Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག་ཏུ་ནང་ཆོས་བསྐྱར་གསོའི་གོ་སྐབས་ཡོང་བར་ཐུགས་རེ་ཡོད་ཅེས་བཀའ་སྩལ་བ།

Tibetan News Headlines

  • Dalai Lama meets participants of conference on the impact of contemplative practices
  • PM Modi says he talks frequently with Dalai Lama, Exile Tibetans calls on next leadership to meet him
  • UN slammed as it asks Taiwanese journalists to show Chinese passports to attend WHO assembly
  • 14 trading points along Nepal-China border reopen
  • DYSA Mundgod and Dhasa United enter 29th GCM Gold Cup final

རེས་གཟའ་ཟླ་བ། ༢༠༢༤།༠༥།༢༧

  • ཨེ་མོ་རི་དང་བོད་ཀྱི་ཚན་རིག་ལས་རིམ་གྱི་ཞིབ་འཇུག་ཚོགས་འདུའི་ཟབ་སྦྱོང་བ་རྣམས་ལ་བཀའ་སློབ་སྩལ་བ།
  • རྒྱ་གར་གྱི་གཞུང་འཛིན་གསར་པ་སུ་ཕེབས་ནའང་༸གོང་ས་མཆོག་དང་མཇལ་འཕྲད་ཞུ་དགོས་པ་གསུངས་སོང་།
  • རྒྱལ་ཚོགས་ཀྱིས་ཐེ་ཝན་དེ་རྒྱ་ནག་གི་ཆ་ཤས་ཡིན་པར་ངོས་འཛིན་གྱིས་ཐེ་ཝན་གྱི་གསར་འགོད་པ་གཉིས་བཀག་སྡོམ་བྱས་འདུག
  • བལ་བོད་དབར་གྱི་ཚོང་འབྲེལ་ས་མཚམས་ཁག་ ༡༤ ལོ་བཞི་རྗེས་སུ་བསྐྱར་དུ་རིམ་པས་སྒོ་ཕྱེ་བཞིན་པ།
  • དྷ་ས་ཆིག་སྒྲིལ་རུ་ཁག་དང་མོན་གྷོ་འདོད་རྒུ་གླིང་རུ་ཁག་གཉིས་༸རྒྱལ་ཡུམ་ཆེན་མོའི་རྐང་རྩེད་སྤོ་ལོའི་མཐའ་མའི་འགྲན་བསྡུར་ནང་ཚུད་སོང་།

ཁ་སང་ཕྱི་ཟླ་ ༣ ཚེས་ ༢༢ ཉིན་གྱི་སྔ་དྲོ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་གནས་མཆོག་རྡོ་རྗེ་གདན་གྱི་བྱང་ཆུབ་ཆེན་པོའི་མཆོད་རྟེན་རིན་པོ་ཆེའི་ཉེ་འཁྲིས་སུ་ཆགས་པའི་ Watpa Temple ཞེས་ཐེ་ལན་ཌི་ནང་པའི་དགོན་པའི་མཁན་པོ་  Phra Bhodhinandhamunee ལགས་དང་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་འབུམ་རམས་པ་ Dhammapiya ལགས་རྣམ་གཉིས་ཀྱིས་གཙོས་དགེ་འདུན་པའི་སྡེ་ཁག་ལ་མཇལ་ཁ་དང་བཀའ་སློབ་སྩལ་འདུག

སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་ལུགས་ཚང་མར་དད་གུས་ཆེན་པོ་མཛད་ཀྱི་ཡོད་པར་མ་ཟད་ཆོས་དད་མེད་མཁན་གང་ཞིག་འགྲོ་བ་མིའི་གཞི་རྩའི་བཟང་སྤྱོད་ཀྱི་རིན་ཐང་སྲུང་མཁན་དེ་དག་ཧ་ཅང་ཡག་པོ་རེད་ཅེས་ཡི་རང་མཛད་ཀྱི་ཡོད་པར་བཀའ་སྩལ་བ་དང་སྦྲགས། ཆོས་ལུགས་མི་གཅིག་པ་དུ་མ་ཡོད་པ་ལས་ནང་པ་སངས་རྒྱས་པའི་ཆོས་ལུགས་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་བཀའ་ཙམ་ལ་དད་པ་དང་གཏན་ཚིགས་གང་ཡང་མེད་པར་རྗེས་སུ་འབྲང་བ་ཞིག་མིན་པར་སངས་རྒྱས་ཀྱིས་སེམས་ཀྱི་ཞི་བདེ་བསྐྲུན་ཐབས་དང་ཁོང་ཁྲོ། ཕྲག་དོག་བཅས་པར་གཉེན་པོ་ཇི་ལྟར་བསྟེན་ཐབས་ཀྱི་གསུང་ལ་རིགས་པས་བརྡར་ཤ་བཅས་ཏེ་ནང་སེམས་ལ་དོན་དམ་གྱི་སྙིང་རྗེ་དང་ཞི་བདེ་འཕེལ་གྱི་ཡོད་པར་བཀའ་སྩལ་འདུག

དེ་བཞིན་༸གོང་ས་མཆོག་གིས་ད་ལྟའི་ཆར་མགོན་པོ་མཆོག་དགུང་གྲངས་ ༨༧ ལ་ཕེབས་ཀྱི་ཡོད་ཀྱང་། ༸སྐུ་གཟུགས་ཧ་ཅང་གསལ་ཐང་ཡིན་པས་ད་དུང་དགུང་ལོ་བཅོ་ལྔ་ཉི་ཤུ་བར་༸སྐུ་འཚོ་ཞིང་གཞེས་ངེས་ཀྱི་བཀའ་བཞེས་བཟང་པོ་སྨིན་སྩལ་མཛད་པ་དང་ཆབས་ཅིག མགོན་༸གང་ཉིད་མཆོག་གི་དགོངས་པར་རྒྱ་ནག་རྒྱལ་ཁབ་དེ་ཉིད་འཛམ་གླིང་ནང་གི་མི་འབོར་མང་ཤོས་གྲས་དང་ནང་པའི་རྒྱལ་ཁབ་ཅིག་ཆགས་ཡོད་སྟབས་སླར་མར་རྒྱ་ནག་ཏུ་ནང་ཆོས་བསྐྱར་གསོའི་གོ་སྐབས་ཤིག་ཡོང་བར་ཐུགས་རེ་ཆེན་པོ་མཛད་ཀྱི་ཡོད་ཅེས་བཀའ་སྩལ་འདུག

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མགོན་པོ་༸གང་ཉིད་མཆོག་ནི་ནང་པའི་དགེ་སློང་ཞིག་ཡིན་སྟབས་སྐུ་ན་ཆུང་དུས་ནས་ནང་ཆོས་ཀྱི་རིག་པའི་རྣམ་གཞག་ལ་སློབ་གཉེར་མཛད་པ་དེས་སེམས་ལ་དོན་དམ་གྱི་སྙིང་རྗེ་དང་བྱམས་བརྩེ་བཅས་གོང་འཕེལ་ལ་ཐུགས་ཕན་ཆེན་པོ་གསོ་ཡི་ཡོད་སྐོར་བཀའ་སྩལ་འདུག

འབྲེལ་ཡོད་གསར་གནས།

གསར་གནས།

Monday 27/05/2024