Tibetan Royal Year of 2151 | Year of the Wood Dragon

ཨ་རིའི་ཕྱི་སྲིད་དྲུང་ཆེར་རྒྱ་ནག་ཏུ་བོད་ཀྱི་གནད་དོན་གླེང་དགོས་པའི་ཞུ་སྐུལ།

Tibetan News Headlines

  • US religious freedom watchdog warns of sinicization and assimilation of Tibetan religious and cultural identities
  • US sanctions 31 China-based companies over Russia
  • Xi Jinping to meet French President Macron and EU Chief in Paris next week
  • CTA begins house allocation programmes for Tibetans not facilitated in the refugee settlements
  • Dharamshala hosts conference on promotion and preservation of Tibetan language

རེས་གཟའ་ཕུར་བུ། ༢༠༢༤།༠༥།༠༢

  • རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་ལ་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་མངོན་གསལ་གནང་འདུག
  • ཨ་རིའི་གཞུང་གིས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ ༣༡ ལ་སྲིད་དོན་ཉེས་ཆད་བཀལ་བ།
  • ཞི་ཅིང་ཕིང་གིས་ཕ་རན་སིའི་སྲིད་འཛིན་དང་ཡོ་རོབ་མཐུན་ཚོགས་ཀྱི་གཙོ་འཛིན་ཐུག་འཕྲད་བྱ་འཆར།
  • བོད་མི་སྡོད་ཁང་མེད་པ་རྣམས་ལ་རུབ་སྡོད་གཞིས་སྒར་ནང་སྡོད་ཁང་བགོས་འགྲེམས་ཀྱི་ལས་གཞི་དངོས་སུ་དབུ་འཛུགས།
  • བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་དར་འཕེལ་སྐོར་བགྲོ་གླེང་དབུ་འཛུགས།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ད་ལྟ་༸སྐུ་འཚོ་ཞིང་གཞེས་པའི་སྐབས་འདིར་བོད་ཀྱི་གནད་དོན་ལ་ཐུགས་འགན་བཞེས་རྒྱུའི་ནུས་པ་ཆེན་པོ་ལྡན་ཡོད་སྟབས་ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་གིས་རྒྱ་ནག་དང་ལྷན་དུ་དོན་དམ་གྲོས་མོལ་བརྒྱུད་བོད་རྒྱའི་དཀའ་རྙོག་སེལ་ཐབས་གནང་དགོས་པའི་ཞུ་སྐུལ་གནང་འདུགཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ Antony Blinken མཆོག་ཟླ་ ༢ ཚེས་ ༥ དང་ ༦ བཅས་ཉིན་གྲངས་གཉིས་རིང་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་གཞུང་འབྲེལ་ཕྱོགས་སྐྱོད་གནང་གི་ཡོད་པ་དེ་ནི་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཞིག་རྒྱ་ནག་ཏུ་ཕེབས་པ་ཕྱི་ལོ་ ༢༠༡༨ ལོའི་རྗེས་སུ་ཐེངས་དང་པོ་ཆགས་ཀྱི་ཡོད་པ་དང་། ཁོང་གིས་ཐེངས་འདིའི་འཚམས་གཟིགས་སྐབས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་ཐུག་འཕྲད་གནང་གི་ཡོད་པ་རེད།

ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་དྲ་གནས་ཐོག་སྤྱི་བསྒྲགས་སྤེལ་བར་ཨ་རིའི་སྲིད་འཛིན་ Joe Biden མཆོག་གིས་དེ་སྔ་རང་ཉིད་སྲིད་འཛིན་གྱི་འོས་མི་ཡིན་སྐབས་སུ་བོད་ཀྱི་གནད་དོན་ལ་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་དམ་བཅའ་གནང་ཡོད་པ་མ་ཟད། ཨ་རིའི་བོད་དོན་ཁྲིམས་འཆར་གྱི་དགོངས་དོན་ཨ་རིའི་ཕྱི་སྲིད་ལས་ཁུངས་ལའང་ཁྲིམས་ཐོག་ནས་འོས་འགན་དེ་བཀུར་ཡོད་པ་ལྟར་ད་རེས་ཕྱི་སྲིད་དྲུང་ཆེ་མཆོག་གིས་རྒྱ་ནག་ཏུ་འཚམས་གཟིགས་གནང་སྐབས་ཡུལ་དེའི་འགོ་ཁྲིད་ཚོར་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་དགོས་པའི་གནོན་ཤུགས་སྤྲོད་དགོས་པར་གསུངས་འདུག

ལས་འགུལ་ཁང་དེས་ད་དུང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགུང་ལོའི་བབ་དང་། ལྷག་པར་བོད་རྒྱ་ཕྱོགས་གཉིས་དབར་འབྲེལ་མོལ་དེ་ཕྱི་ལོ་ ༢༠༡༠ ལོ་ནས་མཚམས་ཆད་ཡོད་པ་བཅས་ཀྱི་གནད་དོན་གཞི་རྩར་བཟུང་སྟེ།ད་ལྟ་༸སྐུ་འཚོ་ཞིང་གཞེས་པའི་སྐབས་འདིར་བོད་ཀྱི་གནད་དོན་ལ་ཐུགས་འགན་བཞེས་རྒྱུའི་ནུས་པ་ཆེན་པོ་ཡོད་སྟབས་ཨ་རིའི་ངོས་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ལ་དོན་དམ་གྱི་འགན་བཞེས་དགོས་པར་གསུངས་འདུག

ཅི་སྟེ་རྒྱ་ནག་གཞུང་གི་ངོས་ནས་བོད་རྒྱ་འབྲེལ་མོལ་གྱི་གནད་དོན་ཐད་ལ་བཟང་ཕྱོགས་ཀྱི་ཡ་ལན་ཞིག་མ་བྱས་ཚེ། ཨ་རི་གཞུང་གིས་བོད་མིའི་རང་ཐག་རང་གཅོད་ཀྱི་ཐོབ་ཐང་དང་རང་ཉིད་ཀྱི་མ་འོངས་པའི་རང་ཉིད་ཀྱིས་ཐག་གཅོད་ཆོག་པའི་ཐོབ་ཐང་དེ་སྲུང་དགོས་པ། དེ་དོན་ཨ་རིའི་ངོས་ནས་བོད་དོན་ཁྲིམས་འཆར་གྱི་དགོངས་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་མགོན་པོ་༸གང་ཉིད་མཆོག་དང་བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་འཛིན་པ་མ་གཏོགས་གཞན་སུ་ལའང་ཐེ་གཏོགས་བྱ་རྒྱུའི་དབང་ཚད་མེད་པའི་བཞེངས་ཕྱོགས་དེ་སྲ་བརྟན་བཟུང་སྟེ་མཇུག་སྐྱོང་དགོས་པའི་སྐུལ་མ་གནང་འདུགརྩ་བའི་ཨ་རི་དང་རྒྱ་ནག་གཉིས་དབར་གྱི་འབྲེལ་ལམ་དེ་འདས་པའི་ལོ་ཤས་ནས་ཆེས་ཇེ་སྡུག་ཏུ་སོང་བ་དང་སྔ་ལོ་ཕྱི་ཟླ་ ༡༡ ནང་ Indonesia ལ་ཚོགས་པའི་ G20 ཞེས་པའི་སྟོབས་ཆེན་རྒྱལ་ཁབ་ ༢༠ ལྷན་ཚོགས་སྐབས་སྲིད་འཛིན་ Joe Biden མཆོག་དང་ཞི་ཅིན་ཕིང་གཉིས་ཟུར་དུ་ཐུག་འཕྲད་ཀྱིས་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཡར་རྒྱས་དང་འབྲེལ་བའི་གྲོས་བསྡུར་བྱུང་ཡོད་པ་ལྟར། ཕྱི་སྲིད་དྲུང་ཆེ་མཆོག་རྒྱ་ནག་ཏུ་ཆེད་ཕེབས་གནང་རྒྱུ་ནི་དེའི་རྗེས་འབྲེལ་ཞིག་ཡིན་པ་མ་ཟད། ཨ་རིའི་ནོར་སྲིད་བློན་ཆེན་མཆོག་ཀྱང་རྒྱ་ནག་ཏུ་མགྱོགས་མྱུར་གཞུང་འབྲེལ་འཚམས་གཟིགས་ལ་ཕེབས་ཀྱི་ཡོད་པ་རེད་འདུག

ཨ་རིའི་ཆེས་མཐོའི་དཔོན་རིགས་རྣམ་པ་གཉིས་རྒྱ་ནག་ལ་ལོ་མང་རྗེས་ཆེད་ཕེབས་གནང་རྒྱུའི་དུས་སྐབས་དང་བསྟུན། ཉེ་ལམ་ཟླ་ ༢ ཚེས་ ༡ ཉིན་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Marco Rubio ལགས་ཀྱིས་དབུས་པའི་ཕྱག་སྦྲེལ་འཐུས་མི་བཅུ་བཞིས་ཕྱི་སྲིད་དྲུང་ཆེ་མཆོག་གི་མཚན་ཐོག་ཞུ་སྙན་ཞིག་ཕུལ་ནས་རྒྱ་ནག་ནི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་གྱི་རྒྱལ་ཁབ་ཆེས་སྡུག་ཤོས་དེ་ཡིན་པར་མངོན་གསལ་དང་སྦྲགས། ཁོང་གིས་རྒྱ་ནག་གི་འགོ་ཁྲིད་ཚོ་དང་ལྷན་ཡུལ་དེའི་ནང་གི་ཆེས་ཞན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ལ་འདྲི་རྩད་ནན་པོ་གནང་དགོས་པ་མ་ཟད། རྒྱ་ནག་གིས་ཐེ་ཝན་དང་རྒྱ་གར་ཐོག་དྲག་ཤུགས་སྤྱོད་བཞིན་པ་དེ་ནམ་ཡང་ངོས་ལེན་གནང་ཐབས་མེད་ཅེས་ཡོངས་གྲགས་ཀྱིས་མངོན་གསལ་གནང་དགོས་ཞེས་འབོད་སྐུལ་ཞུས་ཡོད།རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཀྱང་ཕྱི་སྲིད་དྲུང་ཆེ་མཆོག་ལ་རྒྱ་ནག་གི་འགོ་ཁྲིད་ཚོ་དང་ལྷན་བོད་ཀྱི་གནད་དོན་གླེང་སློང་གིས་བོད་རྒྱ་ཕྱོགས་གཉིས་དབར་གྱི་འབྲེལ་མོལ་བསྐྱར་གསོ་ཡོང་ཐབས་ལ་འབད་བརྩོན་གནང་དགོས་པའི་སྐུལ་མ་གནང་བ་མ་ཚད་པར་གྲོས་གཞིའི་ཁོངས་སུ་༸པཎ་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་སྒོ་ཤེས་རབ་རྒྱ་མཚོ་ལགས་གཙོ་བོར་གྱུར་པའི་བོད་མི་ཆབ་སྲིད་བཙོན་པ་རྣམས་ཀྱི་གནད་དོན་སྐོར་གསུངས་པ་དང་ཆབས་ཅིག རྒྱ་ནག་གི་མི་སེར་རྣམས་ཨ་རིར་བསྐྱོད་རྒྱུར་དམ་བསྒྲགས་རིགས་དྲག་གང་ཡང་མེད་ཀྱང་ཨ་རིའི་མི་སེར་རྣམས་བོད་ལ་བསྐྱོད་རྒྱུར་དམ་བསྒྲགས་བྱེད་བཞིན་པ་མ་ཚད་པར་ཨ་རིའི་མི་སེར་ཡིན་པའི་བོད་མི་རྣམས་ལ་རང་ཉིད་ཀྱི་ཕ་མ་སྤུན་མཆེད་རྣམས་དང་ཐུག་འཕྲད་སླད་བོད་ལ་ཕེབས་རྒྱུའི་མཐོང་མཆན་མ་རག་པའི་གནས་སྟངས་གསལ་འདོན་དང་འབྲེལ། བོད་ཁེར་རྐྱང་ལྟ་བུར་བཞག་པའི་གནད་དོན་དང་འབྲེལ་ནས་རྒྱ་ནག་གི་སྲིད་བྱུས་དེ་མཚམས་འཇོག་ཐད་ཤུགས་གནོན་རྒྱག་དགོས་པ་གསུངས་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།