཁང་གི་མདུན་དུ་གཞུང་འབྲེལ་ཐོག་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་གནང་བའི་ལས་རིམ་དེ་ནི་ཕྱི་ལོ་ ༢༠༡༨ ལོར་ Waltham Forest ས་གནས་སུ་གནས་སྡོད་བོད་མི་དང་དབྱིན་ཡུལ་བོད་ཀྱི་སྐུ་ཚབ་དོན་ཁང་གཉིས་ཀྱིས་ས་གནས་ཀྱི་གྲོང་སྡེ་ལས་ཁང་ལ་ཡིག་ངག་གཉིས་ཐོག་ནས་བོད་མིའི་མང་གཙོའི་དུས་ཆེན་ཉིན་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་སྐྱོང་ཡོང་བའི་ཞུ་སྐུལ་ཞུས་པར་ངོས་བཞེས་གནང་ནས་ལོ་དེའི་བོད་མིའི་མང་གཙོའི་དུས་ཆེན་ཐེངས་ ༥༩ ཐོག་Waltham Forest གྲོང་སྡེ་ལས་ཁང་གི་མདུན་ངོས་སུ་དེ་བྱུང་གི་རང་བཞིན་ལྡན་པའི་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་ཆེས་ཐོག་མ་དེ་གནང་ཡོད་པ་རེད།ལས་རིམ་དེ་གཙོ་བོ་ Waltham Forest གྲོང་སྡེ་ལས་ཁང་གིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་བོད་མིའི་མང་གཙོའི་ལམ་བཟང་གསོལ་སྩལ་མཛད་པའི་བཙན་འབྱོལ་བོད་མིའི་མང་གཙོའི་ལམ་སྲོལ་ལ་འདས་པའི་མི་ལོ་ ༦༠ ནང་གཟེངས་སུ་ཐོན་པའི་གྲུབ་འབྲས་ལ་ཆེ་བསྟོད་གནང་ཕྱིར་ཡིན་པ་རེད།དུས་དེ་ནས་བཟུང་སྟེ་ད་བར་ Waltham Forest ནས་གྲོང་སྡེ་ལས་ཁང་གི་མདུན་ངོས་སུ་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་ཀྱིས་ས་གནས་བོད་མི་ཚོས་བོད་མིའི་མང་གཙོའི་དུས་ཆེན་སྲུང་བརྩི་ཞུ་བཞིན་ཡོད་པ་ལྟར་ཁ་སང་ཟླ་ ༩ ཚེས་ ༢ ཉིན་ Waltham Forest གྲོང་སྡེ་ལས་ཁང་གི་མདུན་དུ་གྲོང་སྡེ་སྤྱི་ཁྱབ་པ་ལྕམ་སྐུ་ Elizabeth Baptise མཆོག་དབུ་བཞུགས་ཐོག་གྲོང་སྡེ་ལས་ཁང་གི་འཐུས་མི། དབྱིན་ཡུལ་བོད་ཀྱི་སྐུ་ཚབ་དོན་གཅོད་བསོད་ནམ་ཕར་སི་ལགས། ས་གནས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་བཅས་འདུ་འཛོམས་ཐོག་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་ཀྱིས་བོད་མིའི་མང་གཙོའི་དུས་ཆེན་ཐེངས་ ༦༡ པ་སྲུང་བརྩི་ཞུས་ཡོད།སྐབས་དེེར་གྲོང་སྡེ་སྤྱི་ཁྱབ་པ་ལྕམ་སྐུ་ Elizabeth Baptise མཆོག་དང་ལས་རིམ་གཙོ་སྐྱོང་གནང་མཁན་གྲོང་སྡེ་ལས་ཁང་གི་འཐུས་མི་སྐུ་ཞབས་ Kastriot Berberi ལགས་གཉིས་ཀྱིས་འདས་པའི་ལོ་ངོ་ ༦༠ ནང་ས་གནས་དེར་ཡོད་པའི་བོད་མི་ཚོས་རང་མི་རིགས་ཀྱི་ཆོས་དང་རིག་གཞུང་། བོད་མིའི་མང་གཙོའི་ལམ་སྲོལ་བཟང་པོ་བརྒྱུད་ནས་དབྱིན་ཡུལ་སྤྱི་དང་སྒོས Waltham Forest ས་གནས་ཀྱི་མང་ཚོགས་ལ་ལེགས་སྐྱེས་གང་ལེགས་ཕུལ་ཡོད་པར་ཆེ་བསྟོད་གནང་བ་མ་ཟད་བོད་དོན་ལ་རྒྱབ་སྐྱོར་མུ་མཐུད་གནང་རྒྱུའི་ཞལ་བཞེས་གནང་ཡོད།དབྱིན་ཡུལ་སྐུ་ཚབ་དོན་གཅོད་བསོད་ནམས་ཕརསི་ལགས་ཀྱིས་ Waltham Forest གྲོང་སྡེ་སྤྱི་ཁྱབ་པ་མཆོག་གིས་གཙོས་པའི་འབྲེལ་ཡོད་རྣམས་ནས་ད་བར་བོད་དོན་ཐོག་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ། བོད་ནང་དུ་བཞུགས་པའི་བོད་མི་ཚོ་རྒྱ་ནག་གཞུང་གིས་ཆེས་གདུག་རྩུབ་ཅན་གྱི་བཙན་གནོན་འོག་བོད་མི་ཚོར་མང་གཙོའི་ཁེ་དབང་ལོངས་སུ་སྤྱོད་རྒྱུའི་གོ་སྐབས་མེད་སྟབས། བོད་ཀྱི་རྒྱལ་དར་སྒྲེང་འཛུགས་ཀྱི་ལས་རིམ་དང་རྣམ་པ་ཚོས་ངེད་ཅག་ལ་རྒྱབ་སྐྱོར་དེ་ལྟར་གནང་བ་དེས་རྒྱ་གཞུང་གི་བཙན་གནོན་འོག་ཡོད་པའི་གཞིས་བཞུགས་བོད་མི་ཚོའི་སེམས་ནང་བདེ་སྐྱིད་ཅིག་དང་རེ་བའི་བརྡ་ལན་ཞིག་གནང་ཡོད་ཅེས་གསུངས་འདུག

གསོ་རིག་འབུམ་བཞིའི་མཐོ་སློབ་སྨན་རིའི་གླིང་གི་སྨན་པ་དཀའ་བཅུ་པའི་སློབ་ཐོན།

ཕྱི་ལོ་  ༢༠༢༡  ཟླ་  ༨ ཚེས་ ༣༡ ཉིན་༸ཞྭ་དཀར་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་ ༣༣ པ་མཆོག་གི་དགོངས་རྫོགས་འདས་མཆོད་ཀྱི་དུས་ཚིགས་དང་ལྷག་པར་དུ་གསོ་རིག་འབུམ་བཞིའི་མཐོ་སློབ་དེ་བོད་ཀྱི་གསོ་རིག་ལྷན་ཚོགས་སུ་གཏན་འཇགས་དེབ་སྐྱེལ་བྱུང་བའི་དུས་ཚིགས་སོགས་དང་བསྟུན་གསོ་རིག་འབུམ་བཞིའི་མཐོ་སློབ་ཀྱི་སྐབས་དང་པོའི་སྨན་པ་དཀའ་བཅུ་པའི་བསླབ་པ་མཐར་སོན་གྱི་མཛད་སྒོ་ཚོགས་ཡོད།མཛད་སྒོའི་ཐོག་༸ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་རྒྱན་༸སྐྱབས་རྗེ་སྨན་རི་ཁྲི་འཛིན་ ༣༤ པ་ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་ཆེ་མཆོག་དང་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་རྣམ་གཉིས་དབུ་བཞུགས་ཐོག་སྐབས་དང་པོའི་སྨན་པ་དཀའ་བཅུ་པའི་བསླབ་པ་མཐར་སོན་མཁན་གྱི་སློབ་མ་བཞི་དང་མཐོ་སློབ་ཀྱི་མཛད་གཙོ་རྣམ་པ་དང་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་ཁག་གི་འགན་འཛིན་དང་ས་གནས་ཀྱི་མང་ཚོགས་བཅས་ལྷན་བཞུགས་གནང་འདུག སྐབས་དེར་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་མཁན་སློབ་རྣམ་གཉིས་ཀྱིས་སྐབས་དང་པོའི་སྨན་པ་དཀའ་བཅུ་པའི་བསླབ་པ་མཐར་སོན་པའི་སྨན་པ་རྣམས་ལ་ཕྱག་འཁྱེར་གནང་འདུག༸ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་རྒྱན་༸སྐྱབས་རྗེ་སྨན་རི་ཁྲི་འཛིན་ ༣༤ པ་ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་ཆེ་མཆོག་གིས་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་ ༣༣ པ་མཆོག་གི་ཐུགས་ཀྱི་དགོངས་གཞི་ལྟར་གསོ་རིག་འབུམ་བཞིའི་མཐོ་སློབ་ཆེད་འཛུགས་གནང་སྟེ་སྐབས་དང་པོའི་སྨན་པ་དཀའ་བཅུའི་བསླབ་མ་ཐར་སོན་པ་མ་ཟད་གསོ་རིག་ལྷན་ཚོགས་སུ་གཏན་འཇགས་དེབ་སྐྱེབ་བྱུང་བ་སོགས་ནི་༸སྐྱབས་རྗེ་སྨན་རི་ཁྲི་འཛིན་ ༣༣ པ་མཆོག་གི་སྐུ་དྲིན་ཐུགས་སུ་བཅངས་ནས་ལོ་ངོ་དྲུག་རིང་སློབ་སྦྱོང་གནང་བའི་རིག་གཞུང་བཟང་པོ་དེ་སྐྱེ་འགྲོ་སྤྱིའི་སླད་དུ་འཛམ་གླིང་ཡོངས་ལ་ཁྱབ་སྤེལ་གནང་དགོས་པ་དང་། ལོ་ངོ་དྲུག་རིང་ཧུར་བརྩོན་གནང་བ་དེ་འཕྲོ་བརླག་ཏུ་མི་འགྲོ་བར་གནང་དགོས་པ་ལམ་སྟོན་གནང་ཡོད།༧སྐྱབས་རྗེ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་གིས་འགྲོ་བ་མི་ནི་ལུས་སེམས་གཉིས་ལས་གྲུབ་པ་ཞིག་དང་ལུས་ཀྱི་ན་ཚ་དེ་སྨན་གྱི་ཐོག་ནས་སེལ་བ་དང་སེམས་ཀྱི་ན་ཚ་དེ་ཆོས་ཀྱི་ཐོག་ནས་སེལ་དགོས་ཀྱི་ཡོད་སྟབས། ཕྱིའི་ན་ཚ་བཅོས་པར་སྨན་སྦྱོར་བྱེད་སྟངས་ཙམ་མིན་པར་སྨན་གྱི་གྲུབ་ཐབས་གཙོས་སྔགས་ཀྱི་བྱིན་རླབས་གནང་སྟངས་སོགས་ཤེས་པའི་སྒོ་ནས་ཀུན་སློང་རྣམ་པར་དག་པ་ཞིག་དགོས་པ། སློབ་མཐར་སོན་མཁན་གྱི་སྨན་པ་ཚོས་མ་འོངས་པར་གསོ་རིག་འབུམ་བཞིར་སློབ་སྦྱོང་མུ་མཐུད་ནས་གནང་གལ་དང་དེ་དག་ལ་བཀའ་འགྲེལ་དང་མཆན་འགྲེལ་གྱི་ཕྱག་དེབ་རིགས་བརྩམ་ཐུབ་ཚེ་མ་འོངས་པའི་རྗེས་འཇུག་རྣམས་ལ་ཕན་ཐོགས་ཆེན་པོ་ཡོད་པར་ལམ་སྟོན་གནང་ཡོད།མཐོ་སློབ་ཀྱི་འགན་འཛིན་གྱིས་མཐོ་སློབ་ཀྱི་ངོ་སྤྲོད་གསུང་བཤད་དང་འབྲེལ་ཏེ་ལོ་ངོ་དྲུག་གི་སློབ་དུས་སུ་སློབ་ཕྲུག་རྣམས་ལ་སྨན་པའི་སློབ་སྦྱོང་དང་ལྷན་དུ་ཟླ་རེར་སརྒྱས་སྨན་ལྷའི་ཆོ་ག་དང་། སྨན་རྩ་ངོ་སྤྲོད། སྨན་སྦྱོར་ཁང་དུ་སྨན་རིགས་བཟོ་སྐྲུན་གནང་རྒྱུ། དེ་བཞིན་བརྟག་དཔྱད་ཁང་དུ་བཅོས་ཐབས་དང་། བསྐུ་མཉེ། མེ་རྩ། ལུམ། མེ་འབུམ། སྐམ་ཁབ་སོགས་ཀྱི་སྦྱོང་བརྡར་གནང་ཡོད་པ་མ་ཟད་བོད་ཀྱི་གསོ་བ་རིག་པའི་ཟབ་སྦྱོང་དང་བགྲོ་གླེང་ཐོག་མཉམ་ཞུགས་དང་ལྟ་སྐོར་སོགས་གནང་ཡོད་སྐོར་གསུངས་པ་དང་ཆབས་ཅིག མཐའ་མའི་ལོ་གཅིག་དེ་སྲོལ་རྒྱུན་སྨན་པ་ཞིག་དང་ལྷན་དུ་མཉམ་གསོག་གི་མཐུན་འགྱུར་སྐྲུན་ཐུབ་ཡོད་པ་སོགས་གསུངས་ཡོད། གཞི་རྩའི་གསོ་རིག་འབུམ་བཞིའི་མཐོ་སློབ་གི་སྐབས་དང་པོའི་སྨན་པ་དཀའ་བཅུ་པའི་བསླབ་པ་མཐར་སོན་གྱི་མཛད་སྒོ་དེ་བཞིན་ཕྱི་ལོ་ ༢༠༢༠ ལོར་འཚོགས་འཆར་ཡོད་ཀྱང་ཏོག་དབྱིབས་གཉན་རིམས་གྱི་རྐྱེན་གྱིས་ཚོགས་ཐུབ་མེད་པ་དང་།དེ་རྗེས་༸སྐྱབས་རྗེ་རྒྱལ་བ་སྨན་རི་ཁྲི་འཛིན་ ༣༤ པ་མཆོག་གིས་འདི་ལོའི་ཕྱི་ཟླ་ ༥ ཚེས་ ༡༣ སྟེ་མཐོ་སློབ་དབུ་བརྙེས་པའི་དུས་ཚིགས་སྐབས་བསྐོང་ཚོགས་གནང་རྒྱུར་ལམ་སྟོན་ཕེབས་ཀྱང་སླར་གཉན་རིམས་རྐྱེན་གྱིས་གནང་ཐུབ་མེད་པ་ལྟར་ཕྱི་ཟླ་ ༨ ཚེས་ ༣༡ ཉིན་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་ ༣༣ པ་མཆོག་གི་དགོངས་རྫོགས་འདས་མཆོད་དང་བསྟུན་མཐར་ཕྱིན་སློབ་མའི་མཛད་སྒོ་དེ་ཚོག་གནང་ཡོད་པ་རེད།

གཞོན་སྐྱེས་ཚོས་གཞུང་ལ་བཅངས་པའི་ཡིད་ཆེས་བརླག་ཉེན་གྱི་བློ་འཚབ།

ཁ་སང་ཕྱི་ཟླ་ ༩ ཚེས་ ༢ ཉིན་མོ་དེ་ནི་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་བོད་པ་ཚོར་མང་གཙོའི་ལམ་བཟང་གསོལ་སྩལ་བཀའ་དྲིན་བསྐྱངས་ཏེ་མི་ལོ་ ༦༡ འཁོར་བའི་ཉིན་མོ་ཞིག་ཆགས་ཀྱི་ཡོད་པ་དང་དུས་རྒྱུན་བཙན་བྱོལ་བོད་མི་རྣམས་ཀྱིས་ཉིན་མོ་དེར་དགའ་དགའ་སྤྲོ་སྤྲོའི་ངང་སྲུང་བརྩི་ཞུ་བཞིན་ཡོད་ཀྱང་། ད་ཆ་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་འཚོགས་མ་ཐུབ་པ་དང་དེའི་རྐྱེན་གྱིས་བཀའ་བློན་རྣམ་པ་བསྐོ་གཞག་གནང་མ་ཐུབ་པ་སོགས་ཀྱི་དཀའ་ངལ་རིམ་པ་འཕྲད་བཞིན་པའི་གནད་དོན་ལ་བརྟེན་ནས་གཞིས་བྱེས་གཉིས་ཀྱི་བོད་མི་ཡོངས་ནས་ཐུགས་འཚབ་ཆེན་པོ་གནང་བཞིན་པ་མ་ཟད། ལྷག་པར་དུ་བོད་མིའི་གཞོན་སྐྱེས་རྣམས་ཀྱིས་ཀྱང་གནད་དོན་དེར་བློ་འཚབ་དང་འབྲེལ་ཏེ་ཕན་ཚུན་དབར་གྲོས་མོལ་གྱི་སྒོ་ནས་དཀའ་རྙོག་དེ་གང་མགྱོགས་སེལ་མ་ཐུབ་ཚེ་གཞོན་སྐྱེས་ཚོས་རང་ཉིད་ཀྱི་གཞུང་ལ་བཅངས་པའི་ཡིད་ཆེས་དང་རེ་བ་བརླག་ཉེན་ཡོད་པར་འགྲེལ་བརྗོད་གནང་ཡོད།གསར་འགོད་པས་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་གྲོང་ཁྱེར་ནང་དུ་བཅའ་བཞུགས་བོད་པའི་མཐོ་རིམ་སློབ་མ་ཁག་ཅིག་ལ་བོད་ཀྱི་མང་གཙོའི་དུས་དྲན་ཐེངས་ ༦༡ པའི་ཐོག་རང་ཉིད་ཀྱི་རྒྱུད་ལ་ཚོར་བ་གང་འདྲ་ཞིག་ཡོང་གི་ཡོད་པ་དང་། སྤྱི་འཐུས་རྣམ་པའི་དམ་འབུལ་དང་འབྲེལ་བའི་གནད་དོན་ཐོག་བསམ་ཚུལ་ཇི་ཡོད་བཅར་འདྲི་ཞུས་པར་ཁོང་རྣམ་པས་མང་གཙོའི་དུས་དྲན་གོང་དུ་གནད་དོན་དེ་སེལ་བའི་རེ་བ་ཆེན་པོ་གནང་ཡོད་ཀྱང་དངོས་སུ་དེ་ལྟར་གནང་ཐུབ་མེད་སྟབས་ཧ་ཅང་སེམས་འཚབ་གནང་བཞིན་པ་དང་ལྷག་དོན་༸གོང་ས་མཆོག་གིས་ཐུགས་བརྩེ་ཆེན་པོས་བོད་མི་རྣམས་ལ་ཡང་དག་པའི་མང་གཙོ་གསོལ་སྩལ་མཛད་པ་དེར་ཆེས་མཐོང་རྩ་བ་ནས་ཞུ་གི་མེད་པའི་རྣམ་པ་མཚོན་གྱི་ཡོད་པ་མ་ཟད། རང་རིགས་གཞོན་སྐྱེས་ཚོར་མིག་དཔེ་ངན་པ་ཞིག་ཆགས་ཀྱི་སྐོར་གསུངས་ཡོད།མཐོ་རིམ་སློབ་མ་དེ་དག་གིས་ཐེངས་འདིའི་དུས་ཚིགས་དང་བསྟུན། བཙན་བྱོལ་བོད་མིའི་དབུ་འཁྲིད་རྣམས་ལ་གུ་ཡངས་ཀྱི་ཐོག་ནས་ཕན་ཚུན་དབར་བཀའ་བསྡུར་གནང་དགོས་པའི་ཞུ་སྐུལ་དང་། ཕྱི་ཟླ་དགུ་པའི་གྲོས་ཚོགས་དེ་འཚོགས་ཐུབ་པ་གནང་སྟེ་རིམ་པས་བཅའ་ཁྲིམས་ལ་བསྐྱར་བཅོས་གནང་དགོས་གལ་སྐོར་གསུངས་པ་དང་འབྲེལ། གལ་ཏེ་འཕྲལ་དུ་གནང་མ་ཐུབ་པ་ཡིན་ན་འཐབ་རྩོད་ཐོག་ང་ཚོར་གྱོང་གུད་ཆེན་པོ་ཕོག་ངེས་པ་ལ་ཁ་གསབ་ཐུབ་རྒྱུ་དཀའ་སྐོར་གསུངས་ཡོད།

རེས་གཟའ་ཕུར་བུ། ༢༠༢༡།༠༩།༠༢

ཉན་པ།: Listen ཕབ་ལེན། Download ད་ལྟའི་གྲོས་ཚོགས་ཀྱི་དཀའ་ངལ་དེ་འཕྲལ་དུ་སེལ་མ་ཐུབ་ཚེ་བོད་ནང་ནས་བོད་དོན་གྱི་ལས་འགུལ་སྤེལ་མཚམས་འཇོག་རྒྱུའི་བརྡ་ལན་འབྱོར་འདུག ཇིས་པཱ་ཡུལ་ལུང་དུ་བོད་དོན་དྲིལ་བསྒྲགས་སྐོར་སྐྱོད། བཙན་བྱོལ་དུ་བོད་གཞུང་དང་མང་གཙོའི་དུས་ཆེན་དབུ་བརྙེས་སྟངས་དང་འཕེལ་རིམ། Thursday 02/09/2021 CTA marks 61st Democracy Day, urges end to Parliament stalemate Walking the Himalayas: Tibet activist reaches Jispa Democracy in Exile: an overview

ད་ལྟ་འཕྲད་བཞིན་པའི་དཀའ་ངལ་འདི་འཕྲལ་དུ་སེལ་མ་ཐུབ་ཚེ་བོད་ནང་རྩ་དོན་གྱི་ལས་འགུལ་སྤེལ་མཚམས་འཇོག་རྒྱུའི་བརྡ་ལན་འབྱོར་འདུག

དེ་རིང་བོད་མིའི་མང་གཙོའི་དུས་དྲན་ཐེངས་ ༦༡ ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དབུས་བོད་མིའི་སྒྲིག་འཛུགས་ལ་དེ་སྔོན་ཕྱི་ལོ་ ༡༩༨༠ གྱ་གྲངས་ནང་ལ་འཕྲད་པའི་དཀའ་ངལ་སོགས་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་གྱི་ལོ་རྒྱུས་ཁག་ཅིག་དྲན་སྐུལ་དང་འབྲེལ་ཏེ། ད་ལྟ་གནས་སྐབས་འཕྲད་བཞིན་པའི་དཀའ་རྙོག་འདིའི་ཐོག་ང་ཚོར་སེམས་ཐག་ཉེ་བའི་གཞུང་དང་གྲོས་ཚོགས། བོད་དོན་རྒྱབ་སྐྱོར་བ་བཅས་ནས་ཐུགས་འཚབས་ཆེན་པོ་གནང་བཞིན་ཡོད་པ་མ་ཟད། ལྷག་པར་དུ་བོད་ནང་ནས་ཀྱང་དཀའ་རྙོག་འདི་འཕྲལ་དུ་སེལ་མ་ཐུབ་ཚེ་རྩ་དོན་གྱི་ལས་འགུལ་ཁག་སྤེལ་མཚམས་འཇོག་རྒྱུ་ཡིན་པའི་བརྡ་ལན་འབྱོར་བྱུང་ཞེས་གསུངས་པ་དང་ཆབས་ཅིག བཀའ་ཤག་གསར་པའི་ངོས་ནས་དཀའ་ངལ་འདི་སེལ་ཐབས་སུ་བོད་མིའི་བཅའ་ཁྲིམས་ཀྱི་དགོངས་དོན་ཐབས་ཚུལ་གང་ལའང་མཐུན་འགྱུར་རྒྱབ་སྐྱོར་ཞུ་ངེས་ཡིན་ཅེས་གསུངས་ཡོད།དེ་རིང་ཕྱི་ཟླ་ ༩ ཚེས་ ༢ ཉིན་གྱི་སྔ་དྲོ་ཚོུད་ ༩་༣༠ ཐོག་བཞུགས་སྒར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཚོགས་ཁང་དུ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དབུས་པའི་མཛ་གཙོ་རྣམ་པ་དང་དྲུང་གཞོན་ཡན་གྱི་སྲི་ཞུ་བ་རྣམས་ལྷན་འཛོམས་ཀྱིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མང་གཙོའི་ལམ་བཟང་གསོལ་སྩལ་བཀའ་དྲིན་བསྐྱངས་ཏེ་མི་ལོ་ ༦༡ འཁོར་བའི་གཞུང་འབྲེལ་གྱི་མཛད་སྒོ་གཟབ་རྒྱས་ཚོགས་ཡོད་པ་རེད།སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བཀའ་ཤག་གི་མང་གཙོའི་དུས་དྲན་གྱི་གསུད་བཤད་ཐོག་མ་དེར་ཕྱི་ལོ་ ༡༩༦༡ ལོར་དཀའ་ཚེགས་ཆེ་བའི་ཁོར་ཡུག་ཁྲོད་བཙན་བྱོལ་དུ་སྐབས་དང་པོའི་སྤྱི་འཐུས་ལྷན་ཚོགས་དབུ་བརྙེད་པ་ནས་བཟུང་སྟེ་ད་བར་མང་གཙོའི་འཕེལ་རིམ་ཁག་ཞིབ་རྒྱས་ངོ་སྤྲོད་གནང་བ་དང་། མང་གཙོའི་གོམ་སྟབས་རླབས་ཆེན་དེར་དེ་སྔ་ ༡༩༨༠ ནང་དུ་འགོག་རྐྱེན་མི་ཉུང་བ་ཞིག་འཕྲད་མྱོང་ཡོད་ཀྱང་། ༸གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་བརྟན་ཅིང་གཡོ་བ་མེད་པའི་མཐུ་ནུས་ལ་བརྟེན་ནས་དུས་རབས་འཕེལ་འགྱུར་གྱི་གོམ་སྟབས་དང་མཐུན་པའི་བསྒྱུར་བཅོས་མཛད་པ་རྣམས་ལ་བཀག་འགོག་གཏན་ནས་གནང་ཐུབ་མེད་སྐོར་གསུངས་སོང་།སྲིད་སྐྱོང་མཆོག་གིས་མང་གཙོའི་ལམ་ལུགས་ཀྱི་སྙིང་པོ་གང་ཡིན་པར་ངོ་སྤྲོད་གནང་བ་དང་། སྐབས་གསར་པའི་བཀའ་ཤག་གི་སྤྱི་སྙོམས་དྲང་བདེན་གྱི་བསྒྲགས་ཚིག་སྙིང་པོ་ཁྲིམས་ཀྱི་དབང་སྒྱུར་ཡིན་པར་ནན་གསུངས་ཀྱིས་དེ་རིང་གཞིས་བཞུགས་སྤུན་ཟླ་རྣམས་ལ་མང་གཙོའི་དུས་ཆེན་གྱི་འཚམས་འདྲི་གནང་བ་མ་ཟད། རྒྱ་གཞུང་གིས་ཆེས་གདུག་རྩུབ་ཅན་གྱི་སྲིད་བྱུས་འོག་དཀའ་སྡུག་མྱོང་བཞིན་པ་དང་ཉེ་ལམ་རྒྱ་ནག་གཞུང་གིས་རྒྱབ་ཤ་དཀར་པོའི་དེབ་སྔ་རྗེས་སུ་བཀྲམ་ནས་རྫུན་སྒྲོག་བྱེད་ཚུལ་སོགས་ལ་མ་ལྟོས་པར་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་སྲུང་སྐྱོབ་གནང་ཕྱིར་འབད་པ་ལྷོད་མེད་གནང་བཞིན་པར་སྙིང་དབུས་ནས་བཀའ་དྲིན་ཚོར་བཞིན་ཡོད་ཅེས་གསུངས་ཏེ་གཞིས་བྱེས་ལྷན་འཛོམས་བྱུང་དགོས་པ་ནི་ང་ཚོ་ཐུན་མོང་གི་དམིགས་ཡུལ་ཞིག་ཡིན་སྟབས། ཕུགས་རེ་མངོན་འགྱུར་གྱི་ཕྱོགས་སུ་གོམ་པ་མདུན་སྤོ་གནང་རྒྱུའི་ཆོད་སེམས་ལ་ཞུམ་པ་མེད་པ་གནང་རོགས་ཞེས་གཞེན་སྐུལ་གནང་ཡོད།ད་ལྟའི་ཆར་སྤྱི་འཐུས་རྣམ་པའི་དམ་འབུལ་གྱི་གནད་དོན་དང་འབྲེལ་ནས་སྤྱི་འཐུས་ལྷན་ཚོགས་འཚོགས་མ་ཐུབ་པའི་དཀའ་ངལ་གྱི་རྐྱེན་གྱིས་ང་ཚོར་སེམས་ཐག་ཉེ་བའི་གཞུང་དང་གྲོས་ཚོགས། བོད་དོན་རྒྱབ་སྐྱོར་བ་བཅས་ནས་ཐུགས་འཚབས་ཆེན་པོ་གནང་བཞིན་ཡོད་པ་མ་ཟད། ལྷག་དོན་བོད་ནང་ནས་ཀྱང་དཀའ་རྙོག་འདི་འཕྲལ་དུ་སེལ་མ་ཐུབ་ཚེ་རྩ་དོན་གྱི་ལས་འགུལ་ཁག་སྤེལ་མཚམས་འཇོག་རྒྱུ་ཡིན་པའི་བརྡ་ལན་འབྱོར་བྱུང་ཞེས་གསུངས་པ་དང་འབྲེལ་ཏེ་བཀའ་ཤག་གསར་པའི་ངོས་ནས་དཀའ་ངལ་འདི་སེལ་ཐབས་སུ་བོད་མིའི་བཅའ་ཁྲིམས་ཀྱི་དགོངས་དོན་ཐབས་ཚུལ་གང་ལའང་མཐུན་འགྱུར་རྒྱབ་སྐྱོར་ཞུ་ངེས་ཡིན་ཅེས་གསུངས་ཡོད།དེ་རིང་མང་གཙོའི་དུས་ཆེན་ཐེངས་ ༦༡ ཐོག་གཞན་ཡང་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་འདི་ལོའི་སྲིད་སྐྱོང་སློབ་ཡོན་བཞེས་མཁན་གྱི་སློབ་ཕྲུག་དང་འཛིན་རིམ་བཅུ་པའི་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོར་བརྒྱ་ཆ་ ༩༥ ཡན་ལོན་པའི་སློབ་ཕྲུག ༸དཔལ་ལྡན་དགའ་ལྡན་ཕོ་བྲང་གི་བྱ་དགའ་བཞེས་མཁན་གྱི་སློབ་ཕྲུག དེ་བཞིན་སྲིད་སྐྱོང་རིགས་གཅིག་རྐང་འཛིན་ཆེད་བསྟོད་བཞེས་མཁན་བཅས་ལ་ཕྱག་འཁྱེར་དང་གཟེངས་བསྟོད་གནང་ཡོད། ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་མཆོག་གིས་བདེན་རྒྱབ་རྩོམ་སྒྲིག་ཚོགས་ཆུང་གིས་དཔར་བསྐྲུན་ཞུས་པ་སྐུའི་གཅེན་པོ་བཀའ་བློན་ཁྲི་ཟུར་རྒྱ་ལོ་དོན་གྲུབ་མཆོག་གི་སྐུ་ཚེའི་ལོ་རྒྱུས་བོད་ཀྱི་ཁྲག་དང་མིག་ཆུའི་ལོ་རྒྱུས་ལས་བརྒྱུས་པའི་རྒྱ་ལོ་དོན་གྲུབ་ཀྱི་མི་ཚེ་ཞེས་པ་དབུ་འབྱེད་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བ་ཞབས་ལོ་ ༢༥ ཡན་འཁོར་མཁན་སྲི་ཞུ་བ་གཅིག་ལ་ལེགས་གསོལ་ཕྱག་འཁྱེར་གནང་ཡོད།མཛད་སྒོའི་ཐོག་བོད་ཀྱི་ཟློས་གར་ཚོགས་པས་མང་གཙོའི་གསར་གཞས་དང་མཉམ་གཞས་ཆིག་སྒྲིག་སོགས་རྐང་བྲོ་གླུ་གཞས་ཁག་ཅིག་གཟིགས་འབུལ་ཞུས་ཡོད་པ་རེད།

Latest news