Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: December, 2022

རེས་གཟའ་ཕུར་བུ། ༢༠༢༢།༡༢།༡༥

ཉན་པ།: Listen ཕབ་ལེན། Download ཁེ་ན་ཌའི་གྲོས་ཚོགས་སུ་སྤྱི་མོས་ཀྱིས་བོད་དོན་རྒྱབ་སྐྱོར་གྱི་གྲོས་ཆོད་གཏན་འབེབས། བོད་མཚོ་སྔོན་ཁུལ་དུ་མིག་འབྲས་རིགས་རྫས་བསྡུ་ལེན་རྒྱ་ཆེ་ཤོས་དེ་བྱས་ཡོད་པར་མངོན་གསལ། ༸སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་སྐུ་ཕྲེང་བཞི་པས་༸གོང་ས་མཆོག་ལ་གསར་མཇལ་ཞུས་པ། བོད་མིའི་ཁྱིམ་ཚང་ལྔས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་མཆོག་ལ་བོད་དོན་ཞུ་གཏུག རྒྱ་གཞུང་ནས་གཉན་རིམས་ཁྲོད་འདས་གྲོངས་ཕྱིན་པའི་གྲངས་འབོར་སྦས་སྐུངས་བྱས་པར་སྐྱོན་བརྗོད། Thursday 15/12/2022 Canadian Parliament passes Sino-Tibet dialogue motion unanimously New report exposes mass Iris scan collection in ‘Qinghai’ 4th Taklung Tsetrul Rinpoche receives blessing from Dalai Lama 5 Tibetan family appeal UN Rights Chief to intervene on Tibet China slammed for hiding Covid death in Tibet

བོད་མཚོ་སྔོན་ཁུལ་དུ་མིག་འབྲས་རིགས་རྫས་བསྡུ་ལེན་རྒྱ་ཆེ་ཤོས་དེ་བྱས་ཡོད་པར་མངོན་གསལ།

ཁེ་ན་ཌའི་ཊོ་རོན་ཊོ་གཙུག་ལག་སློབ་གཉེར་ཁང་གི་ Citizen Lab ཞེས་པའི་དྲ་རྒྱའི་བདེ་འཇགས་ཉམས་ཞིབ་ཚན་པས་སྙན་ཐོ་ཞིག་འདོན་སྤེལ་གནང་བར་རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༡༩ ལོའི་ཕྱི་ཟླ་ ༧ པ་བར་བོད་མཚོ་སྔོན་ཁུལ་གྱི་མཚོ་ཤར་དང་མཚོ་བྱང་། དེ་བཞིབ་ཡུལ་ཤུལ་བཅས་བོད་མིའི་ས་ཁུལ་གསུམ་གྱི་ནང་ནས་མང་ཚོགས་ས་ཡ་གཅིག་དང་ཕྱེད་ཀ་མིན་ཙམ་གྱི་ Iris Scan འམ་མིག་འབྲས་རིགས་རྫས་བསྡུ་ལེན་བྱས་ཡོད་པ་མངོན་གསལ་དང་སྦྲགས། ད་བར་རྒྱ་ནག་ནང་མི་འབོར་ལ་གཞིགས་པའི་མང་ཚོགས་ཀྱི་རིགས་རྫས་ཁྲོད་མིག་འབྲས་རིགས་རྫས་བསྡུ་ལེན་ཆེས་མང་ཤོས་བྱས་པ་དེ་ཆགས་ཀྱི་ཡོད་པར་གསལ་འདོན་གནང་འདུག ཁ་སང་ཚེས་ ༡༤ ཉིན་ Citizen Lab ཉམས་ཞིབ་ཁང་གི་དྲ་གནས་ཐོག་ཤོག་གྲངས་ ༣༠ ལྷག་གྱི་སྙན་ཐོ་ཞིག་འདོན་སྤེལ་གནང་བའི་ནང་རྒྱ་ནག་གཞུང་གིས་ཉེན་རྟོག་པ་བརྒྱུད་ནས་ཕྱི་ལོ་ ༢༠༡༩ ཕྱི་ཟླ་ ༧ པ་བར་བོད་མཚོ་སྔོན་ཁུལ་གྱི་མཚོ་ཤར་དང་མཚོ་བྱང་། དེ་བཞིན་ཡུལ་ཤུལ་བཅས་བོད་མིའི་ས་ཁུལ་གསུམ་གྱི་ནང་ནས་མང་ཚོགས་ས་ཡ་གཅིག་དང་ཕྱེད་ཀ་མིན་ཙམ་གྱི་ Iris Scan འམ་མིག་འབྲས་རིགས་རྫས་བསྡུ་ལེན་བྱས་ཡོད་པ་དང་། དེའང་མཚོ་སྔོན་ཞིང་ཆེན་གྱི་མི་འབོར་ཁྱོན་ས་ཡ་ ༥་༩ ཁྲོད་ནས་བརྒྱ་ཆ་ ༢༦ ཙམ་ཆགས་ཀྱི་ཡོད་སྟབས། ད་བར་རྒྱ་ནག་ནང་མི་འབོར་ལ་གཞིགས་པའི་མང་ཚོགས་ཀྱི་རིགས་རྫས་ཁྲོད་མིག་འབྲས་རིགས་རྫས་བསྡུ་ལེན་ཆེས་མང་ཤོས་བྱས་པ་དེ་ཆགས་ཀྱི་ཡོད་པར་གསལ་འདོན་གནང་ཡོད། རྒྱ་གཞུང་ཉེན་རྟོག་པས་ཉེས་དོན་འགོག་ཐབས་དང་བྱིས་པ་བཙན་ཁྲིད་འགོག་ཐབས། མི་འབོར་བརླག་ཤོར་བ་འཚོལ་ཐབས། མང་ཚོགས་ཀྱི་ངོ་སྤྲོད་ལག་འཁྱེར་བཟོ་སླད་ཡིན་ཁུལ་གྱི་རྒྱུ་མཚན་སྣ་ཚོགས་ཁག་དཀྲི་བྱས་ཡོད་ཀྱང་། Citizen Lab ཞིབ་འཇུག་གནང་བའི་ཁྲོད་ཉེན་རྟོག་པས་རིགས་རྫས་བགྲང་གསོག་བྱས་པ་དེ་དག་མང་ཚོགས་ལ་དམ་བསྒྲགས་དང་ལྟ་སྲུང་བྱ་ཕྱིར་སྤྱོད་སྲིད་པས་ལོ་མང་རིང་ནས་གསང་བའི་ལས་གཞིའི་ཆ་ཤས་ཡིན་པ་དང་། མིག་འབྲས་རིགས་རྫས་མཁོ་སྒྲུབ་ཀྱི་ལས་གཞི་བརྒྱུད་ནས་མཚོ་སྔོན་ཉེན་རྟོག་པས་བོད་མིའི་སྤྱི་ཚོགས་ཡོངས་ཀྱི་བརྟན་ལྷིང་ལ་ཉེན་ཁར་ངོས་འཛིན་བཞིན་ཡོད་པ་མངོན་རྒྱུ་འདུག་ཅེས་གསུངས་ཡོད། དེ་སྔ་ཕྱི་ལོ་ ༢༠༢༠ ལོར་ Bitter Winter ཞེས་པའི་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་གསལ་བཏོན་གནང་མཁན་གྱི་ཚོགས་པའི་དྲ་གནས་ཐོག་མཚོ་སྔོན་ཞིང་ཆེན་ཁུལ་གྱི་མཚོ་ཤར་ཁུལ་དུ་བཙན་དབང་ཐོག་མང་ཚོགས་ཀྱི་མིག་འབྲས་རིགས་རྫས་མཁོ་སྒྲུབ་བྱེད་བཞིན་པའི་སྙན་ཐོ་འདོན་སྤེལ་གནང་ཡོད་པ་ལྟར། Citizen Lab ངོས་ནས་སྙན་ཐོ དེར་གཞིར་བཞག་གིས་ཞིབ་འཇུག་འཕར་མ་གནང་བའི་ཁྲོད། བོད་མི་དང་ཧན་རྒྱ་རིགས་མ་ཡིན་པའི་མི་འབོར་བརྒྱ་ཆ་ ༤༩ ལྷག་ཡོད་པའི་མཚོ་སྔོན་ཞིང་ཆེན་ནང་ཉེན་རྟོག་པ་བརྒྱུད་ནས་མང་ཚོགས་ཀྱི་མིག་འབྲས་རིགས་རྫས་མཁོ་སྒྲུབ་བྱེད་བཞིན་པའི་དཔང་རྟགས་མང་དག་ཅིག་ལག་སོན་བྱུང་བར་མངོན་གསལ་གནང་འདུག དེ་བཞིན་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་དང་སྤྱི་ཚོགས་དྲ་རྒྱ། སྐད་འཕྲིན་བཅས་ཀྱི་ཐོག་ནས་ཡིག་ཆ་དང་སྙན་ཐོ་བཅས་ཁྱོན་གནས་ཚུལ་ཡོང་ཁོངས་ ༡༨༩ ལག་སོན་བྱུང་ཡོད་པའི་ནང་མང་ཚོགས་ཀྱི་ལྟ་ཀློག་བྱ་ས་ཡོད་པའི་སྙན་ཐོ་ ༥༣ ཡོད་པའི་ནང་མཚོ་སྔོན་ཁུལ་གྱི་མཚོ་ཤར་དང་མཚོ་བྱང་། དེ་བཞིན་ཡུལ་ཤུལ་བཅས་བོད་པའི་ས་ཁུལ་གསུམ་གྱི་ནང་ཉེན་རྟོག་པས་བོད་རིགས་མང་ཚོགས་ཀྱི་མིག་འབྲས་རིགས་རྫས་མཁོ་སྒྲུབ་བྱས་ཡོད་པ་དང་། དེའང་ཡུལ་ཤུལ་ཁུལ་དུ་ས་འགུལ་གྱི་གནད་དོན་ཁྲོད་ནས་འབྲོག་མི་ ༣༥༩༨ ཙམ་གྱི་མིག་འབྲས་རིགས་རྫས་མཁོ་སྒྲུབ་བྱས་པ་དང་། དེ་རྗེས་མཚོ་ཤར་དང་མཚོ་བྱང་བཅས་ཀྱི་ནང་མང་ཚོགས་ནས་རྒྱ་སྒོར་ ༢༠༠ རེ་བསྡུ་ལེན་གྱིས་འཇིགས་སྐུལ་སྣ་ཚོགས་བྱས་པར་མ་ཟད། ལས་གཞི་དེའི་ནང་ Super Red ཞེས་པའི་རྒྱ་ནག་གཞུང་གི་ལྟ་སྲུང་འཕྲུལ་རིགས་ཚོང་ལས་ཁང་ཡང་མཉམ་ཞུགས་བྱས་ཡོད་པ་སོགས་ཤེས་རྟོགས་བྱུང་འདུག རྒྱ་གཞུང་ཉེན་རྟོག་པས་སྤྱི་ཚོགས་ཕན་བདེའི་ལས་གཞི་འདྲ་མིན་ལ་ཁ་གཡར་གྱི་ཡོད་ཀྱང་། དོན་དངོས་ཐོག་མིག་འབྲས་རིགས་རྫས་མཁོ་སྒྲུབ་ཀྱི་ལས་གཞི་དེ་དག་བརྒྱུད་ནས་མང་ཚོགས་ལ་དམ་བསྒྲགས་དང་ལྟ་སྲུང་ཆེས་ཆེར་བྱེད་བཞིན་ཡོད་པ་མ་ཚད་པར་བོད་མིའི་སྐད་ཡིག་རང་དབང་ལ་དམ་བསྒྲགས། དེ་བཞིན་འབྲོག་པ་གཞིས་སྤོས་ཀྱི་ལས་གཞི་བཅས་ལ་ཤུགས་ཆེར་སྤྱོད་བཞིན་ཡོད་པ་མངོན་གསལ་གནང་འདུག མཚོ་སྔོན་ཁུལ་དུ་ཉེན་རྟོག་པས་ཁྲིམས་དེ་དག་ལས་ཡོངས་སུ་འགལ་ཏེ། ཡུལ་དང་གྲོང་པ། དགོན་པ། ཐ་ན་ལོ་ཆུང་སློབ་ཕྲུག་རྣམས་ཀྱི་རིགས་རྫས་ཀྱང་བསྡུ་ལེན་བྱས་དང་བྱེད་བཞིན་ཡོད་པ་མངོན་གསལ་དང་སྦྲགས། རྒྱ་གཞུང་གི་ལས་གཞི་དེ་དག་ནི་ཁྲིམས་འགལ་ཆགས་ཀྱི་ཡོད་པར་མ་ཟད། བོད་མི་གཙོ་གྱུར་གྲངས་ཉུང་མི་རིགས་ཀྱི་སྤྱི་ཚོགས་ཡོངས་རྫོགས་ཀྱི་བརྟན་ལྷིང་ལ་ཉེན་ཁར་ངོས་འཛིན་བཞིན་ཡོད་པ་མངོན་རྒྱུ་འདུག་ཅེས་གསུངས་ཡོད། རྩ་བའི་འདི་ལོའི་ཕྱི་ཟླ་ ༩ པ་ནང་ཨ་རིར་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པ་དང་།  Ciitzen Lab གཉིས་ཀྱིས་སྙན་ཐོ་རིམ་པ་ཆེད་བཏོན་གནང་བར་རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་གི་མི་འབོར་བརྒྱ་ཆ་གསུམ་ཆ་གཅིག་ཙམ་གྱི་ DNA འམ་རིགས་རྫས་མཁོ་སྒྲུབ་བྱེད་བཞིན་ཡོད་པ་ཐེར་འདོན་གནང་ཡོད་པ་རེད།

ཁེ་ན་ཌའི་གྲོས་ཚོགས་སུ་སྤྱི་མོས་ཀྱིས་བོད་དོན་རྒྱབ་སྐྱོར་གྱི་གྲོས་ཆོད་གཏན་འབེབས་གནང་བ།

ཁེ་ན་ཌའི་གྲོས་ཚོགས་སུ་བོད་མིའི་བདེན་དོན་འཐབ་རྩོད་དང་འབྲེལ་བའི་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་དང་སྦྲགས་ཏེ་སྤྱི་མོས་ཀྱིས་ བོད་རྒྱ་གྲོས་མོལ་བསྐྱར་གསོ་ཡོང་ཐབས་ཀྱི་གྲོས་ཆོད་གཏན་འབེབས་གནང་འདུག ཁེ་ན་ཌའི་རྙིང་ཞེན་ཆབ་སྲིད་ཚོགས་པའི་གྲོས་ཚོགས་འཐུས་མི་དང་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ Garnett Genuis ལགས་ཀྱིས་ཁ་ཉིན་ཚེས་ ༡༣ ཉིན་གྲོས་ཚོགས་འོག་མར་ཁེ་ན་ཌའི་ངོས་ནས་བོད་མིའི་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་ཁ་གསལ་དགོས་པ་དང་། སྲིད་བྱུས་དེའི་བརྒྱུད་ནས་བོད་མིར་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོང་ཐབས་སླད་བོད་རྒྱ་གཉིས་དབར་གྲོས་མོལ་བསྐྱར་གསོ་དགོས་པའི་གྲོས་ཆོད་གྲོས་འཆར་ཞིག་བསྣམས་ཡོད་པ་ལྟར། ཁ་སང་ཚེས་ ༡༤ ཉིན་གྲོས་ཚོགས་སུ་འོས་ཤོག་གྲངས་ ༣༢༤ དང་ ༠ བཅས་སྤྱི་མོས་ཀྱི་ཐོག་ནས་གྲོས་ཆོད་དེ་གཏན་འབེབས་གནང་འདུག སྐུ་ཞབས་ Garnett Genuis ལགས་ཀྱིས་བཏོན་པའི་གྲོས་འཆར་དེའི་ནང་རྒྱ་ནག་གི་རྩ་ཁྲིམས་ཀྱི་སྒྲོམ་གཞི་འོག་ནས་བོད་མིའི་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་བབ་ཕྱག་བསྟར་ཐུབ་ཆེད་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གམ་མགོན་པོ་༸གང་ཉིད་མཆོག་གི་སྐུ་ཚབ། ཡང་ན་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དང་ལྷན་དུ་གྲོས་མོལ་ཡོང་བའི་འབོད་སྐུལ་གནང་བར་མ་ཟད། ད་ལྟའི་ཆར་བོད་འདི་རྒྱ་ནག་གི་བཙན་གནོན་འོག་ཏུ་གནས་ཡོད་པར་བློ་འཚབ་ཀྱི་རྣམ་པ་མངོན་གསལ་དང་འབྲེལ། ཁེ་ན་ཌའི་གཞུང་དང་གྲོས་ཚོགས་འཐུས་མི་རྣམས་ཀྱིས་བོད་དང་བོད་མིའི་མ་འོངས་གནས་བབ་ལ་དགོངས་པ་བཞེས་ཏེ་བོད་མི་རྣམས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་དང་རང་ཐག་རང་གཅོད་ཐོབ་ཐང་གི་གྲོས་འཆར་དེར་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་གནང་ཡོད། དེ་བཞིན་ཁོང་གིས་བོད་མིའི་དབུ་ཁྲིད་རྣམས་ཀྱིས་རྒྱ་ནག་གི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་དབུ་མའི་ལམ་གྱི་སྲིད་བྱུས་བརྒྱུད་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་བབ་རྩོད་བཞིན་པ་མ་གཏོགས་རང་བཙན་རྩོད་ཀྱི་མེད་པར་བསྐྱར་ནན་གནང་བ་དང་ཆབས་ཅིག ཐེངས་འདིའི་གྲོས་འཆར་འདི་ཉིད་རྒྱལ་སྤྱིའི་ཁྲིམས་ལུགས་དང་བཟང་ཕྱོགས་ལྟ་གྲུབ་དང་མཐུན་པ་ཞིག་ཡིན་སྟབས། གྲོས་གཞི་དེ་གཏན་འབེབས་ཀྱིས་བོད་མིའི་མངོན་འདོད་ལ་རྒྱབ་སྐྱོར་ཡོང་བའི་རེ་སྐུལ་དང་འབྲེལ་ནས་བོད་མི་རྣམས་ཀྱིས་རྩོད་བཞིན་པའི་དབུ་མའི་ལམ་གྱི་སྲིད་བྱུས་ནི་དངོས་ཡོད་དང་མཐུན་པ་གང་ཞིག་ནུས་པ་དང་ལྡན་པའི་འཐབ་རྩོད་ཀྱི་བཞེངས་ཕྱོགས་ཤིག་རེད། རྒྱ་ནག་གིས་མི་ལོ་ ༦༠ ལྷག་གི་རིང་ལ་བོད་མིའི་ངོ་བོ་རྩ་མེད་གཏོང་ཐབས་བྱས་དང་བྱེད་བཞིན་ཡོད་ཀྱང་སྲིད་བྱུས་དེ་ཉིད་ད་དུང་ཉམས་པ་མེད་པར་གནས་ཡོད་ཅེས་གསུངས་འདུག རྒྱལ་སྤྱིའི་ཁྲོད་ནས་དབུ་མའི་ལམ་གྱི་ཐོག་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་འབད་རྩོལ་ལ་ཆབ་སྲིད་ཀྱི་ཐོག་ནས་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་གནང་ཞིང་། བོད་མི་རྣམས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་བབ་དང་། རང་དབང་། མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་སོགས་བོད་མིའི་མངོན་འདོད་ལ་བོད་ཀྱི་གྲོགས་པོ་རྣམ་པས་ཁུ་སིམ་པོར་བཞུགས་རྒྱུ་མེད་ཅེས་སོགས་གསུངས་འདུག གཞི་རྩའི་ཁེ་ན་ཌ་ནང་བོད་དོན་དང་འབྲེལ་བའི་གྲོས་ཆོད་ཅིག་ལ་སྤྱི་མོས་སྒོ་ནས་རྒྱབ་སྐྱོར་ཐོབ་པ་མཐའ་མ་དེ་ནི་ཕྱི་ལོ་ ༢༠༠༧ ལོར་ཆགས་ཡོད་པ་དང་། སྐབས་དེའི་གྲོས་ཚོགས་འཐུས་མི་ལྕམ་སྐུ་ Peggy Nesh ལགས་ཀྱིས་བོད་རྒྱ་གྲོས་མོལ་བསྐྱར་གསོ་ཡོང་ཐབས་ལ་རྒྱབ་སྐྱོར་གནང་སྟེ་གྲོས་ཆོད་དེ་མཚུངས་ཆེད་བཏོན་གནང་བ་ལྟར་གྲོས་ཚོགས་ སྤྱི་མོས་ཀྱི་རྒྱབ་སྐྱོར་ཐོབ་ཡོད་པ་རེད།

༸སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་གི་ཡང་སྲིད་སྐུ་ཕྲེང་བཞི་པས་༸གོང་ས་མཆོག་ལ་གསར་མཇལ་ཞུས་པ།

དེ་རིང་སྔ་དྲོ་རྒྱ་གར་བྱང་ཕྱོགས་ཧི་མཱ་ཅལ་མངའ་སྡེའི་རྒྱལ་ས་སིམ་ལར་རྟེན་གཞི་བྱས་པའི་རྡོ་རྗེ་བྲག་དགོན་པའི་དགོན་བདག་སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་དྲུག་པ་༸སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་གི་ཡང་སྲིད་སྐུ་ཕྲེང་བཞི་པ་སྤི་སྟི་ནས་ཡིན་པ་འཇིགས་བྲལ་པདྨ་བཤད་སྒྲུབ་བསྟན་པའི་རྒྱལ་མཚན་མཆོག་༸རྒྱལ་བའི་བཞུགས་སྒར་དྷརྨ་སཱ་ལཱར་ཆེད་ཕེབས་ཀྱིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གསར་མཇལ་ཞུས་སོང་།དེ་རིང་གི་མཇལ་ཁ་ཐོག་ཡང་སྲིད་རིམ་པོ་ཆེ་མཆོག་གིས་དབུས་པའི་བླ་བྲང་གི་ཕྱག་མཛོད་དང་དབུ་ལས། དེ་བཞིན་ཡབ་ཡམ་གཙོས་སྐུ་འཁོར་རྣམས་ཕེབས་གནང་འདུགམཇལ་ཁ་གྲུབ་མཚམས་སུ་ཡང་སྲིད་རིན་པོ་ཆེ་མཆོག་གི་ཡུམ་སྐལ་བཟང་སྒྲོལ་མ་ལགས་ཀྱིས་ཡང་སྲིད་རིན་པོ་ཆེ་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གཟིམ་ཆུང་མཇལ་ཐོན་སོང་ཞེས་གསུངས་པ་དང་འབྲེལ། ཡང་སྲིད་རིན་པོ་ཆེ་མཆོག་ཡུམ་གྱི་ལྷུམས་སུ་མ་བཞུགས་གོང་ཁྱིམ་གྱི་འཚོ་བའི་གནས་སྟངས་ལ་ངལ་བ་ཆེས་ཆེར་འཕྲད་མྱོང་ཡོད་ཀྱང་རིན་པོ་ཆེ་མཆོག་ཡུམ་གྱི་ལྷུགས་སུ་བཞུགས་པ་ནས་བཟུང་ཁྱིམ་གྱི་འཚོ་བར་ཡར་རྒྱས་ཕྱིན་པར་མ་ཚད་པར་རྒྱ་གར་གཞུང་གི་སློབ་གྲྭར་དགེ་རྒན་གྱི་ཕྱག་ལས་རག་སྟབས་ཁྱིམ་ཚང་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པ་གསུངས་སོང་། དེ་བཞིན་ཕྱག་མཛོད་ཡར་འཕེལ་ལགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཇལ་ཁའི་སྐབས་རིན་པོ་ཆེ་མཆོག་གི་དབུ་སྐྲ་གཙུག་ཕུད་བཞེས་གནང་མཛད་པ་དང་། མགོན་པོ་༸གང་ཉིད་མཆོག་གིས་ཡང་སྲིད་རིན་པོ་ཆེ་མཆོག་གི་བསླབ་པ་སློབ་གཉེར་གནང་ཕྱོགས་ཐོག་ལམ་སྟོན་བཀའ་སློབ་སྩལ་ཡོད་པར་གསུངས་སོང་།༸སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་གི་༸སྐུ་གོང་མ་ཕྱི་ལོ་ ༢༠༡༥ ལོའི་ཟླ་ ༡༢ ཚེས་ ༢༣ ཉིན་རྒྱ་གར་གྱི་གནས་མཆོག་རྡོ་རྗེ་གདན་དུ་རིན་པོ་ཆེ་མཆོག་དགུང་ལོ་ ༨༩ ཐོག་ལ་ཛ་དྲག་གི་སྙུང་གཞི་རིགས་གང་ཡང་མེད་པར་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ཡིད་སྐྱོའི་གནས་ཚུལ་ཐོན་རྗེས་གོང་མའི་ཐུགས་སྲས་ལྷོ་བྲག་ནམ་མཁའི་སྙིང་པོ་རིན་པོ་ཆེ་མཆོག་གིས་ལམ་སྟོན་ལྟར་བླ་བྲང་ཐོུང་ནས་འཁོན་རིགས་བསྟན་པའི་སྲོལ་འབྱེད་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་ལ་ཡང་སྲིད་བཙལ་འཚོལ་དང་འབྲེལ་བའི་བཀའ་ལུང་གསོལ་འདེབས་ཞུས་པར་དགོན་པའི་ཤར་ཕྱོགས་སུ་སྐུ་འཁྲུངས་ཡོད་པར་བཀའ་ལུང་ཕེབས་དོན་ལྟར། ཡང་སྲིད་ངག་དབང་བཀྲིས་རབ་བརྟེན་མཆོག་ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༡༦ ཉིན་སྤི་སྟི་ནས་ཡིན་པ་ཡབ་བསོད་ནམས་ཆོས་འཕེལ་ལགས་དང་ཡུམ་སྐལ་བཟང་སྒྲོལ་མ་ལགས་རྣམ་གཉིས་ཀྱི་སྲས་སུ་༸སྐུ་འཁྲུངས་ཏེ་ཡང་སྲིད་འཁྲུལ་བྲལ་དུ་ངོས་འཛིན་མཛད་ཡོད།ཡང་སྲིད་མཆོག་གིས་དབུས་པའི་སྐུ་འཁོར་རྣམས་ཁ་སང་བཞུགས་སྒར་དུ་༸ཞབས་སོར་བདེ་བར་འཁོད་དེ་གནས་ཆུང་སྒྲ་དབྱངས་གླིང་གྲྭ་ཚང་དུ་༸སྐུ་བཞུགས་གནང་ཡོད།དེ་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་བཅར་ཞུ་མཁན་ཁོངས་སུ་ལ་དྭགས་ནང་ཚོགས་དང་དགོན་ཚོགས་སོགས་ཀྱི་གཙོ་འཛིན་རྣམས་ནས་དུས་སང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་སུ་ཆིབས་བསྒྱུར་བཀའ་དྲིན་མཛད་གནང་ཡོང་བའི་གསོལ་འདེབས་ཞུས་ཡོད་པ་རེད། ༸སྐུ་པར་བདག་དབང་༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་།  

བོད་མིའི་ཁྱིམ་ཚང་ལྔས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་མཆོག་ལ་བོད་དོན་ཞུ་གཏུག་གནང་བ།

སུད་སི་གྲོང་ཁྱེར་ཇི་ནི་ཝའི་མཉམ་འབྲེལ་རྒྱལ་ཚོགས་མདུན་དུ་རྣམ་ཀུན་ནས་༸རྒྱལ་བའི་༸སྐུའི་བླ་གཟའ་ལྷག་དཀར་ཉིན་བོད་མིའི་སྐྱིད་སྡུག་མཉམ་མྱོང་གི་ལས་འགུལ་སྤེལ་མཁན་བོད་མི་ཁྱིམ་ཚང་ལྔས་ཁ་སང་ཕྱི་ཚེས་ ༡༤ ཉིན་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ལ་བོད་དོན་ཞུ་གཏུག་ལས་འགུལ་ཐེངས་ ༡༣༡ སྤེལ་ཡོད།ལས་འགུལ་དེ་ཕྱི་ལོ་ ༢༠༡༢ ཕྱི་ཟླ་ ༡༢ ཚེས་ ༡༠ སྟེ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོར་སུད་སི་གནས་སྡོད་བོད་མི་སྟག་ཚང་དཀོན་མཆོག་ལགས་དང་ལྷུན་གྲུབ་ཚང་ཀརྨ་བཀྲ་ཤིས་ཁྱིམ་ཚང་གཉིས་ཀྱིས་རྒྱལ་ཚོགས་མདུན་ཐང་དུ་ད་བར་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་བོད་ཕྱི་ནང་གཉིས་སུ་སྐུ་ལུས་ཞུགས་འབུལ་གནང་མཁན་རྒྱལ་གཅེས་པ་རྣམས་ཀྱི་ཞལ་གྲངས་དང་མཉམ་པའི་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་དང། མང་ཚོགས་ལ་བོད་ཀྱི་གནས་བབ་འཁོད་པའི་ཡིག་ཆ་འགྲེམས་སྤེལ་གནང་བཞིན་ཡོད་པ་རེད།ཁ་སང་ལྷག་དཀར་ཉིན་ཁོང་རྣམ་པས་རྒྱལ་ཚོགས་ཀྱི་མདུན་དུ་བོད་མིའི་སྐྱིད་སྡུག་མཉམ་མྱོང་ལས་འགུལ་སྤེལ་ཏེ་ལོ་བཅུ་ཧྲིལ་པོ་འཁོར་བ་དང། དེ་བཞིན་རྒྱལ་ཚོགས་ལ་བོད་དོན་ཞུ་གཏུག་ལས་འགུལ་ཐེངས་ ༡༣༡ སྤེལ་བའི་དུས་ཚིགས་དང་བསྟུན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གི་གཙོ་འཛིན་སྐུ་ཞབས་ Volker Turk མཆོག་གི་མཚན་ཐོག་ལ་བོད་ནང་གི་གནས་སྟངས་ཆེས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་སོགས་དོན་ཚན་ལྔ་ཅན་གྱི་བོད་དོན་ཞུ་སྙན་ཞིག་ཕུལ་འདུགབོད་མི་ཁྱིམ་ཚང་ལྔས་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གི་གཙོ་འཛིན་མཆོག་ལ་ཕུལ་བའི་བོད་དོན་ཞུ་སྙན་ནང་གཙོ་བོ། བོད་ནང་རྒྱ་གཞུང་གིས་སྤེལ་བཞིན་པའི་མི་རིགས་མཉམ་བསྲེས་ཀྱི་སྲིད་བྱུས་དང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་བྱ་སྤྱོད་མཚམས་འཇོག་དགོས་པ། བོད་མི་ཚོར་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་ངོ་འཛིན་ཞུ་རྒྱུའི་ཐོབ་ཐང་སྤྲོད་དགོས་པ་སོགས་ཀྱི་ཐོག་རྒྱལ་ཚོགས་ཀྱི་ངོས་ནས་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་གནང་ཡོང་བ། རྒྱ་གཞུང་ནས་བོད་རྒྱའི་དཀའ་སེལ་ཕྱིར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་ལྷན་དུ་འབྲེལ་མོལ་བསྐྱར་གསོ་བྱེད་དགོས་པ། བོད་ནང་ལག་བསྟར་བྱེད་བཞིན་པའི་མི་སེར་སྤེལ་ཡུལ་ལམ་ལུགས་ཀྱི་གཏན་འཇགས་སློབ་གྲྭ་མཚམས་འཇོག་དགོས་པ། བོད་ཕྲུག་ཚོར་བོད་ཀྱི་སྐད་ཡིག་སློབ་སྦྱོང་གི་ཐོབ་ཐང་སྤྲོད་དགོས་པ། རྒྱལ་ཚོགས་ཀྱིས་རྒྱ་ནག་ནང་གི་འགྲོ་བ་མིིའི་ཐོབ་ཐང་གི་གནས་སྟངས་ལ་ཞིབ་འཇུག་གནང་བའི་སྙན་ཐོའི་ཁག་ཏུ་བོད་གནད་ཆེད་བཅུག་གནང་དགོས་པ་བཅས་བཀོད་ཡོད་པ་རེད།ད་ལྟའི་ཆར་སྟག་ཚང་དཀོན་མཆོག་ལགས་ཀྱི་ཁྱིམ་ཚང་གཙོས་འདི་གར་གནས་སྡོད། མདུན་ཆུ་ཚེ་རིང་རྒྱལ་པོ་ལགས་དང། ངག་དབང་ཚང་ངག་དབང་དཔལ་ལྡན་ལགས། རྒྱལ་བ་ཚང་བཀྲིས་ལྷ་མོ་ལགས། དེ་བཞིན་ཡེ་ཤེས་ལྷ་མོ་ལགས་བཅས་བོད་མི་ཁྱིམ་ཚང་ལྔས་ལས་ཀ་དང་དུས་ཚོད། འགྲོ་གྲོན་སོགས་ལ་མ་འཛེམ་པར་འདི་ག་ཇི་ནི་ཝའི་རྒྱལ་ཚོགས་མདུན་དུ་ཟླ་རེའི་རེས་གཟའ་ལྷག་པ་གཉིས་པ་ནམ་ཡིན་ལ་རྒྱུན་ཆད་མེད་པར་བོད་དོན་ཞུ་གཏུག་ལས་འགུལ་སྤེལ་བཞིན་ཡོད་པ་རེད།ཕྱི་ལོ་ ༢༠༡༡ ལོ་ནས་བཟུང་འདས་པའི་ལོ་ ༡༡ ལྷག་གི་ནང་ཁོང་རྣམ་པས་བོད་མིའི་སྐྱིད་སྡུག་མཉམ་མྱོང་གི་ལས་འགུལ་མཚན་བྱང་འོག་ཡོ་རོབ་བོད་དོན་གོམ་བགྲོད་འགུལ་དང། བོད་དོན་དྲིལ་བསྒྲགས་ལས་འགུལ། ཡོ་རོབ་འཐུས་ཚོགས་དང་གྲོས་ཚོགས། དེ་བཞིན་སུད་སི་གྲོས་ཚོགས་སུ་བོད་དོན་ཞུ་གཏུག་ལས་འགུལ། གཞུང་ཚབ་ཁག་ལ་བོད་དོན་ཞུ་གཏུག། བོད་པའི་མི་འབོར་འཕེལ་རྒྱལ་ལས་འགུལ་སོགས་བོད་དོན་འཐབ་རྩོད་དང་སྤྱི་ཚོགས་ཞབས་ཞུའི་ལས་འགུལ་མང་དག་ཅིག་སྤེལ་ཡོད།

རེས་གཟའ་ལྷག་པ། ༢༠༢༢།༡༢།༡༤

ཉན་པ།: Listen ཕབ་ལེན། Download ༸སྐྱབས་རྗེ་སྟང་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་གི་ཡང་སྲིད་བཞུགས་སྒར་དུ་ཆེད་ཕེབས། རྒྱ་ནག་གི་ལོ་ངོ་བཅུ་ཕྲག་གཉིས་རིང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་ཉན་ཞིབ་ཚོགས་པ། རྒྱ་གཞུང་གིས་འཕགས་བོད་ས་མཚམས་ཀྱི་དཀའ་རྙོག་སེལ་རྒྱུར་འདུན་པ་མེད་ཅེས་བཤད་འདུག སྦེལ་ཇམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་སྐོར་དམིགས་བསལ་ཆེད་སྒྲིག་ལེ་ཚན། Wednesday 14/12/2022 Reincarnation of Taklung Tsetrul Rinpoche arrives in Dharamshala China has taken advantage of trade and human rights ‘delinking’ 20 years ago: US lawmakers China has no intention to solve long standing border issue with India Special feature: Centre Culturel Tibetain, Belgium

༸སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་གི་ཡང་སྲིད་བཞུགས་སྒར་དུ་ཆེད་ཕེབས།

དེ་རིང་ཉིན་རྒྱབ་ཕྱག་ཚོད་ ༥༌༠༠ ཡོལ་ཙམ་ལ་རྒྱ་གར་བྱང་ཕྱོགས་ཧི་མཱ་ཅལ་མངའ་སྡེའི་རྒྱལ་ས་སིམ་ལར་རྟེན་གཞི་བྱས་པའི་རྡོ་རྗེ་བྲག་དགོན་པའི་དགོན་བདག་སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་དྲུག་པ་༸སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་གི་ཡང་སྲིད་སྤི་སྟི་ནས་ཡིན་པ་འཇིགས་བྲལ་པདྨ་བཤད་སྒྲུབ་བསྟན་པའི་རྒྱལ་མཚན་མཆོག་བཞུགས་སྒར་དུ་རྟེན་གཞི་བྱས་པའི་གནས་ཆུང་རྡོ་རྗེ་སྒྲ་དབྱངས་གླིང་དུ་༸ཞབས་སོར་བདེ་བར་འཁོད་གནང་སོང་། ༸སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་གི་༸སྐུ་གོང་མ་ཕྱི་ལོ་ ༢༠༡༥ ལོའི་ཟླ་ ༡༢ ཚེས་ ༢༣ ཉིན་གྱི་ཐོ་རེངས་ཚོུད་ ༢༌༣༠ ཙམ་ལ་རྒྱ་གར་གྱི་གནས་མཆོག་རྡོ་རྗེ་གདན་དུ་རིན་པོ་ཆེ་མཆོག་དགུང་ལོ་ ༨༩ ཐོག་ལ་ཛ་དྲག་གི་སྙུང་གཞི་རིགས་གང་ཡང་མེད་པར་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ཡིད་སྐྱོའི་གནས་ཚུལ་ཐོན་རྗེས་གོང་མའི་ཐུགས་སྲས་ལྷོ་བྲག་ནམ་མཁའི་སྙིང་པོ་རིན་པོ་ཆེ་མཆོག་གིས་ལམ་སྟོན་ལྟར་བླ་བྲང་ཐོུང་ནས་འཁོན་རིགས་བསྟན་པའི་སྲོལ་འབྱེད་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་ལ་ཡང་སྲིད་བཙལ་འཚོལ་དང་འབྲེལ་བའི་བཀའ་ལུང་གསོལ་འདེབས་ཞུས་པར་དགོན་པའི་ཤར་ཕྱོགས་སུ་སྐུ་འཁྲུངས་ཡོད་པར་བཀའ་ལུང་ཕེབས་དོན་ལྟར། ཡང་སྲིད་ངག་དབང་བཀྲིས་རབ་བརྟེན་མཆོག་ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༡༦ ཉིན་སྤི་སྟི་ནས་ཡིན་པ་ཡབ་བསོད་ནམས་ཆོས་འཕེལ་ལགས་དང་ཡུམ་སྐལ་བཟང་སྒྲོལ་མ་ལགས་རྣམ་གཉིས་ཀྱི་སྲས་སུ་༸སྐུ་འཁྲུངས་ཏེ་ཡང་སྲིད་འཁྲུལ་བྲལ་དུ་ངོས་འཛིན་མཛད་ཡོད།འདི་ལོའི་ཕྱི་ཟླ་ ༡༡ ཚེས་ ༢༨ ཉིན་སིམ་ལར་རྟེན་གཞི་བྱས་པའི་རྡོ་རྗེ་བྲག་དགོན་པར་གོང་མའི་ཐུགས་སྲས་ལྷོ་བྲག་ནམ་མཁའི་སྙིང་པོ་རིན་པོ་ཆེ་མཆོག་གིས་དབུ་སྐྲ་གཙུག་ཕུད་དང་སྐུ་ཁྲུས་གསོལ་ན་བཟའ་བཞེས་པའི་རྟེན་འབྲེལ་གྱི་མཛད་སྒོ་ཞིག་རྡོ་རྗེ་བྲག་དགོན་དུ་ཚོགས་ནས་འཇིགས་བྲལ་པདྨ་བཤད་སྒྲུབ་བསྟན་པའི་རྒྱལ་མཚན་ཞེས་མཚན་བཟང་པོ་གསོལ་གནང་ཡོད།རིན་པོ་ཆེ་མཆོག་དེ་རིང་བཞུགས་སྒར་དུ་༸ཞབས་སོར་འཁོད་མ་ཐག་གནས་ཆུང་སྒྲ་དབྱངས་གླིང་གྲྭ་ཚང་དུ་ཆིབས་བསྒྱུར་མཛད་སྐབས་གནས་ཆུང་སྐུ་རྟེན་མཆོག རྙིང་མའི་ཆོས་བརྒྱུད་ཀྱི་སྤྱི་འཐུས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག དེ་བཞིན་དད་ལྡན་མང་ཚོགས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་པ་དང་སྦྲགས། ཡང་སྲིད་རིན་པོ་ཆེ་མཆོག་གི་དབུས་པའི་བླ་བྲང་གི་དབུས་ལས་གཙོས་སྐུ་འཁོར་རྣམས་གནས་ཆུང་རྡོ་རྗེ་སྒྲ་དབྱངས་གླིང་གི་འདུ་ཁང་དུ་གདན་འདྲེན་ཞུས་པ་དང་ཆབས་ཅིག་ཡང་སྲིད་རིན་པོ་ཆེར་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་ཡོད། གཞི་རྩའི་དེ་སྔ་བོད་ལ་དུས་འགྱུར་མ་བྱུང་བའི་སྔོན་དུ་སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་ཕེབས་ཕྱོགས་ཀྱི་ལམ་སྲོལ་དམིགས་བསལ་ཞིག་མེད་ཀྱང་། བྱེས་སུ་འབྱོར་རྗེས་རྙིང་མའི་མ་དགོན་དྲུག་ནས་རེ་མོས་ཐོག་དབུ་འཛིན་ཁྲི་རབས་གནང་གི་ཡོད་པ་རེད། སྔ་འགྱུར་རྙིང་མའི་ཆོས་བརྒྱུད་ཀྱི་དབུ་འཛིན་ཆེས་ཐོག་མ་༸སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་མཆོག་གིས་གནང་བ་དང་དེ་རྗེས་༸སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་མཆོག ༸སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུ་མཆོག ༸སྐྱབས་རྗེ་སྨིན་གླིང་ཁྲི་ཆེན་རིན་པོ་ཆེ་མཆོག ༸སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ་མཆོག ༸སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག ༸སྐྱབས་རྗེ་ཀཿ ཐོག་དགེ་རྩེ་རིན་པོ་ཆེ་མཆོག་སོགས་ནས་ཁྲི་རབས་ཀྱི་མཚན་གནས་རིམ་པ་བཞེས་ཏེ་བསྟན་འགྲོ་སྤྱི་དང་སྒོས་སྔ་འགྱུར་རྙིང་མའི་ཆོས་བརྒྱུད་ལ་ཕན་ཐོགས་རྒྱ་ཆེན་པོ་བྱུང་ཡོད་པ་རེད།

རྒྱ་ནག་གི་ལོ་ངོ་བཅུ་ཕྲག་གཉིས་རིང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་ཉན་ཞིབ་ཚོགས་པ།     

ཁ་སང་ཕྱི་ཚེས་ ༡༣ ཉིན་ CECC ཞེས་ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་གིས་རྒྱ་ནག་གི་ལོ་ངོ་བཅུ་ཕྲག་གཉིས་རིང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་འབྲེལ་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་དང་སྲུང་སྐྱོབ་ཐད་ཉན་ཞིབ་ལས་རིམ་Zig ཚོགས་ཡོད་པ་ལྟར་ལྕམ་སྐུ་པེ་ལོ་སི་མཆོག་གིས་ཚོང་དང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གཉིས་འབྲེལ་མེད་དབྱེ་བ་དེས་ང་ཚོ་ཕྱོགས་གཉིས་ཀྱི་ཚོང་འབྲེལ་དང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་ཡར་རྒྱས་གང་ཡང་ཕྱིན་མེད་ཅེས་གསུངས་འདུགཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་གི་ཉན་ཞིབ་ལས་རིམ་ཐེངས་ ༢༠ ཐོག་དཔང་པོར་ Hunter མཐོ་སློབ་ནང་གི་འགྲོ་བ་མིའི་ཐོབ་ཐང་ཚན་པའི་མཁས་པ་སྐུ་ཞབས་ Teng Biao ལགས། ཨ་རིའི་ Texas མཐོ་སློབ་ཀྱི་རྒྱལ་སྤྱིའི་བདེ་འཇགས་དང་ཁྲིམས་ཀྱི་ལྟེ་གནས་ཁང་ Robert S. Strauss Center ནང་ཕྱག་ལས་གནང་མཁན་རྩོམ་པ་པོ་  Rana Siu Inboden ལགས། འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་རྒྱ་ནག་ཚན་པའི་འགན་འཛིན་ལྕམ་སྐུ་ Sophie Richardson ལགས་གསུམ་མཉམ་ཞུགས་གནང་ཡོད་པ་དང་། ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ Nancy Pelosi མཆོག་སོགས་འབྲེལ་ཡོད་ཁག་གཅིག་ལྷན་ཞུགས་གནང་འདུག  

རེས་གཟའ་མིག་དམར། ༢༠༢༢།༡༢།༡༣

ཉན་པ།: Listen ཕབ་ལེན། Download གཏོང་ལེན་སློབ་གྲྭས་ཧིན་སྐད་ཐོག་ནས་རྟགས་གསལ་སྤྱན་འབུལ་ཞུས་པ། ཚོགས་པའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐོག་བོད་མིའི་སྐུ་ཚབ་ཀྱིས་བོད་གནད་གླེང་བ། ཨ་རུ་ནཱ་ཅལ་ཁུལ་གྱི་འཕགས་བོད་ས་མཚམས་སུ་རྒྱ་དཀར་ནག་གཉིས་ཀྱི་མཐའ་སྲུང་དམག་མི་དབར་གདོང་ཐུག། ལྷོ་སྤྱིའ་ཁྱབ་ཁོངས་སུད་ཚོང་གཉེར་སར་འཚམས་གཟིགས་གྲུབ་ནས་གཞིས་ཁག་ཏུ་ཆེད་ཕེབས། ཨ་རིས་རྒྱ་ནག་དཔོན་རིགས་ལ་ཉེས་ཆད་བཏང་བ་དེས་རྒྱ་ནག་ཐོག་བོད་ཀྱི་གནད་དོན་གསལ་དགོས་པར་གནོན་ཤུགས་ཇེ་ཆེར་འགྲོ་རྒྱུ། Tuesday 13/12/2022 For the time ever, Tonglen students conduct buddhist dialectic in Hindi OOT Geneva rep. Thinlay Chukki speaks at UN rights event India-China border clashes erupted on December 9, says Delhi MPs Ngodup Dorjee and Tsering Yangchen meet sweater sellers in Andhra Pardesh US sanctions on Chinese officials raise pressure on Beijing  

Latest news