Tibetan Royal Year of 2151 | Year of the Wood Dragon

རྒྱ་གར་ལྷོ་ཕྱོགས་སུ་བོད་མི་ཚོས་གསུམ་བཅུ་དུས་དྲན་ཐེངས་ ༦༤ སྲུང་བརྩི།

Tibetan News Headlines

  • Press watchdog RSF: China’s communist regime leads world in repression of journalistic rights
  • Sikyong Penpa Tsering meets President of South Tyrol, before leaving for Berlin
  • Xi Jinping faces strong protests from Tibetans and rights advocates in Paris
  • Nancy Pelosi honored with Presidential Medal of Freedom, US highest civilian award
  • Tibetan MMA fighter Rinchen Griffithsgolha makes history with first professional victory
  • History Feature: Panchen Rinpoche’s Footprints Across Tibet

རེས་གཟའ་ཟླ་བ། ༢༠༢༤།༠༥།༠༦

  • རྒྱ་ནག་ནི་གསར་འགོད་རང་དབང་གི་གནས་སྟངས་ཆེས་ཞན་ཤོས་ཡིན་པ་ཐེར་འདོན།
  • སྲིད་སྐྱོང་མཆོག་ལྷོ་ཊེ་རོལ་རང་སྐྱོང་མངའ་སྡེའི་སྲིད་འཛིན་དང་མཇལ་མོལ་གནང་རྗེས་འཇར་མ་ནིའི་རྒྱལ་ས་ Berlin དུ་ཕེབས་འབྱོར།
  • ཞི་ཅིན་ཕིང་ལ་ཧྥ་རན་སིར་བསླེབས་སྐབས་བོད་མིས་ངོ་རྒོལ།
  • ལྕམ་ Pelosi མཆོག་ཨ་རིའི་ལོ་རྒྱུས་ནང་གྲོས་ཚོགས་ཀྱི་ཚོགས་གཙོ་ཆེས་རླབས་ཆེན་ཞིག་ཡིན་པའི་ཆེ་བསྟོད།
  • བོད་མི་ཞིག་གིས་ཁུ་ཚུར་དྲག་རྩལ་གྱི་ཆེད་ལས་རྩེད་འགྲན་ནང་ཆེས་ཐོག་མ་མཉམ་ཞུགས་ཀྱིས་རྒྱལ་ཁ་ཐོབ་འདུག
  • བོད་ཀྱི་རྒྱལ་རབས་དང་ལོ་རྒྱུས། ༸པཎ་ཆེན་ཨེར་ཏེ་ནི་ཞིབ་འཇུག་ལས་ལེའུ་དྲུག་པ་བོད་ཁམས་ཞབས་ཀྱིས་བཅགས་པ།

དེ་རིང་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུ་དུས་དྲན་ཐེངས་ ༦༤ དང་བསྟུན་རྒྱ་གར་ལྷོ་ཕྱོགས་བོད་མི་རྣམས་ཀྱིས་སེམས་ཚོར་དྲག་པོས་ཉིན་མོ་དེ་སྲུང་བརྩི་ཞུས་སོང་། 

སྦེལ་ཀོབ་དང་ཀོ་ལེ་གྷལ། ཧོན་སུར་ས་གནས་བུད་མེད་ལྷན་ཚོགས་དང་དབུ་མའི་ལམ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་འགོ་ཁྲིད་པའི་ཐོག་ས་གནས་ཀྱི་རྒྱུན་ལས་རྣམས་ཀྱིས་ཟླ་ ༣ ཚེས་ ༩ དབུ་འཛུགས་གནང་སྟེ་མེ་སོར་རྫོང་དཔོན་ལས་ཁུངས་ཀྱི་མདུན་ཐང་དུ་ཟས་བཅད་ངོ་རྒོལ་དང་མར་མེ་སྨོན་ལམ་གནང་སོང་། 

དེ་རིང་མེ་སོར་ནང་གཞིས་ཆགས་གསུམ་གྱི་ས་གནས་རྒྱུན་ལས་དང་གཞིས་མི་མང་པོ་ཞིག་ལྷན་འཛོམས་གནང་སྟེ་མེ་སོར་རྒྱལ་ཁང་ནས་རྫོང་དཔོན་ལས་ཁུངས་བར་བོད་ཀྱི་རྒྱལ་དར་འཕྱར་བ་དང་རང་ཉིད་ཀྱི་ངོ་གདོང་ལ་འབོད་ཚིག་འདྲ་མིན་བྲིས་པར་མ་ཟད། སྐད་ཤུགས་ཆེན་པོའི་ཐོག་ནས་བོད་ཀྱི་བདག་པོ་བོད་མི་ཡིན། བོད་མིར་རང་དབང་དགོས། རྒྱ་མི་བོད་ནས་ཕྱིར་འཐོན་བྱེད་དགོས། བོད་ནང་གི་བོད་མི་རྣམས་ལ་འགྲོ་མིའི་ཐོབ་ཐང་སྤྲོད་དགོས་ཞེས་སོགས་དགོས་འདུན་བཏོན་ཡོད། 

རྫོང་དཔོན་ལས་ཁུངས་མདུན་ཐང་དུ་འབྱོར་མ་ཐག་ཧུན་སུར་གྱི་ MLA Manjunath ལགས་མགྲོན་འབོད་གནང་བ་ལྟར་ཁོང་གིས་ལས་འགུལ་བ་རྣམས་ལ་གཏམ་བཤད་གནང་ཡོད། སྐབས་དེར་ལས་འགུལ་པ་རྣམས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱ་གར་གཞུང་མང་གཉིས་ལ་ཞུ་སྙན་ཞིག་ཕུལ་ཡོད་པ་མ་ཚད་པར་སྐུ་ལུས་ཞུགས་འབུལ་གནང་མཁན་རྣམས་ཀྱི་ཆེད་དུ་མར་མེ་སྨོན་ལམ་རྒྱས་པ་ཞིག་ཀྱང་ཚོགས་ཡོད། 

 དེ་བཞིན་སྔ་དྲོའི་ཕྱག་ཚོད་ ༩།༣༠ ནས་སྦེང་ལོར་ས་གནས་གཞོན་ནུའི་གོ་སྒྲིག་འོག་བོད་ཁྱིམ་སྡོད་ཁང་ནས་ freedom park བར་བོད་དོན་དང་འབྲེལ་བའི་འབོད་ཚིག་སྒྲོག་བཞིན་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ་སོང་།

ལས་འགུལ་བ་སློབ་མ་རྣམ་པས་དེ་རིང་གི་ཉིན་མོ་འདི་ནི་བརྗེད་དཀའ་བའི་ཉིན་མོ་ཞིག་ཡིན་དང་ང་ཚོ་ཚང་མས་ཉིན་མོ་འདི་གལ་ཆེ་དོན་ཆེར་རྩིས་ཏེ་ལས་འགུལ་ནང་མཉམ་ཞུགས་གནང་དགོས་པ་དང་ང་ཚོ་བོད་མི་ཡིན་ནོ་ཅོག་ལ་འོས་འགན་ཡོད་པར་གསུངས་ཡོད། སློབ་མ་གཞན་ཞིག་གིས་ང་ཚོ་བོད་མི་རྣམས་ཕན་ཚུནདབར་་འཆམ་མཐུན་དང་བོད་དོན་འཐབ་རྩོད་ལ་སྨན་པའི་ཆིག་སྒྲིལ་གནང་རོགས་ཞེས་ཚོར་ཤུགས་ཆེན་པོ་རེ་སྐུལ་ཞུས་སོང་། 

གཞན་ཡང་མོན་གྷོ་བོད་མིའི་གཞིས་སྒར་དུ་གཞུང་འབྲེལ་གྱི་གསུམ་བཅུ་དུས་དྲན་མཛད་སྒོ་ཚོགས་པ་མར་མེ་སྨོན་ལམ་གསུང་འདོན་རྒྱས་པ་ཞིག་གནང་འདུག

རྒྱ་གར་ལྷོ་ཕྱོགས་ཀྱི་བོད་མིའི་གཞིས་སྒར་དང་བོད་མི་སྡོད་གནས་ཚང་མར་བོད་མི་ཚོས་གཞི་རྒྱ་ཆེ་ཆུང་ལ་ལྟོས་མེད་བོད་མིའི་རང་དབང་སྒེར་ལངས་ཐེངས་ ༦༤ པ་དེ་ཉིད་སེམས་ཚོར་དྲགས་པོས་སྲུང་བརྩི་ཞུས་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།