Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: December, 2022

བོད་ནང་རིགས་རྫས་བསྡུ་ལེན་ལ་རམ་འདེགས་བྱེད་མཁན་ཚོང་ལས་སྡེ་ཁག་ལ་ཞིབ་འཇུག་དང་ཆད་པ་གཅོད་དགོས་པའི་ཞུ་སྐུལ།

Ipac ཞེས་རྒྱ་ནག་ལ་གདོང་ལེན་གནང་མཁན་གྱི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མི་སུམ་ཅུས་ཁེ་ན་ཌའི་ཕྱི་སྲིད་བློན་ཆེན་གཙོས་དབྱིན་ཡུལ་དང་། སྦེལ་འཇམ། སུད་ཛ་ལན་ཌི། སུད་ཌེན། དེ་བཞིན་ཡུཀ་རེན་ལ་སོགས་པའི་རྒྱལ་ཁབ་བཅུ་གཅིག་གི་ཕྱི་སྲིད་བློན་ཆེན་མཚན་ཐོག་ཏུ་རྒྱ་ནག་གཞུང་གིས་བོད་དང་ཤིང་ཅང་ནང་དུ་རིགས་རྫས་བསྡུ་ལེན་ལ་རམ་འདེགས་བྱེད་མཁན་ཚོང་སྡེ་ཁག་ལ་ཞིབ་འཇུག་ནན་པོ་དང་ཉེས་ཆས་གཏོང་དགོས་པའི་ཞུ་སྐུལ་གནང་འདུགཟླ་འདིའི་ཚེས་ ༡༦ ཉིན་རྒྱ་ནག་ལ་གདོང་ལེན་གནང་མཁན་གྱི་གྲོས་ཚོགས་འཐུས་མིའི་དྲྭ་རྒྱའི་ཐོག་རྒྱལ་ཁབ་བཅུ་གཅིག་གི་ཕྱི་སྲིད་བློན་ཆེན་གྱི་མཚན་ཐོག་ཏུ་ཕུལ་པའི་ཕྱག་བྲིས་ནང་དོན་སྤེལ་བར་ཨ་རི་ནང་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པ་གཙོས་ཉམས་ཞིབ་ཚན་པ་ཁག་གཅིག་གིས་སྤེལ་བའི་སྙན་ཐོར་ཕྱི་ལོ་ ༢༠༡༦ ནས་བཟུང་རྒྱ་ནག་སྲིད་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ DNA འམ་རིགས་རྫས་བསྡུ་ལེན་གྱི་ལས་གཞི་སྤེལ་བའི་ཁོངས་སུ་སྔོན་འགྲོ་སློབ་གྲྭའི་བྱིས་པ་ཡན་ཆད་ཀྱི་ཟུངས་ཁྲག་བསྡུ་ལེན་བྱས་པ་དང་། བོད་རང་སྐྱོང་ལྗོངས་ནང་གི་མི་འབོར་བརྒྱ་ཆ་གསུམ་ཆ་གཅིག་ཙམ་གྱི་རིགས་རྫས་བསྡུ་ལེན་བྱས་ཡོད་པར་ཐེར་འདོན་གནང་འདུག རིགས་རྫས་བསྡུ་ལེན་ཆེད་ཨ་རིའི་ཚོང་ལས་སྡེ་ཚན་ Thermo Fisher གྱིས་རྒྱ་ནག་གཞུང་ལ་ཡོ་ཆས་ཚོང་འགྲེམས་བྱས་ཡོད་སྐོར་གྱི་སྙན་ཐོ་ལུང་འདྲེན་དང་སྦྲགས་ཏེ་རྒྱལ་ཁབ་སོ་སོའི་ཁྱབ་ཁོངས་ཀྱི་ཚོང་ལས་སྡེ་ཁག་ནས་དེ་ལྟར་ལས་དོན་གཉེར་གྱི་ཡོད་མེད་ལ་རྟོག་ཞིག་གནང་དགོས་པ་དང་། ལྷག་པར་དུ་རྒྱ་ནག་གཞུང་དང་ཨ་རིའི་ཚོང་ལས་སྡེ་ཚན་ Thermo Fisher དབར་ཚོང་འབྲེལ་བྱེད་མཁན་རྣམས་ལ་རྟོག་ཞིབ་ནན་པོ་གནང་བའི་ཐོག་ནས་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་ཐད་རྒྱ་གཞུང་ལ་རམ་འདེགས་བྱེད་མཁན་གྱི་ཚོང་ལས་སྡེ་ཁག་ལ་ཉེས་ཆད་གཏོང་དགོས་པའི་ཞུ་སྐུལ་གནང་འདུགརྩ་བའི་ཉེ་ལམ་ CECC ཞེས་ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་གིས་ ThermoFisher བཟོ་ཚོང་ཁང་གི་གཙོ་འཛིན་ Marc N. Casper གྱི་མིང་ཐོག་ལ་བཟོ་ཚོང་ཁང་གིས་བོད་རང་སྐྱོང་ལྗོངས་ནང་གི་ཉེན་རྟོག་པར་རིགས་རྫས་བསྡུ་ལེན་གྱི་དངོས་ཟོག་ཐད་ཀར་ཚོང་འགྲེམས་བྱས་ཡོད་པར་བློ་འཚབ་ཡོད་པ་དང་། བོད་དང་ཤིང་ཅང་ནང་རིགས་རྫས་བསྡུ་ལེན་ཆེད་ཚོང་ལས་ཁང་གི་ངོས་ནས་འགྲོ་བ་མིའི་ཐོབ་ཐང་ལ་བརྡལ་བཤིག་བཏང་སྟེ་རྒྱ་གཞུང་ལ་རོགས་རམ་བྱེད་བཞིན་ཡོད་པ་ནི་དངངས་སྐྲག་བྱ་གཞི་ལས་མ་འདས་པ་དང་། བོད་རང་སྐྱོང་ལྗོངས་ཟེར་བའི་ནང་བཟོ་ཚོང་ཁང་གིས་དངོས་ཟོག་བེད་སྤྱོད་བྱེད་ཕྱོགས་ཐད་བསྐྱར་ཞིབ་ཀྱིས་དགོངས་པ་བཞེས་དགོས་པའི་འབོད་སྐུལ་གྱི་ཕྱག་བྲིས་ཕུལ་ཡོད་པ་རེད།

འཕགས་བོད་ས་མཚམས་སུ་རྒྱ་ནག་གིས་རྩོད་རྙོག་སློང་བའི་བྱ་སྤྱོད་དེ་སུ་གང་ལ་ཕན་ཐོགས་མེད་རེད་ཅེས་གསུངས་པ། 

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཇམ་མུ་ནང་གསར་འགོད་པར་ཉེ་ལམ་ཨ་རུ་ནཱ་ཅལ་གྱི་དོན་རྐྱེན་དང་འབྲེལ་ཏེ་འཕགས་བོད་ས་མཚམས་སུ་རྒྱ་ནག་གིས་རྩོད་རྙོག་སློང་བའི་བྱ་སྤྱོད་དེས་སུ་གང་ལ་ཕན་ཐོགས་མེད་པ་ཞིག་རེད་ཅེས་གསུངས་འདུགསྲིད་སྐྱོང་མཆོག་ Bharat Tibet Sangh ཞེས་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་ཇམ་མུ་མཐོ་སློབ་ཀྱི་ནང་དོན་རིག་པའི་ཚན་པ་དང་ཟུང་སྦྲེལ་གྱིས་ཇམ་མུ་ནང་ཁ་སྔོན་ནས་དབུ་འཛུགས་གནང་སྟེ་ཉིན་གྲངས་གཉིས་རིང་གོ་སྒྲིག་ཞུས་པའི་ National Working Committee meet cum Seminar ཞེས་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་རྒྱལ་ཡོངས་ལས་དོན་ཚོགས་ཆུང་གི་ཚོགས་འདུ་དང་བགྲོ་གླེང་གི་་དབུ་འབྱེད་མཛད་སྒོར་ལྷན་ཞུགས་གནང་ཡོད་པ་རེད།སྲིད་སྐྱོང་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མོགན་ཆེན་པོ་མཆོག་གི་དགོངས་གཞི་གཉིས་སྨན་དབུ་མའི་ལམ་ནི་བོད་རྒྱ་གཉིས་ཀྱི་དཀའ་རྙོག་སེལ་བར་བྱེད་པའི་ཐབས་ལམ་གཅིག་པོ་དེ་ཡིན་པར་འགྲེལ་བརྗོད་དང་འབྲེལ་ཏེ་རྒྱ་ནག་གིས་བོད་མིའི་རིག་གཞུང་དང་ངོ་བོ་རྩ་མེད་བཟོ་ཕྱིར་བོད་ནང་བཅའ་སྡོད་སློབ་གྲྭ་བཙུགས་ཏེ་ཆབ་སྲིད་སློབ་གསོ་སྤྲོད་བཞིན་པ་དང་བོད་མིར་དམ་བསྒྲགས་སླད་ Grid lock system ཞེས་གཞི་རིམ་མང་ཚོགས་བསྡུ་རུབ་བྱས་པའི་དྲ་མིག་ཅན་གྱི་འཛིན་སྐྱོང་ལས་གཞི་བརྒྱུད་མང་ཚོགས་ལ་ལྟ་བཤེར་དང་། བོད་མིའི་རིགས་རྫས་ DNA དང་ Iris Scan འམ་མིག་འབྲས་རིགས་རྫས་བསྡུ་ལེན་སོགས་བྱེད་ཀྱི་ཡོད་སྐོར་གསུངས་འདུགལྷག་པར་སྲིད་སྐྱོང་མཆོག་གིས་རྒྱ་ནག་གཞུང་གིས་བོད་ཀྱི་ཆུ་བོ་ཁག་ལ་ཆུ་རགས་མང་དག་ཅིག་གསར་རྒྱག་དང་ཆུ་རྒྱུན་གྱི་ཁ་ཕྱོགས་བསྒྱུར་བ་དེས་བོད་ནང་དང་ཁྱིམ་མཚེས་རྒྱལ་ཁབ་ལ་ཤུགས་རྐྱེན་ཆེན་པོ་སྤྲོད་ཀྱི་ཡོད་སྐོར་དང་ཆབས་ཅིག་རྒྱ་ནག་ནི་ཁྱིམ་མཚེས་རྒྱལ་ཁབ་དང་མང་གཙོའི་རྒྱལ་ཁབ་ཚང་མར་ཉེན་ཁ་ཆགས་ཡོད་སྟབས། དེར་དོགས་ཟོན་དང་རྒྱ་ནག་ལ་མཉམ་རུབ་ཀྱིས་གདོང་ལེན་གནང་དགོས་པ་དང་ཕྱོགས་མཚུངས་རྒྱལ་སྤྱིའི་རྒྱལ་ཁབ་ཚོས་པེ་ཅིང་ནས་ཆ་རྐྱེན་གང་ཡང་མེད་པར་༸གོང་ས་མཆོག་དང་ཡང་ན་སྐུ་ཚབ་དབར་གྲོས་མོལ་བྱེད་དགོས་པའི་གནོན་ཤུགས་སྤྲོད་རོགས་ཞེས་འབོད་སྐུལ་ཞུས་འདུགསྐུ་མགྲོན་གཙོ་བོ་སྲིད་སྐྱོང་མཆོག་གིས་དབུ་འབྱེད་མཛད་སྒོ་རྗེས་སུ་རྒྱ་གར་གྱི་གསར་ཁང་ཉི་ཤུ་ཙམ་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་གནང་སྟེ་ཨ་རུ་ནཱ་ཅལ་གྱི་དོན་རྐྱེན་དང་རྒྱ་གར་གྱི་བདེ་འཇགས་སོགས་དང་འབྲེལ་ཏེ་གསུངས་པར་རྒྱ་ནག་གིས་འཕགས་བོད་ས་མཚམས་སུ་རྩོད་རྙོག་སློང་བའི་བྱ་སྤྱོད་དེ་ནི་ཡ་ཉེན་མི་བཟོད་པའི་ཚོར་བའི་རྗེས་འབྲས་དང་ཨེ་ཤ་ཡ་ནང་དབང་ཤུགས་རྒྱ་སྐྱེད་གཏོང་ཐབས་ཆེད་ཡིན་པར་གསུངས་འདུག རྒྱ་ནག་གི་བྱེད་སྟངས་དེ་ནི་རྒྱ་གར་གཞུང་བསུན་པོ་བཟོ་ཐབས་ཀྱི་ཐབས་ལམ་ཞིག་ཡིན་པས་བྱ་སྤྱོད་དེ་སུ་གཅིག་ལ་ཕན་ཐོགས་མེད་པ་དང་། ལྷག་དོན་རྒྱ་ནག་ནས་རྒྱ་གར་གཞུང་མང་གཉིས་ཀྱི་ངོས་ནས་ཡིད་ཆེས་གནང་བར་ལོ་མང་འགོར་ངེས་རེད་ཅེས་གསུངས་ཡོད། སྲིད་སྐྱོང་མཆོག་གིས་གལ་ཏེ་རྒྱ་ནག་གིས་མུ་མཐུད་ རྒྱ་གར་དེ་དེ་སྔ་ཕྱི་ལོ་ ༡༩༦༢ སྐབས་ཀྱི་རྒྱ་གར་དེ་རེད་བསམ་ཚེ་དེ་ནོར་བ་ཞིག་དང་། རྒྱ་གར་ནི་འདས་པའི་ལོ་མང་ནང་ཧ་ཅང་ཡར་རྒྱས་གོང་མཐོར་ཕྱིན་ཡོད་ཅེས་དང་། རྒྱ་གར་ནི་ཞི་བདེ་རྒྱལ་ཁབ་ཅིག་ཡིན་པར་མ་ཟད་འཕགས་བོད་གཉིས་ནི་རིག་གཞུང་གི་ཐོག་ནས་འབྲེལ་བ་དམ་ཟབ་ཡོད་སྟབས་ང་ཚོ་བོད་མི་རྣབམས་ཀྱིས་རྒྱ་གར་ལ་གུས་བརྩི་ཆེན་པོ་ཞུ་བཞིན་ཡོད་ཅེས་སོགས་ལན་འདེབས་གནང་འདུག གཞི་རྩའི་ཚོགས་འདུ་དེར་དམིགས་བསལ་སྐུ་མགྲོན་དུ་ Bharat Tibet Sangh ཚོགས་པའི་རྒྱལ་ཡོངས་ཚོགས་གཞོན་རྒྱ་གར་གྱི་སྤྱི་ཁྱབ་དམག་སྤྱི་ཟུར་པ་ Major General Nilendra Kumar Retd ལགས་དང་།  ཨ་རུ་ནཱ་ཅལ་དང་ཅན་རྡི་གྷར། གུཇ་རཱཊ། ཧར་ཡཱ་ནཱ།  ཧི་མཱ་ཅལ་མངའ་སྡེ། ཇམ་མུ་ཀ་ཤི་མིར། ལ་དྭགས། པན་ཇཱབ། རཇ་སི་ཐན། འབྲས་ལྗོངས།  ཨུཏྟར་ཁནྜའི་ Bharat Tibet Sangh  ཚོགས་པའི་ཚོགས་མི་དང་ཇམ་མུའི་མཐོ་སློབ་ཀྱི་ སློབ་ཕྲུག་སོགས་ནས་མཉམ་ཞུགས་གནང་ཡོད་པ་རེད།

རེས་གཟའ་ཉི་མ། ༢༠༢༢།༡༢།༡༨

ཉན་པ།: Listen ཕབ་ལེན། Download བློ་གསར་གཞོན་ནུ། སྤྱི་ཚོགས་དྲ་རྒྱ་དང་མང་གཙོ། Sunday 18/12/2022 Young Minds: Democracy in the Digital age  

ཐེ་ཝན་གྱི་མང་གཙོ་དང་རང་དབང་སྟོབས་ཤུགས་ཀྱིས་རྒྱ་ནག་ནང་བཟང་ཕྱོགས་ཀྱི་འགྱུར་བ་གཏོང་ཐུབ།

བོད་མིའི་བླ་ན་མེད་པའི་སྤྱི་ནོར་་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རེས་གཟའ་ལྷག་པ་ཉིན་མགོན་པོ་༸གང་ཉིད་མཆོག་སླར་ཐེ་ཝན་ནང་ཆིབས་བསྒྱུར་མཛད་རྒྱུའི་ཐུགས་རེ་ཡོད་པ་དང་ཐེ་ཝན་གྱི་མང་གཙོ་དང་རང་དབང་སྟོབས་ཤུགས་གིས་རྒྱ་ནག་ནང་བཟང་ཕྱོགས་ཀྱི་འགྱུར་བ་གཏོང་ཐུབ་ཀྱི་རེད་ཅེས་བཀའ་སྩལ་འདུག Taipei Times བརྒྱུད་ལམ་ཐོག་དེ་འབྲེལ་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་ལྡི་ལི་ནས་ཡིན་པའི་ཐེ་ཝན་ཚོང་ལས་སྡེ་ཚོགས་ཀྱི་ཚོགས་མི་ཁག་གཅིག་དང་དམིགས་བསལ་མཇལ་མོལ་གྱིས་བཀའ་སློབ་སྩལ་སྐབས་༸དཔལ་ནཱ་ལེནྡཱ་ནས་མཆེད་པའི་བོད་ཀྱི་ནང་ཆོས་འདི་ཆོས་ཁོ་ན་ཙམ་མིན་པར་རིགས་པའི་གཞུང་ལུགས་དང་དེང་དུས་ཚན་རིག་དང་མཐུན་པ་ཞིག་ཡིན་པ་རེད། འོན་ཀྱང་རྒྱ་ནག་གཞུང་གིས་བོད་ནང་བཙན་འཛུལ་བྱས་པ་ནས་བཟུང་སྟེ་བོད་མིའི་ཐུན་མོང་མ་ཡིན་པའི་རིག་གཞུང་རྣམས་ལ་དམ་བསྒྲགས་ཆེས་ཆེར་བྱེད་མུས་ལ་ལྟོས་མེད་བོད་ནང་གི་བོད་མི་ཚོས་སེམས་ཤུགས་མ་ཆག་པར་ད་དུང་མགོན་པོ་༸གང་ཉིད་མཆོག་དང་ནང་པའི་ཆོས་ལ་དད་གུས་སྔར་ལྷག་ཕྱིན་ཡོད་པའི་ཐུགས་ཚོར་བྱུང་ཡོད་པར་བཀའ་སྩལ་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཐེ་ཝན་ནང་སླར་ཆིབས་བསྒྱུར་མཛད་རྒྱུའི་ཐུགས་རེ་ཡོད་དམ་ཞེས་བཀའ་འདྲིར་མགོན་པོ་༸གང་ཉིད་མཆོག་གིས་ཏོག་དབྱིབས་གཉན་རིམས་ཀྱི་གནས་སྟངས་དེ་ཞི་འཇམ་བྱུང་རྗེས་སླར་ཐེ་ཝན་ནང་འཚམས་གཟིགས་སུ་ཕེབས་རྒྱུའི་ཐུགས་རེ་ཡོད་པ་དང་། ལྷག་དོན་༸གོང་ས་མཆོག་ད་བར་ཐེ་ཝན་ནང་ཐེངས་གསུམ་ཙམ་ཆིབས་བསྒྱུར་མཛད་མྱོང་ཡོད་སྟབས་ཡུལ་དེའི་མི་མང་ཚོ་དང་མཛའ་འབྲེལ་ཟབ་མོ་ཡོད་སྐོར་བཀའ་སྩལ་འདུག རེས་གཟའ་ལྷག་པ་ཉིན་གྱི་མཇལ་མོལ་སྐབས་གཙོ་བོ་ཆོས་ལུགས་དང་འབྲེལ་བའི་བརྗོད་གཞི་ཁག་གི་ཐོག་བཀའ་བསྡུར་མཛད་ཡོད་པ་དང་དེ་བཞིན་༸གོང་ས་མཆོག་གིས་ཐེ་ཝན་གྱི་མང་གཙོ་དང་ཁྲིམས་ལ་བསྔགས་བརྗོད་མཛད་པར་མ་ཟད་ད་ལྟའི་ཐེ་ཝན་དང་རྒྱ་ནག་དབར་གྱི་དཀའ་རྙོག་གི་གཞི་རྩ་དེ་རྒྱ་ནག་ལ་ཐུག་ཡོད་སྟབས་ཐེ་ཝན་གྱི་ངོས་ནས་རང་ཉིད་ཀྱི་མང་གཙོ་དང་རང་དབང་གི་སྟོབས་ཤུགས་བདེ་སྤྱོད་བྱས་ནས་རྒྱ་ནག་ལ་བཟང་ཕྱོགས་ཀྱི་ཤུགས་རྐྱེན་སྤྲོད་ཐབས་ལ་འབད་དགོས་པའི་གཞེན་སྐུལ་མཛད་འདུག་ལ། མ་འོངས་བོད་ཀྱི་གནད་དོན་སྐོར་དང་འབྲེལ་ཏེ་མགོན་པོ་༸གང་ཉིད་མཆོག་གིས་ནམ་ཡང་རང་བཙན་རྩོད་ཀྱི་མེད་པ་དེ་ལྟར་ཡང་རྒྱ་ནག་གི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ནས་བོད་མིར་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་བབ་སྤྲོད་དགོས་ཞེས་བཀའ་སྩལ་མཛད་འདུག

རེས་གཟའ་སྤེན་པ། ༢༠༢༢།༡༢།༡༧

ཉན་པ།: Listen ཕབ་ལེན། Download ཐེ་ཝན་གྱི་མང་གཙོ་དང་རང་དབང་སྟོབས་ཤུགས་ཀྱིས་རྒྱ་ནག་ཏུ་བཟང་ཕྱོགས་ཀྱི་འགྱུར་བ་གཏོང་ཐུབ། གནས་མཆོག་རྡོ་རྗེ་གདན་གྱི་བཀའ་ཆོས་གྲ་སྒྲིག་སྐོར། དགའ་ལྡན་ལྔ་མཆོད་སྐོར་ངོ་སྤྲོད དམིགས་བསལ་ལས་རིམ། མི་ཚོགས་འདུ་འཛོམས་ཆེའི་ཆང་ཁང་ནང་གཞས་གཏོང་མཁན་ངག་དབང་བཟང་མོ་ལགས་སུ་བཅར་འདྲི། Saturday 17/12/2022 Taiwan could change China through the power of democracy and freedom: Dalai Lama Bodh Gaya gears up for Dalai Lama’s visit Introduction to ‘Gaden Ngachoe’, Je Tsongkhapa Day Feature: Tibetan pub singer Ngawang Sangmo  

རེས་གཟའ་པ་སངས། ༢༠༢༢།༡༢།༡༦

ཉན་པ།: Listen ཕབ་ལེན། Download ཡོ་རོབ་གྲོས་ཚོགས་སུ་རྒྱ་ནག་ཏུ་ཕྱིའི་རྟོག་ཞིབ་མི་སྣ་ཆེད་གཏོང་དགོས་པའི་གྲོས་ཆོད་གཏན་འབེབས། རྒྱ་གཞུང་གིས་ཕྱི་ནང་གཉིས་སུ་མང་ཚོགས་ཀྱི་ཆོས་དད་རང་དབང་བརྩི་མེད་བཏང་བར་ཉན་ཞིབ་ཚོགས་པ། ཨ་རིས་རྒྱ་ནག་གི་ཚོང་ལས་སྡེ་ཚན་ ༣༦ ཐོ་གཞུང་ནག་པོའི་ཁོངས་སུ་གསར་བཅུག་བྱས་འདུག ThermoFisher བཟོ་ཚོང་ཁང་ལ་རྒྱ་ནག་གི་ཉེན་རྟོག་པར་རིགས་རྫས་བསྡུ་ལེན་གྱི་དངོས་ཟོག་ཉོ་ཚོང་དང་འབྲེལ་བའི་འདྲི་རྩད། བོད་དོན་གྲོས་ཆོད་ལ་བཀྲིན་ཆེ་ཞུ་དང་འབྲེལ་རྒྱ་ནག་གཞུང་ཚབ་པར་རྔམ་སྟོན་ཁྲོམ་སྐོར་གནང་བ། བོད་ཀྱི་བདེན་མཐའ་མ་གསལ་བར་དུ་རྒྱ་དཀར་ནག་དབར་མཐའ་མཚམས་ཀྱི་རྩོད་རྙོག་སེལ་ཐུབ་ཀྱི་མ་རེད། Friday 16/12/2022 New EP resolution expresses concern over crackdown on peaceful protests in China, calls for unhindered access USIRF holds hearing on religious rights violation in China U.S. blacklists more Chinese tech companies, escalating trade fight US China Commission questions Thermo Fischer’s involvement in human rights abuses Tibetan Canadians celebrate historic support for Tibet with peaceful protest Tibetan refugees hold protest against Chinese aggression in Tawang  

ཡོ་རོབ་གྲོས་ཚོགས་སུ་རྒྱ་ནག་ཏུ་ཕྱིའི་རྟོག་ཞིབ་མི་སྣ་ཆེད་གཏོང་དགོས་པའི་གྲོས་ཆོད་གཏན་འབེབས།

ཁ་སང་ཕྱི་ཚེས་ ༡༥ ཉིན་ཡོ་རོབ་གྲོས་ཚོགས་སུ་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་མཁན་རྒྱ་ནག་གི་འགོ་ཁྲིད་ཚོར་སྲིད་དོན་ཉེས་ཆད་ཇེ་ཤུགས་ཆེ་རུ་གཏང་དགོས་པ་དང་། ཕྱི་རྒྱལ་གྱི་གསར་འགོད་པ་དང་རྟོག་ཞིབ་མི་སྣ་བཀག་སྡོམ་མེད་པར་རྒྱ་ནག་ནང་ཆེད་གཏོང་དགོས་པའི་གྲོས་ཆོད་གཏན་འབེབས་གནང་འདུགཧྥ་རན་སིའི་གྲོང་ཁྱེར་ Strasbourg སི་ཊར་སི་བྷག་ཏུ་རྟེན་གཞི་བྱས་པའི་ཡུ་རོབ་གྲོས་ཚོགས་སུ་ཟླ་བ་འདིའི་ཕྱི་ཚེས་ ༡༢ ནས་ ༡༥ བར་ཉིན་གྲངས་བཞིའི་རིང་གི་ཚོགས་དུས་ཉིན་མཐའ་མར་རྒྱ་ནག་དང་། ལྷོ་ཨ་ཕི་རི་ཀའི་གླིང་ཕྲན་ནང་ཆགས་པའི་ Chad ཆ་ཌ་དང་། ནུབ་ཨེ་ཤི་ཡའི་ནང་གི་ Bahrain བྷ་རེན་བཅས་རྒྱལ་ཁབ་གསུམ་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་གནད་དོན་དང་འབྲེལ་གྲོས་ཆོད་ཁག་གཅིག་གཏན་འབེབས་གནང་འདུག རྒྱ་ནག་དང་འབྲེལ་མང་མོས་གཏན་འབེབས་བྱས་པའི་གྲོས་ཆོད་དེའི་ནང་རྒྱ་གཞུང་གི་མནར་གཅོད་འོག་མྱངས་དང་མྱོང་བཞིན་ཡོད་པའི་གཞི་རྩའི་རང་དབང་འཐབ་རྩོད་པ་རྣམས་དང་། ལྷག་པར་དུ་ཏོག་དབྱིབས་གཉན་རིམས་ཀླད་ཀོར་སྲིད་བྱུས་མཚམས་འཇོག་དགོས་པའི་ངོ་རྒོལ་བ་རྣམས་ལ་རྒྱབ་སྐྱོར་དང་། དེ་བཞིན་རྒྱ་ནག་ནང་གསང་ཞིབ་མྱུལ་ལྟ་དྲག་པོའི་འོག་སྨྲ་བརྗོད་དང་འདུ་འཛོམས་རང་དབང་། གསར་འགྱུར་བརྒྱུད་ལམ་སོགས་ཀྱི་རང་དབང་རྡོག་རོལ་ལ་བློ་འཚབ་ཀྱི་རྣམ་པ་གསལ་བཏོན་དང་འབྲེལ། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དགོས་པའི་འགན་ལེན་བྱ་དགོས་པའི་དགོས་འདུན་བཏོན་འདུགདེ་བཞིན་ཟླ་བ་སྔོན་པའི་ཕྱི་ཚེས་ ༢༤ ཉིན་ཏོག་དབྱིབས་གཉན་རིམས་ཀླད་ཀོར་ཞེས་པའི་སྲིད་བྱུས་འོག་ཤིན་ཅང་གི་རྒྱལ་ས་ Urumqi ནང་དུ་སྡོད་ཁང་མེ་སྐྱོན་ཕོག་པར་མི་ ༡༠ རྐྱེན་འདས་སུ་ཕྱིན་ཡོད་པའི་གནད་དོན་དང་འབྲེལ། རྒྱ་ནག་གིས་ཤིན་ཅང་ནང་གི་གྲངས་ཉུང་མི་རིགས་དེ་དག་ལ་འཆར་གཞི་ལྡན་པའི་ཐོག་ནས་དྲག་གནོན་བྱེད་བཞིན་ཡོད་པའི་སྐྱོན་བརྗོད་གནང་འདུག་པ་མ་ཟད། རྒྱ་ནག་ནང་ཉེ་ཆར་ཤོག་བུ་དཀར་པོའི་གསར་བརྗེ་ཞེས་གཞི་རྒྱ་ཆེ་བའི་ལས་འགུལ་སྤེལ་བའི་ཁྲོད། སྐབས་དེར་གནས་ཚུལ་མཁོ་སྒྲུབ་བྱེད་མཁན་ཕྱི་ཕྱོགས་ཀྱི་གསར་འགོད་པ་འཛིན་བཟུང་གི་གནད་དོན་གསལ་བཏོན་གྱིས། རྒྱ་ནག་ནས་རང་དབང་ཅན་གྱི་གསར་འགོད་པ་དང་། རྒྱལ་སྤྱིའི་གནད་དོན་རྟོག་ཞིབ་པ། དེ་བཞིན་ཞིབ་འཇུག་ཚོགས་པ་རྣམས་ལ་བཀག་སྡོམ་མེད་པར་ཡུལ་དེའི་ནང་འགྲུལ་བཞུད་བྱེད་དུ་བཅུག་དགོས་པའི་དགོས་འདུན་བཏོན་འདུགམ་ཟད་གྲོས་ཆོད་དེའི་ནང་རྒྱ་ནག་ནང་དུ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་རྣམས་ལ་སྲིད་དོན་ཉེས་ཆད་བཀལ་རྒྱུའི་ལས་གཞི་ཇེ་ཤུགས་ཆེ་རུ་གཏང་དགོས་པ་དང་། ཡོ་རོབ་མཐུན་ཚོགས་དང་འབྲེལ་ཡོད་རྒྱལ་ཁབ་རྣམས་ནས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་། མང་གཙོ་དོན་གཉེར་ཅན་རྣམས་ལ་རྒྱབ་སྐྱོར་གནང་དགོས་སྐོར་དང་ཆབས་ཅིག ཡོ་རོབ་གཙོས་པའི་འཛམ་གླིང་གི་རྒྱལ་ཁབ་ཕལ་མོ་ཆེའི་ནང་རྒྱ་ནག་ཉེན་རྟོག་ལས་ཁུངས་ཡོད་པ་དེར་བློ་འཚབ་ཀྱི་རྣམ་མངོན་གསལ་གནང་ཡོད་ཅིང་། འབྲེལ་ཡོད་རྒྱལ་ཁབ་ཚོས་དེར་ཞིབ་འཇུག་དང་། རྒྱལ་ཁབ་ཀྱི་ཁྲིམས་ལུགས་ལྟར་མཐུན་པར་ལག་བསྟར་གྱིས་གནད་དོན་དེ་ཉིད་ཛ་དྲག་ཏུ་ངོས་འཛིན་གནང་ཏེ། རྒྱ་ནག་གིས་ཉེན་རྟོག་ལས་ཁུངས་དེ་དག་མཚམས་འཇོག་དགོས་པ་སོགས་འཁོད་འདུག གཞི་རྩའི་ཡོ་རོབ་གྲོས་ཚོགས་ནས་འདི་ལོའི་ཕྱི་ཟླ་ ༦ ཚེས་ ༩ ཉིན་ཤིན་ཅན་ནང་གི་རྒྱ་ནག་ཉེན་རྟོག་ཡིག་ཆ་ཕྱིར་གྱར་བྱུང་བའི་ཐོག་ཁུལ་དེར་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་གནད་དོན་དང་འབྲེལ་གྲོས་ཆོད་བཞག་ཡོད་པ་མ་ཟད། འདི་ལོའི་ཕྱི་ཟླ་ ༡ པོར་རྒྱ་ནག་གིས་ཧོང་ཀོང་ནང་དུ་གཞི་རྩའི་རང་དབང་རྡོག་རོལ་ཐོག་གྲོས་ཆོད་བཞག་ཡོད་པ་རེད།

བོད་དོན་གྲོས་ཆོད་ལ་བཀྲིན་ཆེ་ཞུ་དང་འབྲེལ་རྒྱ་ནག་གཞུང་ཚབ་བར་དུ་རྔམ་སྟོན་ཁྲོམ་སྐོར་གནང་འདུག

ཁ་སྔོན་ཕྱི་ཚེས་ ༡༤ ཉིན་ཁེ་ན་ཌའི་གྲོས་ཚོགས་སུ་བོད་མིའི་དབུ་མའི་ལམ་གྱི་འཐབ་རྩོད་ལ་རྒྱབ་སྐྱོར་དང་འབྲེལ་བོད་རྒྱ་གྲོས་མོལ་བསྐྱར་གསོ་ཡོང་ཐབས་ཀྱི་གྲོས་ཆོད་སྤྱི་མོས་གཏན་འབེབས་གནང་བའི་རྗེས་ས་གནས་བོད་མི་རྣམས་ཀྱིས་གྲོས་ཆོད་འདོན་མཁན་ཁུལ་དེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་  Garnett Genuis ལགས་སུ་ཐུགས་རྗེ་ལེགས་འབུལ་ཞུས་པ་མ་ཟད། སྐུ་ཞབས་ Garnett ལགས་དང་ལྷན་རྒྱ་ནག་གཞུང་ཚབ་ཁང་བར་བསྐྱོད་ནས་ཞི་བའི་སྐད་འབོད་གནང་འདུགཁེ་ན་ཌའི་བོད་དོན་ལྷན་ཚོགས་ཀྱིས་སྤེལ་བའི་གནས་ཚུལ་ནང་གསལ་ལྟར་ན། ཟླ་བ་འདིའི་ཕྱི་ཚེས་ ༡༣ ཉིན་ཁེ་ན་ཌའི་རྙིང་ཞེན་ཆབ་སྲིད་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Garnett Genuis ལགས་ཀྱི་དེ་གའི་གྲོས་ཚོགས་སུ་ཁེ་ན་ཌའི་ངོས་ནས་བོད་མིའི་དབུ་མའི་ལམ་གྱི་འཐབ་རྩོད་ལ་རྒྱབ་སྐྱོར་ཁ་གསལ་དགོས་པ་དང་། སྲིད་བྱུས་དེའི་བརྒྱུད་བོད་མིར་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོང་ཐབས་སླད་བོད་རྒྱ་གཉིས་དབར་གྲོས་མོལ་བསྐྱར་གསོ་དགོས་པའི་གྲོས་ཆོད་གྲོས་འཆར་ཞིག་བཏོན་པ་ལྟར། ཚེས་ ༡༤ ཉིན་གྲོས་ཚོགས་འཐུས་མི་རྣམ་པས་གྲོས་ཆོད་དེའི་ཐོག་བགྲོ་གླེང་དང་འོས་ཤོག་འཕེན་སྐབས། ཁུལ་དེའི་རྒྱལ་ས་ Ottawa ཨོ་ཊ་ཝ་དང་ Toronto ཊོ་རོན་ཊོའི་གྲོང་ཁྱེར་ནས་ཕེབས་པའི་བོད་མི་ ༦༠ ལྷག་ཙམ་གྲོས་གཞི་དེར་བཀའ་དྲིན་ཆེ་ཞུ་དང་རྒྱབ་སྐྱོར་མཚོན་ཆེད་གྲོས་ཚོགས་སུ་བསྐྱོད་འདུགགྲོས་ཚོགས་ནང་ལོ་རྒྱུས་རང་བཞིན་ལྡན་པའི་བོད་རྒྱ་གྲོས་མོལ་བསྐྱར་གསོ་ཡོང་ཐབས་ཀྱི་གྲོས་ཆོད་དེ་སྤྱི་མོས་ཀྱི་ཐོག་ནས་གཏན་འབེབས་བྱུང་པའི་རྗེས་སུ་གྲོས་ཚོགས་འཐུས་མི་སྐུ་ཞབས་ Garnett Genuis ལགས་དང་ Arnold Viersen དེ་བཞིན་གྲོས་ཚོགས་ཀྱི་ལས་བྱེད་ཁག་ཅིག་བཅས་ཁུལ་དེའི་བོད་མི་གཙོས་པའི་ཡུ་གུར་བ་དང་། Falun Gong ཆོས་བརྒྱུད་འཛིན་མཁན་བཅས་མི་གྲངས་ ༡༠༠ ལྷག་མཉམ་འཛོམས་ཀྱིས་གྲོས་ཚོགས་ནས་ཁུལ་དེར་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཁང་གི་བར་དུ་ཞི་བའི་སྐད་འབོད་ཀྱི་ལས་འགུལ་སྤེལ་འདུག ཉིན་དེའི་མཐའ་འཇུག་ཏུ་གྲོས་ཚོགས་འཐུས་མི་སྐུ་ཞབས་ Garnett Genuis ལགས་དང་གྲོས་ཚོགས་འཐུས་མི་ཁག་ཅིག་ཁུལ་དེའི་བོད་མི་དང་ལྷན་དུ་འདུ་འཛོམས་གནང་ཡོད་པ་དང་སྐབས་དེར་སྐུ་ཞབས་ Garnett ལགས་ཀྱིས་དེ་རིང་གྲོས་ཚོགས་སུ་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་གྱི་གྲོས་ཆོད་འཇོག་པ་དང་ལྷན་དུ་ང་ཚོས་འཐབ་རྩོད་བྱེད་བཞིན་པའི་མི་རིགས་ནང་ཁུལ་གདུང་སེམས་མཉམ་བསྐྱེད་གནང་དགོས་གལ་ཡིན་ཅིང་། སྤྱིར་ང་ཚོ་ཚང་མར་རིག་གཞུང་གི་རྒྱབ་ལྗོངས་ཐ་དད་པ་ཡོད་ཀྱང་འགྲོ་བ་མིའི་ཆེ་མཐོང་ཡོད་པ་གཅིག་མཚུངས་ཡིན་པ་དང་། དེ་སྲུང་སྐྱོབ་བྱ་དགོས་རྒྱུ་གལ་ཆེན་པོ་ཡིན་པ་དང་འབྲེལ། བོད་གཙོས་པའི་ཤར་ཏུར་ཀིས་ཏན་དང་། རྒྱ་ནག དེ་བཞིན་གོ་ལ་ཁྱོན་ཡོངས་སུ་རང་དབང་དགོས་རྒྱུ་གལ་ཆེན་པོ་ཡིན་པ་སོགས་གསུངས་འདུགརྩ་བའི་བོད་མིའི་དབུ་མའི་ལམ་གྱི་འཐབ་རྩོད་ལ་རྒྱབ་སྐྱོར་དང་བོད་རྒྱ་གྲོས་མོལ་བསྐྱར་གསོ་ཡོང་ཐབས་ཀྱི་གྲོས་ཆོད་གྲོས་འཆར་དེ་གྲོས་ཆོགས་སུ་འདོན་སྐབས། གྲོས་ཚོགས་ནང་ཡོད་པའི་ཁེ་ན་ཌའི་གཞུང་གི་སྐུ་ཚབ་ཏེ་ཡུལ་དེའི་ཕྱི་སྲིད་བློན་ཆེན་གྱི་གྲོས་ཚོགས་ལས་དོན་དང་འབྲེལ་བའི་དྲུང་ཆེ་སྐུ་ཞབས་ Rob Oliphant ལགས་ཀྱིས་ཁེ་ན་ཌའི་གཞུང་ངོས་ནས་བོད་རྒྱ་གྲོས་མོལ་བསྐྱར་གསོ་ཡོང་བའི་ལས་དོན་ལ་རྒྱབ་སྐྱོར་ཞུ་བཞིན་ཡོད་པ་མ་ཟད། བོད་ནང་གི་ཆེས་ཞན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་སེམས་འཚབ་དང་འབྲེལ་གནས་སྟངས་ཡར་རྒྱང་ཡོང་ཐབས་སླད་ཆོད་སེམས་བརྟན་པོ་ཡིན་སྐོར་གསུངས་འདུག

བོད་ཀྱི་བདེན་མཐའ་མ་གསལ་བར་དུ་རྒྱ་དཀར་ནག་གཉིས་ཀྱི་མཐའ་མཚམས་རྩོད་རྙོག་སེལ་ཐུབ་ཀྱི་མ་རེད།

ཉེ་ཆར་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་གྱི་ཡང་རྩེ་ཞེས་པའི་འཕགས་བོད་གཉིས་ཀྱི་ས་མཚམས་སུ་རྒྱ་དཀར་ནག་གཉིས་ཀྱི་མཐའ་སྲུང་དམག་མི་དབར་གདོང་ཐུག་གི་གནས་ཚུལ་བྱུང་ཡོད་པ་ལྟར་བོད་མིའི་གཞུང་འབྲེལ་མིན་པའི་ཚོགས་པ་ལྔ་དང་དྷ་ས་ཧིན་བོད་མཛའ་འབྲེལ་ཚོགས་པ་བཅས་ཐུན་མོང་གིས་ངོ་རྒོལ་གྱི་ལས་འགུལ་སྤེལ་ཏེ། རྒྱ་ནག་གི་བྱ་སྤྱོད་ལ་སྐྱོན་བརྗོད་གནང་བ་དང་འབྲེལ་ནས་བོད་ཀྱི་བདེན་མཐའ་མ་གསལ་བར་དུ་རྒྱ་དཀར་ནག་གཉིས་ཀྱི་དབར་མཐའ་མཚམས་ཀྱི་རྩོད་རྙོག་མུ་མཐུད་གནས་ངེས་ཡིན་པའི་བརྡ་ལན་ནན་པོ་གནང་སོང་།ཁ་སང་ཕྱི་ཟླ་ ༡༢ ཚེས་ ༡༥ ཉིན་གྱི་སྔ་དྲོ་བཞུགས་སྒར་གྱི་བཞི་མདོར་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Ajit Nehra ལགས་དང་བོད་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔ་པོའི་ཚོགས་མི་བཅས་འདུ་འཛོམས་ཀྱིས་ཕྱག་ཏུ་བོད་དང་རྒྱ་གར་གྱི་རྒྱལ་དར་བསྣམས་ནས་རྒྱ་དམར་གྱི་མཐའ་སྲུང་དམག་མིས་རྒྱ་གར་གྱི་ས་མཚམས་ལས་བརྒལ་ནས་ཧམ་འཛུལ་བྱས་པར་ངོ་རྒོལ་སྐད་འབོད་གནང་ཡོད། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་ཀྱིས་ཇི་སྲིད་བོད་རང་བཙན་གྱི་བདེན་མཐའ་མ་གསལ་བ་དེ་སྲིད་དུ་རྒྱ་དཀར་ནག་གཉིས་ཀྱི་དབར་ས་མཚམས་དང་འབྲེལ་བའི་ངལ་བ་རྣམས་མུ་མཐུད་འཕྲད་ངེས་ཡིན་སྟབས། རྒྱ་གར་གཞུང་མང་གཉིས་ཀྱིས་བོད་རང་བཙན་གྱི་འཐབ་རྩོད་ལ་རྒྱབ་སྐྱོར་གནང་པའི་གཞེན་བསྐུལ་གནང་སོང་།དེ་བཞིན་བཞུགས་སྒར་དུ་རྟེན་གཞི་བྱས་པའི་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Ajit Nehra ལགས་ཀྱིས་རྒྱ་ནག་གཞུང་གིས་འཕགས་བོད་གཉིས་ཀྱིས་ས་མཚམས་ཁུལ་དུ་དམག་འཁྲུག་སློང་ཚེ་རྒྱ་གར་གྱིས་དེར་རྒོལ་ལན་གནང་རྒྱུའི་ནུས་སྟོབས་ལྡན་ཡོད་སྐོར་གསུངས་པ་དང་འབྲེལ། རྒྱ་གར་གྱི་ངོས་ནས་དུས་རྟག་ཏུ་བོད་མིའི་མངོན་འདོད་ཇི་ཡོད་ལ་རྒྱབ་སྐྱོར་ཡོད་པ་ལྟར་རང་ཉིད་ཀྱིས་དེ་དེ་བཞིན་རྒྱབ་སྐྱོར་ཡོད་ཅེས་གསུངས་པར་མ་ཟད། རྟ་དབང་ས་ཁུལ་གྱི་འཕགས་འབོད་ས་མཚམས་གནད་དོན་ལས་བོད་རང་བཙན་རྒྱ་གར་གྱི་བདེ་འཇགས་ཡིན་ཞེས་པ་དེ་དངོས་ར་གསལ་འཕྲོད་བྱུང་སོང་ཞེས་གསུངས་ཡོད།བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་ང་ཚོ་འདིར་མཉམ་ཞུགས་ཀྱིས་ངོ་རྒོལ་ལས་འགུལ་སྤེལ་བ་ནི་རྒྱ་གར་གྱི་དམག་མི་དང་རྒྱ་གར་གཞུང་མང་བཅས་ལ་རྒྱབ་སྐྱོར་གྱི་རྣམ་པ་མཚོན་ཕྱིར་ཡིན་སྐོར་གསུངས་པ་དང་འབྲེལ། ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་དམར་ཤོག་གཞུང་གིས་བོད་ལ་བཙན་འཛུལ་བྱས་པ་ནས་བཟུང་སྟེ་དུས་ད་ལྟ་བར་འཕགས་བོད་ཀྱི་ས་མཚམས་དང་འབྲེལ་ཏེ་རྒྱ་དཀར་ནག་གི་མཐའ་དམག་དབར་གདོང་ཐུག་བྱུང་ཡོད་པ་དང་། སླད་མར་བོད་ལ་རང་བཙན་ཐོབ་ན་མ་གཏོགས་ཕྱོགས་གཉིས་དབར་གྱི་དཀའ་རྙོག་དེ་སེལ་ཐུབ་ཀྱི་མ་རེད་ཅེས་གསུངས་པ་དང་ཆབས་ཅིག བོད་རང་བཙན་རྒྱ་གར་གྱི་བདེ་འཇགས་ཡིན། འཕགས་བོད་མཛའ་འབྲེལ་ནི་ནམ་ཡང་གནས་གྱུར་ཅིག་ཅེས་ཚོར་ཤུགས་ཆེན་པོས་འབོད་ཚིག་སྒྲོག་བཞིན་ངོ་རྒོལ་རྔམ་སྟོན་གནང་ཡོད། རྩ་བའི་ཟླ་བ་འདིའི་ཕྱི་ཚེས་ ༩ ཉིན་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་གྱི་ཡང་རྩེ་ཞེས་པའི་འཕགས་བོད་གཉིས་ཀྱི་ས་མཚམས་སུ་རྒྱ་དཀར་ནག་གཉིས་ཀྱི་མཐའ་སྲུང་དམག་མི་དབར་གདོང་ཐུག་བྱུང་ཡོད་པ་དང་། རྒྱ་གར་བདེ་སྲུང་ལྷན་ཁང་གིས་རྒྱ་ནག་བཅིངས་གྲོལ་དམག་མིས་ས་མཚམས་བརྒལ་བར་བརྟེན། རྒྱ་གར་གྱི་དམག་མིས་དེར་གདོང་ལེན་ནན་པོ་གནང་བ་སོགས་ཕན་ཚུན་དབར་གདོང་ཐུག་བྱུང་ཡོད་པ་མངོན་གསལ་གནང་ཡོད་པ་རེད། ཕྱི་ཉིན་དེར་རྒྱ་གར་གྱི་གྲོས་ཚོགས་འོག་མར་བདེ་སྲུང་བློན་ཆེན་སྐུ་ཞབས་ Rajnath Singh མཆོག་གིས་རྒྱ་དཀར་ནག་གཉིས་ཀྱི་མཐའ་སྲུང་དམག་མི་དབར་གདོང་ཐུག་གི་གནད་དོན་དེ་དང་འབྲེལ་ཏེ་རྒྱ་གར་གྱི་དམག་མི་གཅིག་ཀྱང་རྐྱེན་འདས་སུ་ཕྱིན་མེད་པ་དང་རྨས་སྐྱོན་ཚབས་ཆེན་ཕོག་མེད་པར་མངོན་གསལ་གནང་འདུག་པ་དང་ཆབས་ཅིག་རྒྱ་གར་གྱི་དམག་མིས་རྒྱ་དམག་ལ་ཕར་གདོང་ལེན་ནན་པོ་གནང་ཡོད་པ་སོགས་གསལ་བཤད་གནང་ཡོད་པ་རེད། འབྲེལ་ཡོད་པར་ཁག་སྤྱི་ཚོགས་དྲ་རྒྱ་ལས་བཏུས།

Latest news